རྒྱ་མཚོར་ཕུལ་བའི་གླུ འགྱུར་མ།

ཕོར་ཁེན་གྱིས་བརྩམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-06-22

    མཚོ་ཆེན་ལ་ཕུལ་བའི་སྙན་ཚིག(1)

བདེ་བར་གྱིས་ཤིག    རླབས་ཕྲེང་མཁའ་རུ་འཕྱུར་བའི་རྒྱ་མཚོ་ལགས
ཁྱོད་ཀྱི་གཡུ་མདོག་གི་རླབས་རྒྱུན    ངའི་མདུན་ས་ནས
ཆེས་མཐའ་མར་ཆིལ་ཆིལ་དུ་འཕྱོ་དུས་སུ
ཁྱོད་ཀྱི་ང་རྒྱལ་གྱི་མཛེས་པ་མིག་ལ་འཚེར་ཞིང་འཚེར

གྲོགས་པོའི་སྐྱོ་ལ་སྡུག་པའི་སྐད་ངག་ཇི་བཞིན
ཁོ་རང་བྲལ་བའི་དུས་ཀྱི་འབོད་སྒྲ་ཇི་བཞིན
ཁྱོད་ཀྱི་ཡིད་མུག་པའི་སྐད་ཅོར་དང    ཁྱོད་ཀྱི་བྲེལ་མྱུར་གྱི་འབོད་པ
ཆེས་མཐའ་མར་ང་ཡི་རྣ་རྩར་འཁོར་ཡོང

ངའི་སེམས་ཀྱི་བླ་གནས་སུ་གྱུར་བའི་ཞིང་ཁམས་ཨང
ཐེངས་གང་མང་ཞིག་ལ་ཁྱོད་ཀྱི་འགྲམ་ངོགས་སུ་ཉུལ་ཏེ
གཅིག་པུར་ཁ་ཁུ་སིམ་པའི་ངང་བསམ་བློ་བཏང་ཞིང   ཅི་བྱ་གཏོལ་མེད་དུ
ཕུགས་འདུན་མངོན་དུ་མ་གྱུར་བར་སེམས་ངལ་གྱིས་ཁེངས་ནས་ཡོད་ཨང

ང་ཁྱོད་ཀྱི་སྙན་དབྱངས་རེ་མོས་སུ་འཁོར་བར་དགའ་ཞིང་དགའ་སྟེ
ཆེས་དམའ་བའི་འགྱུར་ཁུག་དེ་དང    གདངས་དབྱངས་ཟབ་མོ་དེ
ད་དུང་ཁྱོད་ཀྱི་ས་སྲོད་དུས་ཀྱི་དབེན་འཇགས་དང
ཁྱོད་ཀྱི་སྐད་ཅིག་སྐད་ཅིག་རིང་འགྱུར་བའི་བརྩེ་སེམས་དྲོན་མོ་དེ་དག

མཉེན་པའི་བདེ་འཇམ་གྱི་རླུང་གཡོར
ཁྱོད་ཀྱི་ཐུགས་རྗེས་སྐྱབས་འོག་ནས
སྙིང་སྟོབས་ཆེར་བསྐྱེད་སྒོས་རྦ་རླབས་ཀྱི་རི་རྩེ་བརྒལ་ནའང
ཁྱོད་རང་ཁྲོ་བ་ཆེན་པོས     རང་དབང་ན་མེད་དུས་སུ
གྲུ་བོ་ཅི་འདྲའི་མོད་པོ་ཞིག་བསྣུབས་པར་བཟོས

ཨ    ངས་ཁྱོད་ཀྱི་ལྷིང་ཞིང་འཇགས་ལ
གཡོ་འགུལ་དང་བྲལ་བའི་མཚོ་འགྲམ་དེ་ཇིི་ལྟར་བློས་གཏོང་ཐུབ
ངས་སྤྲོ་སེམས་ཁོལ་མས་ཁྱོད་ལ་ཁ་གཡང་འབོད་འདོད་དེ
ངས་སྙན་ཚིག་གི་བརྩེ་བ་ཟབ་མོ་རླབས་བཞིན་འཕྱུར་གྱིན་པ་དེས
ཁྱོད་ཀྱི་རླབས་གཉེར་གྱི་ཁུགས་པ་བགྲོད་ཐུབ་པའི་སྨོན་འདུན་ཞུ་ཨང

ཁྱོད་ཀྱིས་རེ་ལྟོས་དང    འབོད་སྐུལ་བྱས་པ་དེ་ཙམ་དུ
ང་རང་འཆིང་ཞིང་གཅུན་འགྲོ་སྟེ
ངའི་རྣམ་ཤེས་ཀྱི་འཕག་འཚག་དེ་ཡང་སྟོང་བར་ཟད་འགྲོ་ལ
དྲོད་སེམས་ཁོལ་མ་དེའི་བསླུ་བྲིད་ཁོ་ནས
ང་རང་ཁྱོད་ཀྱི་འགྲམ་ངོགས་ནས་འདུག་དགོས་བྱུང་སོང་་་་་་་་་་་

ཕྱི་འགྱོད་བྱ་དགོས་དོན་མེད་དེ
དུས་ད་ལྟ་དེ་ག་ནི་ང་རང་གིས་རེ་བ་ཕུར་ཚུགས་སུ་བཏབ་ཅིང
གནས་བཟོད་བདེ་བའི་བགྲོད་ལམ་དེ་མ་ཡིན་ནམ
ཁྱོད་ཀྱི་ཡངས་ཤིང་རྒྱ་ཆེ་བ་དེའི་ཁྲོད་དུ་སྡོད་གནས་ཤིག་ཡོད་པ་དེས
ངའི་གཉིད་ཀྱིས་བཏུབ་པའི་སེམས་པ་སླར་སོས་འབྱུང་ཐུབ

ངོས་གཟར་བོ་ཞིག   གཟི་བརྗིད་དང་ལྡན་པའི་དུར་ས་ཞིག(2)
གནས་དེ་གར    རིན་ཐང་གཞལ་དཀའི་དྲན་གདུང་མང་པོ
གྲང་ཅང་ཅང་གི་རྨི་ལྗོངས་མཐའ་མེད་པ་དེའི་གཞུང་ལ་འཐིམ་ཡོད་ཅིང
ནཱ་ཕའོ་ལོན་ཉིད་དེ་གར་གཏན་དུ་གཟིམས་ནས་ཡོད

ཁོ་རང་དེ་གའི་སྐྱོ་སྡུག་ཁྲོད་བདེ་བར་གཟིམས་ནས་ཡོད
ཁོའི་ཤུལ་རྗེས་སུ་དམ་དུ་སྙེགས་ནས་ཡོད་པ་ནི
ཁྱུ་མཆོག་གཞན་ཞིག་སྟེ
གློག་དམར་འཚུབ་པ་བཞིན ང་ཚོ་དང་ཁད་ཀྱིས་ཆོད་བཞིན་པའི
ང་ཚོའི་བསམ་བློའི་བདག་པོ་ཆེན་མོ་གཞན་ཞིག(3)

ཁོ་རང་གཏན་དུ་གཤེགས་སོང རང་དབང་ལ་ངུ་སྐད་ཀྱི་སྒྲ་གདངས་ཆད་སོང
ཁོས་འཇིག་རྟེན་ལ་རང་གི་ཅོ་པན་དེ་བསྐྱུར་ནས་ཡོད
ལང་ལོང་དུ་འཕྱུར་ཤིག ཆར་རླུང་དྲག་ཏུ་བསྡེབས་ཤིག
རྒྱ་མཚོ་ལགས ཁོ་གསོན་དུས་སུ་ཁྱོད་ལ་བསྟོད་གླུ་ཕུལ་མྱོང་ཡོད་ཨང

ཁྱོད་ཀྱི་རྣམ་པ་དེ་ཁོའི་ལུས་སྟེང་དུ་མངོན་ཡོད་དེ
ཁོའི་ལུས་སྟེང་དུ་ཁྱོད་ཀྱི་བློ་སྟོབས་ཀྱིས་ཁེབས་ནས་ཡོད
ཁྱོད་དང་འདྲ་བར གཟི་བརྗིད་དང ཡིད་མུག ཟབ་མོར་གནས
ཁྱོད་དང་འདྲ་བར སྲ་ཞིང་བརྟན་ལ་ཞིམ་པ་མེད

མཚོ་ཆེན་ཡ འཇིག་རྟེན་སྟོང་ཞིང་སྟོང་བས
ད་ལྟ་ཁྱེད་ཀྱིས་ང་རང་ཕྱོགས་གང་ཞིག་ལ་འདྲེན་ནམ
མི་ཡུལ་གྱི་ས་ཕྱོགས་ཀུན་དུ་ལས་དབང་གཅིག་པ་ཡིན་པས
གནས་གང་ན་བདེ་སྐྱིད་ཡོད་ན དེ་ག་མི་གཞན་གྱིས་བདག་བཟུང་བྱས་ནས་ཡོད་དེ
སློབ་གསོ་མ་ཡིན་པར སྡུག་རྩུབ་ཀྱི་མངའ་བདག་དེ་ཡིན་ངེས(4)

བདེ་བར་གྱིས་ཤིག མཚོ་ཆེན་ལགས ཁྱོད་ཀྱི་རྔམ་བརྗིད་ཀྱི་མཛེས་པ
ང་ཡི་སྙིང་ཁོངས་རུས་པའི་གཏིང་དུ་བརྐོ་ངེས་ལ
ཁྱོད་ཀྱི་ངག་འཇམ་པོའི་གསུངས་སྐད་དེར
ངས་ཡུན་ནས་ཡུན་དུ་རྣ་བ་གླེགས་ངེས

ཁྱོད་ཀྱི་རྣམ་པ་དེས་ངའི་ཡིད་སེམས་བརླམས་ནས་ཡོད་པས
དབེན་པའི་ནགས་ཚལ་དང་རྫ་རིའི་ཕྱོགས་སུ
ངས་ཁྱོད་ཀྱི་བྲག་རྡོ་དང མཚོ་ཁུགས
ཁྱོད་ཀྱི་རླབས་སྒྲ་དང་ཟགས་མའི་མཛེས་པ་དག་བསྣབ་ནས་འགྲོ་ངེས་སོ། །

(1) སྙན་ཚིག་འདི་སྙན་ངག་པ་ཨའོ་ཏི་ས་ནས་མུའུ་ཧ་དབྱི་ལའོ་ཧྥུ་སི་ཁི་ལ་བསྐྱོད་པ་དེ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་སྟེ། ཨའོ་ཏི་ས་ནས་འབྲི་འགོ་བཟུང་སྟེ་མུའུ་ཧ་དབྱི་ལའོ་ཧྥུ་སི་ཁི་ནས་བྲིས་ཚར་བ་ཞིག་ཡིན།(ན་ཕའོ་ལོན་དང་པའེ་ལོན་སྐོར་གྱི་དུམ་མཚམས་དེ)ཕོར་ཁེན་ཨའོ་ཏི་ས་རུ་གཞིས་ཆགས་པའི་དུས་སུ། དེ་ཡང་གནས་དབྱུང་བཏང་སྟེ་ཡུལ་གྱར་དུ་འགྲོ་རྒྱུར་རེ་བས་བལྟས་ནས་ཡོད་ཅིང་། མཚོ་ཐོག་ནས་ཕྱི་རྒྱལ་ལ་བྲོས་བྱོལ་བྱ་འདོད་ཡོད།

(2) ལྷ་མཚོ་ལོང་ནྰ་གླིང་ཕྲན་སྟོན་གྱིན་ཡོད།

(3 )པན་ལོན་སྟོན་གྱིན་ཡོད་དེ། ཁོ་རང་དམག་གྲུར་བསྡད་ནས་ཀེ་རི་སེར་བསྐྱོད་ཅིང་། དཔའ་ངར་ལྡན་པའི་ཀེ་རི་སེའི་མི་དམངས་དང་ལྷན་དུ་དཔུང་པ་མཉམ་གཤིབ་སྒོས་གཡུལ་འཐབ་མྱོང་ཡོད་མོད། ཅང་མ་འགོར་བར་༡༨༢༤ལོའི་ཟླ་༤བར་སྙུང་གཞི་ཕོག་སྟེ་གཟིམས་ཁྲི་མཐའ་ཅན་དུ་གྱུར།

(4) འདི་ཉིད་ལོའུ་སོའུ་ཡི་ཚིག་ཅིག་སྟེ། ཕུགས་བསམ་རིང་ལུགས་པ་དག་གིས་བདག་ཏུ་བཟུང་ཡོད་པ་ནི། འདི་ཉིད་ནི། “སློབ་གསོ”---ཨོའུ་གླིང་སྒེར་ལ་དབང་བའི་རིག་གནས་ཏེ། --- སྡིག་པ་མ་ལུས་ཀྱི་འབྱུང་ཁུངས་དང་“རང་བྱུང”གི་པང་དུ་ལོག་པའི་ཐར་ལམ། ཞེས་པའོ།།  (རེ་རྐང་གླིང་གིས་བསྒྱུར)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱ་མཚོར་ཕུལ་བའི་གླུ འགྱུར་མ།

2015-06-22 ཕོར་ཁེན་གྱིས་བརྩམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།