ཕོ་ཨ་ལོང་། ཕོ་ཨ་ལོང་། སྙན་ངག་རིང་མོ།

        ཕོ་ཨ་ལོང་། ཕོ་ཨ་ལོང་།

                                    ༡
མེ་མདའ་འཁུར་བའི་ཐོ་ཡོར་དེ མི་ལོ་འགའ་ཞིག་ལ་གཉིད་དུ་ཤོར་བས
ཞིང་སའི་རྒྱུད་དུ་ལྷ་ཡི་ཕོ་བྲང་དབྲལ་བའི་ལྡུམ་བུ་ཞིག་སྐྱེས་བྱུང
ཁྭ་ཏས་ཚོགས་ཉི་ཟེར་སྒྲིབ་པའི་བསིལ་གདུགས་ཀྱི་རྩུབ་མ་རེ་རེར་གྱུར་དུས
ལྕགས་གཟེར་གྱི་ཕ་བོང་ཆེན་པོ་དེས་ཀྱང
རྡོ་སེང་གེ་ཡི་རལ་བ་རྩད་ནས་གཅོད་མ་ཐུབ

བྱུ་རུ་དམར་པོའི་གསང་བ ལྷ་མོ་སུ་ཞིག་གི་ཁྲུས་གཞོང་ལས
ས་སྟེང་དུ་བཞུར་ཏེ མཚེའུ་ཞིག་ཏུ་གྱུར་བའི་གཏམ་རྒྱུད
བགྲེས་ཁོག་ཏུ་གྱུར་ཟིན་པའི་རྡོ་བ་དག་གིས་བཤད་ནའང
གྲགས་འགུལ་མེད་པའི་གངས་རི་དག་གི་གདོང་ལ
བརྩེ་བ་དང་སྡུག་བསྔལ་གྱི་ས་རྡུལ་གོས་མེད་པས
གནམ་སའི་བར་སྟོང་གི་སེར་ཁ་ཆེན་པོ་དེ་ལ
འོད་ཟེར་གྱི་སྐུད་པ་ཁོ་ནས་འཚེམ་གྲུབ་རྒྱག་རྒྱུ་ལས
ད་དུང མུན་ནག་གི་ལྷན་པ་ཆེན་པོ་ཞིག་ཀྱང་རྒྱག་དགོས་འདུག

གཏམ་རྒྱུད་ཀྱི་འབྲུ་མ་རྡོ་རིལ་གྱི་མཆེ་བར་ནས་ཞིབ་མོར་བཏགས་ན
རི་བོང་ནི་ཤོག་བུས་ཀྱང་བཟོས་ཆོག་མོད
གས་ཆག་ཤོར་བའི་ཟླ་བ་ཞིག་གི་བྲང་གཞུང་འཚེམ་རྒྱུ་དེ
ཁེར་རྐྱང་གི་ཡུལ་ལུང་ཞིག་ལ བསྡུས་བརྗོད་ཀྱི་ལྕགས་རི་སྐོར་བའི
ལས་ཀ་དེ་ཙམ་ཞིག་གིས་ག་ལ་ཡོང

                                   ༢
བགྲོད་ལམ་གྱི་སྟེང་དུ ཚེ་སྲོག་གསར་བའི་ལྗང་ལོ་ག་ས་ག་རུ་འབུས་ནའང
རྐང་མཛུབ་ལས་བཏོན་པའི་རུས་པའི་ལོ་མ་དེས
ལང་ཚོའི་སྒོ་མོ་དམ་དུ་རྒྱག་པར དུས་ཚོད་ཀྱི་སྒྱེ་མོ་ཞིག་བསྟན་ནས་ཡོད

དཔྱིད་ཀ་ཤར་བ་ནི སྐྱ་རེངས་ཤར་བ་དང་འདྲ་སྟེ
ཉི་ཟླ་ཆག་པོ་གཉིས་ཀྱི་ཁྲོག་སྒྲ་གཟན་པོ་དེས
རྨི་ལམ་གཉིད་ལས་བསླངས་པ་མ་གཏོགས
སོས་དལ་བཞིན གཉིད་ལ་ཤོར་བའི་དཔྱིད་ཀ་ཞིག་ཁྱོད་ཀྱིས་རྙེད་མི་སྲིད

རྐང་རྗེན་མར་མེ་ཏོག་གི་ཟིལ་བའི་ཁྲོད་དུ
འདུར་རྒྱུག་བྱེད་པའི་ཚོར་བ་དེ དཔྱིད་ཀ་རེད་ལ
པུས་ས་ལ་བཙུགས་ཏེ
སྐར་མར་གསོལ་བ་འདེབས་ཚུལ་དེ་ཡང དཔྱིད་ཀ་རེད

དཔྱིད་ཀ་ཤར་བ་ནི མདོར་དྲིལ་ན་རང་གི་ཚེ་སྲོག་ཤར་བ་དང་ཡང་འདྲ་ཡི

                                  ༣
ཀླད་པ་འདི་དབོར་འཁོར་ཞིག་དང་འདྲ་བར
མི་རྣམས་ཀྱི་ཤེས་རྨོངས་དང ཉེས་སྲེག འདོད་མོས་ཐ་དག་གི་ཚི་གུ་དེ
དབོར་འདྲེན་བྱེད་པར་བྲེལ་ནས་ཡོད་དུས
སྙན་ངག་ཟེར་བའི་ཐ་སྙད་སྐྱུག་རྫོབ་ཅིག་གིས
རྩ་རྒྱུས་དག་ལ་ཟུངས་ཁྲག་གི་གློག་ཞགས་འཁྱུགས་སུ་བཅུག་ནས
བླུག་སྒམ་དེ་སྐྱོ་བ་སངས་སའི་མྱ་ངམ་ཐང་ཞིག་ཏུ་བསྟན་ནས་འདུག

རྐང་རྗེན་མར་ས་ངོས་སུ་གོམ་པ་སྤོ་རྒྱུ་དེ
ལུས་སྟེང་ལ་གཤོག་པ་ཞིག་བཙན་གྱིས་འཛུགས་པ་དེ་དང་འདྲ་བར
ས་རྡུལ་དང་བྱེ་ཟེགས་ཀྱིས་ཁྱོད་ཀྱི་རྣམ་ཤེས་འགམ་སྲིད་མོད
ཁྲག་ཐིགས་གཅིག་ས་ངོས་སུ་ལྷུང་བའི་བརྡབ་གསིག་ཁོ་ནས
སེམས་པ་ལ་གཤོག་ཟུང་ཞིག་འཛུག་ཐུབ་པ་དེས་ཀྱང
ཁྱོད་ཀྱི་མིག་ལས་སྣ་ཚོགས་པའི་སྤྲིན་པ་ལང་ལོང་ལྡིང་སྟེ་འོང

                                   ༤
ནགས་ཚལ་གྱི་ཀོ་བས རྨི་ལམ་གྱི་ཤོག་ངོས་བཏུམ་ནས་ཡོད་ནའང
རྒྱུག་འདུར་ལ་བྲེལ་བའི་ཕུགས་བསམ་གྱི་ཡིག་འབྲུའི་ཚོགས
ན་རོ་རེ་རེར་ཞོན་ཏེ་དགུང་ལ་ཆས་དུས་སུ
མུན་ནག་གིས་ཀྱང་ཞྭ་མོ་ཕུད་དེ་གུས་འདུད་ཞུ་གིན་འདུག

རྦབ་ཆུ་ཞིག་ཡིན་ན་ངའི་ཡིད་འགྱུའི་སོ་མང་ཁོ་ནས་ཤད་དང་ཆོག་མོད
དེ་ལ་སྒྱུ་རྩལ་གྱི་ལན་བུ་ནི་མི་འདུག
ཅོང་རྙིང་ཞིག་ཡིན་ན་ངའི་རྟོག་བརྙན་གྱི་ཐོ་བ་ཁོ་ནས་རྡུང་དང་ཆོག་མོད
དེ་ལ་སྣང་ཚོར་གྱི་འདོགས་ཐག་ནི་མི་འདུག

ནམ་མཁའ་བཞུར་དེ་ས་གཞིར་འདྲེས་དུས་སུ
སྐར་མའི་ཚོགས་ཀྱང་མེ་ཏོག་གི་ཚུལ་དུ་ས་ནས་སྐྱེས་སྲིད་མོད
སུ་ཞིག་ཟླ་བའི་དོང་ནང་དུ་ལྷུང་ནས་ཚེ་སྲོག་ཤོར་ན
ཚངས་མགུར་གྱི་ཕྲེང་བ་ལའང་ཁྲག་གི་སག་རིལ་ཞིག་ཆགས་ངེས

                                  ༥
གཙང་བོ་རང་དམིགས་མེད་པར་བཞུར་བ་ཞིག་ནི་མ་ཡིན་པར
དེས་ཀྱང་རི་བོ་དང་མཚོ་མོ་གཉིས་ཀྱི་དབར་ལ
གཅོད་དཀའ་བའི་ཐག་པ་ཞིག་འཐེན་ནས་ཡོད་འདུག

ཐག་པ་དེས་འཇིག་རྟེན་གྱི་གནས་ལུགས་ཡོད་ཅོག་ཅིག་ལ
རྟེན་འབྲེལ་གྱི་ཁུང་བུ་ཞིག་བཏོད་ནས་ཡོད་པས
འོད་ཟེར་གྱི་རྒྱབ་ཏུ་སྐུང་བའི་སྡུག་བསྔལ་གྱི་མར་ཁུ་དེ་ཡང
གཞུང་ལུགས་ཀྱི་གཡང་གཟར་ནས རྦབ་ཆུ་བཞིན
ཐུར་ནས་ཐུར་དུ་བཞུར་ཅིང
མཐའ་མར་ཁུང་བུ་དེ་ལས་གར་སོང་ཆ་མེད་དུ་འགྲོ་ཡི་འདུག

སྒོམ་ཁང་གི་མདུན་སར་བབས་པའི་ཐ་སྙད་ཀྱི་རྫ་བུམ་དེ
མཆོད་རྟེན་ཆག་པོ་རེ་ཡི་གཟུངས་གཞུག་གི་གཏེར་བུམ་དུ་གྱུར་དུས
བཙའ་ཡིས་ཟིན་པའི་ཉི་ཟླ་སྐར་གསུམ་གྱི་ངོས་ལ
ཉི་ཟེར་གྱི་དུད་དྲེག་ཅིག་ཆགས་ནས་ཡོད

གླེགས་བམ་གྱི་ཁུངས་གསེང་ལས་བཏོན་པའི་གསེར་ཡིག་གི་སྐུད་པ
གཅོད་དཀའ་བའི་ཐག་པ་དེའི་གཞུང་རྟར་གྱུར་ནས་ཡོད་ཅིང
རྣལ་འབྱོར་བ་དག་གི་སེམས་ཁ་ལའང་ཚེར་མའི་སྡོང་བོ་རེ་སྐྱེས་ནས་ཡོད

                                   ༦
སེར་སྣ་ཆེ་བའི་དབང་གིས
རུས་སྦལ་གྱི་རྒྱབ་ལ་ཁུར་བའི་རྡོ་རིང་ངོས་ཀྱི་གི་གུ་ཕྱིར་ལོག་ནས་ཡོད་ཅིང
ནུར་བགྲོད་ཀྱི་རྐང་ལག་བཞི་བོའང ས་ལ་ཐུག་མེད་པར
བར་སྣང་དུ་བརྐྱངས་ནས་ཡོད

རྨི་ལམ་ལ་གཤོག་པ་ཐོགས་པའི་ཉིན་དེ་ནས་བཟུང
ངས་ཤིང་གི་རྟ་བོ་ཞིག་ལ་ལྕག་གིས་བྲབས་ནས
གནམ་གྱི་ཉི་མ་གན་སར་ལྷུང་དུ་འཇུག་རྩིས་བྱས་མོད

སྤྲིན་པའི་གས་ཆག་ལས་ཐོར་བའི་གྲིབ་ནག་གི་ཤེལ་སྒོ་དག་གིས
ཉི་མ་ལ་འགྱིག་ཤུབས་ཤིག་བཟོས་ནས་ཡོད་པས
རང་ཉིད་ལྗིད་ཏིག་ཏིག་གི་རྡོ་འཇོང་ནར་མོ་ཞིག་ཏུ་འགྱུར་རག་ཅིག་ལ
ཉི་མ་གན་གནམ་ནས་ལྷུང་རྒྱུ་མེད་ཅིང
རུས་སྦལ་དེ་ཡང་ས་ནས་འགྲོ་རྒྱུ་མེད་པ་ཤེས་སོང

ལོ་རྒྱུས་ཀྱི་སྲུབས་ཀ་དག་ལས ཚེ་སྲོག་གི་རྩྭ་ཕྲན་མང་པོ་རུལ་བར་འགྱུར་དུས་སུ
ང་ཚོའི་འཚོ་བའི་སྡོམ་རྒྱ་དེ་ལས ཕྱི་ངོས་ཀྱི་འཇིག་རྟེན་གཞན་ཞིག་ཀྱང་མཐོང་ནས་འོང

                                   ༧
སེམས་སེམས་ན ཉི་མ་འདི་ཡང་ཆེ་རྒྱུ་མེད་དེ
བཞི་མདོར་བཀར་བའི་གློག་སྒྲོན་ཞིག་གི་ཚུལ་གྱིས
ཕར་ཚུར་འགྲོ་འོང་གི་གྲིབ་རིས་དག་གསལ་བ་ཙམ་གྱི
སེམས་ལ་ལག་པ་བརྐྱངས་ཏེ རང་གི་གསོན་སྙིང་སྦར་བའི་ལས་ཀ
འདིས་ཀྱང་བྱ་ཐབས་མི་འདུག

དེ་བས མཚན་མོ་ནི་ཁྱོད་ཀྱི་མིག་ཟུང་ཡིན་ཆོག་ལ
ང་ཡི་དར་ཆའང་ཡིན་ངེས་དེ

སྤྲང་པོ་སུ་ཞིག་གི་སེམས་པ་ལྟོགས་དུས་སུ
གནམ་གྱི་སྐར་མ་རེ་རེ་བཞིན་ཟ་བའི་ངང་ཚུལ་དེ་བཞིན
སྲང་མདོར་བཀར་བའི་གློག་སྒྲོན་དག་གི་མིག་ཟུང་ཟུམ་དུས
ད་གཟོད་དངོས་ཡོད་ཀྱི་ཁུག་མ་དག་ཀྱང་སྟོང་བར་འགྱུར་ངེས།
                                                                   2011.01.14དགོང་མོར།

       * “ཕོ་ཨ་ལོང་། ཕོ་ཨ་ལོང་།”ཞེས་པར་ཡི་གེ་རང་ངོས་ཀྱི་མཛེས་ཚོར་ཞིག་དང་དབྱངས་ཀྱི་འདེགས་ཤུགས་ཙམ་ལས་ནང་དོན་གཞན་མེད། གཞན་དུ་སྙན་ངག་འདིའི་ཁ་བྱང་ལ《མིང་མེད》ཅེས་ཀྱང་བྱ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕོ་ཨ་ལོང་། ཕོ་ཨ་ལོང་། སྙན་ངག་རིང་མོ།

2015-07-27 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།