མདའ་བཙན་པོའི་སྙན་ངག་ཅིག་གི་ཕྲན་དཔྱད།

             རི་མོ་ཞིག་ལ་ཅེར་ནས་ཁེར་ལབ་རྒྱག་པ།

                                                                                  མདའ་བཙན་པོ།

དམར་བོ་ལས་ཆེས་མི་མཛེས་པ་ནི་ཕག་ལ་མཆུ་རྩི་བྱུགས་པའོ
ནག་པོ་ལས་ཆེས་མདངས་ཆེ་བ་ནི་སྡུག་བསྔལ་ལག་མཐིལ་དུ་ལེན་པའོ
སྔོན་པོ་ལས་ཆེས་ཁོད་ཡངས་པ་ནི་རྫི་གླུའོ
ལྗང་གུ་ལས་ཆེས་མཉེན་པ་ནི་བྱིས་དུས་སོ
སེར་བོ་ལས་ཆེས་བློ་ལ་འཁོར་བ་ནི་གྱེས་བྲལ་ལས་ལྷུང་བའི་སྡོང་ལོ་དེའོ
དཀར་བོ་ལས་ཆེས་མིང་མི་ཐོགས་པ་ནི་སང་ཉིན་གྱི་ཞོགས་པའོ།།
                                                                          ༢༠༡༥ལོའི་ཟླ༣པའི་ཚེས༡༢ཉིན།

     ཕྲན་དཔྱད། (རེ་རྐང་གླིང་། ) སྙན་ངག་གི་བསྟན་བྱ་དེ་མི་སྒེར་གྱི་རྣམ་ཐར་ལྟ་བུ་ཞིག་མ་ཡིན་པར། འཚོ་བའི་ཆོས་སམ་དངོས་པོའི་གཤིས་ལ་ཉེ་བར་བཅར་དུས་ད་གཟོད་རང་གི་འཆར་ཅན་གྱི་ཚོར་བའམ་སེམས་ཁམས་གནས་སྟངས་མཚོན་པ་ལ་དགོས་ངེས་སུ་སྣང་བ་ཞིག་ཡིན།
    དེ་ལ་སྙན་ངག་གི་མིང་དང་ཚིག་གི་གྲུབ་རྐྱེན་དེ་སྒྲུང་ནང་བཞིན་དངོས་ཡོད་འཚོ་བ་མཚོན་པ་ཞིག་ཀྱང་མ་ཡིན་པར་འཚོ་བ་དེའི་ཡུལ་དུས་ཀྱི་ཀློང་ཐང་ནས་བཏོན་པའི་སྟེས་དབང་གི་ངོ་མཚར་དེ་དག་སྟེ། རང་བྱུང་གི་འགྱུ་བ་དང་དུས་ཀྱི་བགྲོད་པ། འཆི་བའི་དངངས་སྐྲག་སོགས་ནི་བྱེད་པ་པོ་ཞིག་གིས་བྱ་བ་བྱས་པ་ལས་ཐོན་པ་ཞིག་མ་ཡིན་པར་འཇིག་རྟེན་དེ་ཉིད་དུ་གྲུབ་པས་ན། ལྐོག་སྦས་ཀྱི་རྣམ་རྟོག་དེ་དག་གིས་མི་རྣམས་ལ་སྙན་ངག་འབྲི་རྒྱུའི་སྤོབས་པ་བསྩལ་ཡོད་པ་རེད།
    སྐུ་ཞབས་མདའ་བཙན་པོ་ལགས་ཀྱི་སྙན་ཚིག་ཐུང་ངུ༼ རི་མོ་ཞིག་ལ་ཅེར་ནས་ཁེར་ལབ་རྒྱག་པ ༽ཞེས་པ་འདིར་མཚོན་ན་སྙན་ཚིག་གི་གལ་ཆེ་ས་དེ་རི་མོ་ཞིག་དང་ཉེ་བར་འབྲེལ་བའི་ཚོན་མདོག་གི་ཡིད་བརྙན་སྐོར་ཞིག་བཀོད་ཡོད་དེ། ཧྥ་རན་སེའི་སྙན་ངག་པ་ཨར་ཐེའུ་རམ་བྷོ་ཡིས་བྷོ་ཏི་ལེར་གྱི༼ དྲི་དང་ཁ་དོག སྒྲ་རྣམས་ཕན་ཚུན་གཞོགས་འདེགས་བྱེད་པ ༽ཞེས་པའི་གཞུང་ལུགས་ལ་རྒྱབ་རྟེན་དཔུང་གཉེན་དུ་བྲིས་པའི༼ དབྱངས་ཡིག ༽ཅེས་པར་གོ་བ་སྟོན་དུས༼ ངས་གསལ་བྱེད་ཡི་གེ་ལ་ཁ་དོག་གསར་བཏོད་བྱས་པ་དེས། ནམ་ཕུགས་དབང་བོ་ལྔ་འདྲེས་སྦྱོར་གྱི་ཚིག་གི་བརྗོད་པ་ཐག་ཉེ་ཞིག་གྲུབ་རྒྱུར་ཐེ་ཚོམས་མེད ༽ཅེས་གཞུང་ལུགས་ཀྱི་ལྟ་བ་བཏོན་པ་ལས་སྨྲ་བསམ་བརྗོད་མེད་ཀྱི་ཚོར་སྣང་ངམ་ཡིད་ཀྱི་རྟོག་པའི་ཁམས་མཚོན་པ་ལ་ཚོན་མདོག་གི་ཡིད་བརྙན་མང་པོ་དགོས་གལ་ཆེ་བ་བརྗོད་ཡོད་པ་དེ་བཞིན་སྙན་ཚིག་འདི་རུ་དམར་བོ་དང་ནག་པོ། སྔོན་པོ། ལྗང་གུ སེར་བོ། དཀར་བོ་བཅས་མིའི་རིགས་ཀྱི་འཚོ་བར་རྟེན་ཅིང་འབྲེལ་བའི་གཞི་རྐང་གི་ཁ་དོག་དྲུག་འབྲི་འགོད་བྱས་ཏེ་ཚོན་མདོག་སོ་སོས་མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་མཚོན་པ་དེས་རང་གི་སེམས་ཁམས་མཚོན་པའི་རང་ཉིད་ཀྱི་རི་མོ་དེ་ཡོངས་སུ་ལེགས་འགྲུབ་བྱུང་ཡོད།
  སྤྱིར་བོད་ཀྱི་མཛེས་དཔྱོད་འདུ་ཤེས་འཛིན་ཚུལ་ལྟར་ན་ཚོན་སྣ་ལྔ་དང་ཞི་རྒྱས་དབང་དྲག་པོའི་ལས་རྣམ་བཞི་བཅས་ཚོན་ཁ་རེ་རེར་གཏན་ཚིགས་ཀྱི་གསལ་ཁ་དབྱེ་ཡོད་ནའང་། དེང་རབས་སྙན་ངག་གིས་མི་སྒེར་གྱི་མཚོན་དོན་གཙོར་འཛིན་ལ་ནང་སེམས་ཀྱི་འགྱུར་བ་ལྟར་ཁ་དོག་གི་འཛིན་ཚུལ་སྣང་བ་འཆར་ཅན་པ་ཞིག་ཏུ་འབྲི་འགོད་བྱེད་པ་དེས་སྙན་ཚིག་འདི་ཀློག་པ་ལ་ཚོན་མདོག་གི་བཀོད་པ་རེ་རེ་ཀློག་མཁན་རང་གི་སེམས་བྱུང་གི་འགྱུ་བ་ལྟར་མཛེས་དཔྱོད་བཙུགས་པ་ཡིན་ན་སྙན་ངག་གི་ཁམས་དེ་ཀློང་ཡངས་ས་ཞིག་ཏུ་བསྐྱལ་ཐུབ་པར་དགེ་མཚན་དུ་མ་ལྡན་ནོ།།
    ཡང་སྙན་ཚིག་འདིའི་ཁྲོད་ཀྱི་གཞི་རྐང་གི་ཁ་དོག་དྲུག་པོ་དེ་དག་ཀྱང་བསམ་བཞིན་དུ་བཞག་པ་ཞིག་མ་ཡིན་པ་ལ། འབྲི་བའི་རྐྱེན་དེ་སྙན་ངག་པ་རང་གི་སེམས་ན་ལྗིད་ཏིག་ཏིག་ཏུ་གནས་པའི་བག་ཆགས་རིགས་ཤིག་སྟེ། མི་མཛེས་པ་དང་སྡུག་བསྔལ་བ། རྫི་གླུ་དང་བྱིས་དུས། སྡོང་ལོ་དང་སང་ཉིན་བཅས་རང་གི་འཚོ་བའི་ཁ་དོག་ལྟ་བུའི་སེམས་ཁམས་དག་བཤུ་འབྲི་བྱས་ཏེ་དེ་ལ་ཚོན་བྱུགས་པ་ཡིས་ཕག་ནི་གཙང་བཙོག་མེད་པ་དང་། སྒྱུད་ལུག་ཆེ་བ་སོགས་མཛེས་པའི་སྐག་རྩི་དང་གྱེས་པ་ཞིག་ཡིན་མོད། མཆུ་རྩི་བྱུགས་པའི་མི་དག་ནི་གཙང་སྦྲར་སྤྲོ་ཞིང་དུས་དང་ཡུལ་གྱི་བར་གསེང་ནས་རང་གི་ཁྱད་ཆོས་ཤིག་ངོམས་མཁན་ཡིན་པ། ཡང་ན། དམར་བོ་ནི་མཁར་དམར་པོ་དང་དར་དམར་བོ་སོགས་དབང་དང་ཁྲིམས་ཀྱི་མཚོན་དོན་དུ་བཞག་པ་དེ་བཞིན་ནག་པོ་ཡིས་ཁེར་རྐྱང་གི་སེམས་ཁམས་དང་སྔོན་པོ་ཡིས་སྟོང་བསམ་གྱི་འཆར་ཡན། ལྗང་གུས་འདས་པའི་ཕྱིར་དྲན། སེར་བོས་འདུ་བྱེད་མི་རྟག་པའི་ཆོས། དཀར་བོ་ཡིས་དམིགས་མེད་ཀྱི་ཕུགས་བསམ་བཅས་མཚོན་དོན་གྱི་རྒྱབ་ལྗོངས་སྟུག་ལ་སྦས་ཁ་དམ་པའི་གབ་བྱ་བགྲངས་ཀྱིས་མི་ལོངས་པ་མང་དག་ཅིག་བཞག་ཡོད་པ་རེད། 
    རྩོམ་པ་པོས་ཕན་ཚུན་འབྲེལ་མེད་ཀྱི་བྱ་དངོས་འདི་དག་ཕྱོགས་གཅིག་ཏུ་སྤུངས་པའི་ཁུངས་དེར་དཔྱད་པ་ཡིན་ན། ང་ཚོས་སྙན་ངག་གི་རྒྱབ་ལྗོངས་སམ་མི་སྒེར་གྱི་འཚོ་བའི་གསང་བ་ཞིག་རྟོགས་ཐུབ་པ་ནི་དཔེར་ན། དམར་བོ་ཕག་གི་མཆུ་དང་སྔོན་པོ་རྫི་གླུ། ལྗང་གུ་བྱིས་དུས། སེར་བོ་སྡོང་ལོ་བཅས་ཀྱི་གཟུགས་སུ་བཀོད་པ་ལ་རྒྱུ་མཚན་ངེས་ཅན་ཞིག་ཡོད་པར་སྣང་སྟེ། རྩོམ་པ་པོའི་དུས་རྒྱུན་འཚོ་བའི་མྱོང་གོམས་ཀྱི་གནས་ལུགས་ལྟར་འབྲོག་པའི་འཚོ་བའི་ཁྲོད་དུ་ཕག་ནི་མཐོང་དུ་མི་ཟིན་པ་ཞིག་དང་རྫི་གླུས་མངར་སྐྱུར་འདྲེས་མའི་ཕོ་མོའི་བརྩེ་དུང་ལྷུག་བརྗོད་གནང་ཐུབ་པ། བྱིས་དུས་ནི་མེ་ཏོག་གི་ཟིལ་བའི་ཁྲོད་གཅེར་བུར་རྒྱུག་པའི་རྩྭ་ཐང་ཡིན་པ། སྡོང་ལོ་ནི་སྟོན་ཁ་སྟེ་སྙན་ངག་པ་དང་བརྩེ་དུངས་ཅན་དག་ལ་གྱེས་བྲལ་གྱི་སེམས་ལྗོངས་ཕུན་ཚོགས་སུ་མངའ་བ་དེ་དག་གིས་མདོར་བྲིལ་ནས་བཤད་ན་གཞི་རྐང་གི་ཁ་དོག་དྲུག་པོ་དེས་རྩོམ་པ་པོ་རང་གི་ཕྱི་ནང་གི་བཀོད་པ་མཐའ་དག་ཡོངས་སུ་རི་མོ་དེའི་སྟེང་མཚོན་ཐུབ་ཡོད་དོ།།
 
(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མདའ་བཙན་པོའི་སྙན་ངག་ཅིག་གི་ཕྲན་དཔྱད།

2015-11-23 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།