རེ་རྐང་གླིང་གི་གསར་བྲིས་སྙན་ངག་ཚན་པ་བཅུ།

             དབྱར་ཁ།

གཙང་བོ་དེའི་ཁོག་པར
ར་བཟི་བའི་ཡུལ་ལྗོངས་ཤིག་སྐུང་ཡོད
 
རླབས་ལྕེའི་ཟེགས་མ་ལས
ཕྱེ་མ་ལེབ་ལྗང་ཁུ་དག་ག་ས་ག་རུ་འཐོར
 
ལྗོན་ཤིང་གི་རྐང་བ་ཁྱོད་ཀྱི་རྨི་ལམ་དུ་སྤོས་པར
ཚེ་སྲོག་གི་མཐོང་སྣང་ལ་རིག་པའི་བདུད་རྩིའི་ཐིགས་པ་ལྗང་ཁུ་གཉིས
ཁྱོད་ཀྱི་རྨི་ལམ་དུ་ཟགས
 
དབྱིངས་ཀྱི་ལྷ་ཆེན་པོ་དེའི་རྨི་ལམ་གྱི་མཁའ་ལ
སྒྱུ་འཕྲུལ་གྱི་ཕྱེ་མ་ལེབ་མང་བོས་གར་སྟབས་བསྒྱུར
 
གཙང་ཞབས་ཀྱི་རྡོ་བ་ལྗང་ཁུ་དེའི་སྟེང་ལ
ཁྱོད་ཀྱི་རྐང་རྗེས་བབས
ར་བཟི་བའི་ཡུལ་ལྗོངས་ཤིག་དེ་ནས་མངོན། 
                                          June 27, 2020
   
     གངས་ཀྱི་རྔོག་མ་གཟེངས་པའི་སེང་གེ
                                                      
འགུལ་གྱིན་འདུག   ཡི་གེ་རྣམས་འགུལ་གྱིན་འདུག
དུས་ཀྱི་མེ་ལྕེ་ཡིས་བསྲེགས་པའི་མེས་པོའི་རྐང་རྗེས་ནང་ལ
རྣམ་ཤེས་ཀྱི་ཆུ་མིག་རྡོལ་ཡོང
གི་གུ་རེ་རེ  ལྕོང་མོ་རེ་རེར་གྱུར
 
འགུལ་གྱིན་འདུག  ཡི་གེ་རྣམས་འགུལ་གྱིན་འདུག
ན་ཟུག་གི་གཟེར་མ་བརྒྱབ་པའི་ཟངས་ཀྱི་མེ་ལོང་ནང་ལ
དྲན་གདུང་གི་ཆར་བ་འབབ
ཞབས་ཀྱུ་རེ་རེ   ཆུ་ཐིགས་རེ་རེར་གྱུར
 
འགུལ་གྱིན་འདུག   ཡི་གེ་རྣམས་འགུལ་གྱིན་འདུག
སྟོང་བསམ་གྱི་ལྕགས་རི་བསྐོར་བའི་བསྐལ་བའི་རྨི་ལམ་ནང་ལ
རང་དབང་གི་འཇའ་ཚོན་ཤར
འགྲེང་བུ་རེ་རེ   ཁ་དོག་རེ་རེར་གྱུར
 
འགུལ་གྱིན་འདུག   ཡི་གེ་རྣམས་འགུལ་གྱིན་འདུག
གངས་ཀྱི་རྔོག་མ་གཟེངས་པའི་སེང་གེའི་གཡུ་རལ་ནང་ལ
མཇལ་འཕྲད་ཀྱི་མདུད་པ་མདུད
ན་རོ་རེ་རེ    ཁྲུང་ཁྲུང་རེ་རེར་གྱུར། 
                                           April 30, 2020

              དབེན་པར་གནས།

དབེན་པར་གནས
མཁའ་དབུགས་ཀྱི་ཟབ་ས་རུ
རླུང་གིས་ཀྱང་མི་ཚོར་བའི་ཚོར་བ་དེའི་ནང
དབེན་པར་གནས

དབེན་པར་གནས
རྡོ་བ་ཕན་ཚུན་འཐམ་འཁྱུད་བྱེད་པའི
ཆུ་དེ་ཆུ་མིན་པའི་རབ་ཁ་བརྒལ་བཞིན
དབེན་པར་གནས

དབེན་པར་གནས
སྐར་ཚོགས་ཀྱི་བཞིན་ལ
མུན་པའི་བློས་བསླངས་བཞེངས་པའི་འོད་ཟེར་ཁྲོད
དབེན་པར་གནས

དབེན་པར་གནས
ཁེར་རྐྱང་གི་གཟའ་གྲིབ་ཕོག་པའི
རྐང་བ་ཞ་བོ་དེ་མངལ་ཁུག་ལ་སྡུད་ཀིན
དབེན་པར་གནས

དབེན་པར་གནས
ནམ་མཁའ་ནམ་མཁའ་ལས་ཐ་དད་ཅིང
བྱ་བྱེད་འཐད་པའི་འགལ་བ་དེའི་ཁྲོད
དབེན་པར་གནས།
                                               October 15, 2020
       
       དགུན་གྱི་ཁ་རླངས། 

བུག་པ་སྔོན་པོ་ཞིག
གཞུང་རྟ་མེད་པའི་རལ་གྲིའི་ལོ་མ
བར་སྣང་ནས་བཞད
སྤྲིན་པའི་འོག་རོལ་ན

སྟོན་གྱི་རླུང་དམར་ལྡང
འབྲས་ཞིང་གི་སྙེ་མའི་མགོ་ལྕོགས་ལྡེམ
གྱེ་མ་འཚུབ་ཅིང་འཚུབ
འཇིག་རྟེན་འཚུབ་མའི་རྩེ་མོ་ན

གོ་ལྡོག་པའི་འཇིག་རྟེན
བུད་འཐིབས་པའི་སྣང་ཚོར
མེ་ཏོག་གི་མདའ་མོ
ལྗོན་ཤིང་གི་ལག་པ་རུམ་ལ་བསྡུས

རླངས་པ་འཁྱག་ཤི་བརྒྱབ
ས་གཞིའི་གདོང་ལ་རྨ་འབྲུམ་ཧྲམ་མེར
ནག་ཐིག་ལྷུང
རྐང་རྗེས་འཁྱགས་རེངས་སུ་བཏང་།
                                 October 28, 2020
      
       མིག་ཆུར་དྲི་མ་བྲོ་དུས། 
                         
རྒྱང་རིང་ན་སྒོ་མོ་ཞིག་འདུག  
སོང་ཡང་མི་ཐོན་པའི་སྒོ་མོ་ཞིག་འདུག
མིག་ཆུར་དྲི་མ་བྲོ་དུས
སྒོ་མོ་དེ་བདག་གི་ཕྱོགས་སུ་ཕྱེ་ཡོང
རྒྱང་ཐག་ལེ་དབར་སྟོང་གིས་ཆོད་ནའང
ངས་སྒོ་མོ་དེའི་ཕུག་གི་མིག་ཟུང་དེ་མཐོང་ཐུབ
མིག་ཟུང་དེ་ཡིས    ང་མི་ཡུལ་དུ་ཐོན་ཁ་མའི་ཁྱོད་ཀྱི་མིག་མདངས་དེ་དང་འདྲ་བར
བརྩེ་བ་དང་བྱམས་དུང་གིས་ང་ལ་བལྟས་འདུག  
 
མིག་ཟུང་དེ་སྒོ་མོ་ཞིག་རེད
སྒོ་མོ་དེའི་ཕུག་ན   བདག་གིས་ང་ལ་བལྟས་འདུག 
སྙིང་རྗེ་དང་སྐྱོ་བ་ཆེན་པོས་ང་ལ་བལྟས་འདུག
སྐྱེ་རྒ་ན་འཆིའི་ཞགས་པ་སྐེ་ལ་བསྐོན་པའི་ང་ཡི་གདོང་ལ་བལྟས་འདུག
 
ངོ་གདོང་དེ་ཡང་སྒོ་མོ་ཞིག་རེད
སྒོ་མོ་དེའི་སྟེང་ན་སྒོ་མོ་བགྲངས་ལས་འདས་པ་ཞིག་འདུག
མིག་ཟུང་ཡང་བགྲངས་ལས་འདས་པ་ཞིག་འདུག
མིག་ཟུང་དེ་དག་གིས   ཕན་ཚུན་ལ་བརྩེ་བ་དང་བྱམས་དུང་གིས་བལྟས་འདུག
སྙིང་རྗེ་དང་སྐྱོ་བ་ཆེན་པོས་བལྟས་འདུག
 
རྒྱང་རིང་ན་སྒོ་མོ་ཞིག་འདུག
སྒོ་མོ་དེ་རང་ཉིད་རེད
སོང་ཡང་མི་ཐོན་པའི་རང་ཉིད་རེད
མིག་ཆུར་དྲི་མ་བྲོ་དུས
བདག་གིས་རང་ཉིད་མཐོང་ཡོང
རང་ཉིད་ཀྱི་ངོ་གདོང་མཐོང་ཡོང
རང་ཉིད་ཀྱི་མིག་ཟུང་མཐོང་ཡོང
མིག་ཟུང་དེ་ཡིས    ཁྱོད་མི་ཡུལ་དང་བྲལ་ཁ་མའི་མིག་མདངས་དེ་དང་འདྲ་བར
བརྩེ་བ་དང་བྱམས་དུང་གིས་ང་ལ་བལྟས་འདུག
                                 2018.11.24

             ལོ་བརྒྱའི་ཁེར་ཧྲེང་། 
                                     
ཚོན་ཁྲའི་གདོང་ངོས་སུ་བརྐོས་པའི་གཉེར་མའི་རྒྱུད་ལ
སག་རི་ཆགས་པའི་མཛུབ་མོ་སྦོམ་པོ་ཞིག་གི་མཛུབ་རྗེས་བབས་པ་ནས
རྩ་ལམ་གྱི་གསང་བ་ཡོད་ཅོག
མིག་ཁར་སྐར་ཚོགས་བཞིན་བཀྲམས་ཤིང
གཟན་ཤམ་གྱི་སྣེ་ལ་ལོ་ཟླའི་ཚི་དྲེག་ཆགས་པའི་བྱིས་པ་ཞིག་གི་འཇིག་རྟེན
མ་ཡུམ་གྱི་རྨི་ལམ་ལས་རྐང་བ་བརྐྱངས་ཏེ
སླར་ཡང་ཡུམ་ཆེན་མ་གཞན་ཞིག་གི་མངལ་ཁུག་ཏུ་འཐིམ་སྟེ་འགྲོ
 
རྒས་འཁོགས་དེའི་སྔས་གོང་ལ་བསྙལ་བའི་ཆང་སེར་གྱི་རྫ་མ་ལས
གཅེར་གཟུགས་ཀྱི་བུད་མེད་མང་པོ་རྦ་ཀློང་བཞིན་འཁྱོལ་ཡོང་བར
སྐར་མའི་ལུང་ཐག་རེ་རེ་བཞིན་གྲོལ་བའི་སྐྱ་རེངས་ཀྱི་ལག་པས
མཚོན་དོན་གྱི་ནམ་མཁའ་ལ་མཐིང་མདོག་གི་རི་མོ་ཞིག་བྲིས
 
ལོ་རྒྱུས་ཀྱི་ལྕགས་ལུང་སིལ་སིལ་སྒུལ་བར
དུད་དྲེག་ཆགས་པའི་གསེར་ཁྲིའི་སྟེང་ལ
སྔོ་ལྟེམ་ལྟེམ་གྱི་ཆུ་མིག་ཅིག་འཁྱིལ
 
ལོ་ཟླ་ནི་སྐད་ཅིག་མའི་རླངས་པ་ཞིག་དང་འདྲ་བར
ཉི་རྡུལ་གྱི་འདུ་ལོང་ཁྲོད་མེད་པར་འགྱུར་དུས་སུ
རང་གི་སེམས་སྒྲ་ལ་ཉན་པའི་ཚོར་བ་དེ་ཁོ་ན
ད་གཟོད་རྟག་པར་ངེས།

            སེམས་སྐྱེལ།

  ལམ་གྱི་སྣེ་མོར་སྨུག་པ་འཐིབས་འདུག
རྟ་ཕོའི་འཚེར་སྐད་ཀྱིས་བསླུས་པ་མིན་ན
གནས་འདིར་ཇག་པ་མེད་པ་སྔར་ནས་ཤེས་ཡོད
 
རྒྱབ་ཕྱོགས་སུ་ཤུབ་བུར་སྨྲ་བའི་ཟེར་སྒྲོས་ཀྱི་གཙང་བོ
ཁྱོད་ཀྱི་ཀོ་གྲུ་གཏོང་སའི་རབས་ཁ་དེ་ཡིན་ན
ཕུགས་བསམ་གྱི་ཀློང་ན་མངོན་པའི་རྨི་ལམ་གྱི་ས་ཚུགས་དེ་ཡང
རྣག་ཁྲག་གི་མཚོ་མོ་ཞིག་ཡིན་པར་ངེས
 
ཤིང་ཁང་གྲུ་བཞི་དེ་ལ་དུད་དྲེག་ཆགས་འདུག་ཟེར
མི་སེམས་རློན་པ་དེ་ལ་དྲི་ངན་བྲོ་ཡི་འདུག་ཟེར
སྣུམ་ཚིལ་ཚིལ་གྱི་མཆུ་སྒྲོས་དག་གི་ཞིམ་མངར་མྱངས་བཞིན
ལམ་ལ་ཆས་ཤིག    ཡིད་ངག་གི་འབོད་པ་ནི་དེའོ
 
མི་ཚེ་རྒྱ་ཕིབས་ཀྱི་བྱ་འདབས་ལ་བཏགས་པའི
འདས་ཟིན་པའི་གཡེར་དྲིལ་སིང་སིང་གྲགས་དུས
སེམས་པ་རླབས་རིས་སུ་འཁྲུག་ཅིང 
འདུས་བྱས་མི་རྟག་པའི་ཆོས་དེ་ལའང   འགྲམ་པ་གློན་འདོད
 
ད་ནི་བདེ་བར་གྱིས་ཤིག   སྙིང་གྲོགས་ལགས
སེམས་ཀྱི་ཁབ་མིག་ལ་བརྒྱུས་པའི་སྲབ་སྐྱོགས་དེ་དོར་ནས
ལྡོག་བཞུར་གྱི་གཙང་བོ་སྔོན་པོ་དེའི་གཞུང་ལ
ཀོ་གྲུ་གཏང་རོགས་གནོངས
 
ལྷ་སའི་རྣ་ལོང་ལ་བརྒྱུས་པའི་སྨྲེང་སེམས་ཀྱི་བྱི་དམར
ནུབ་ཕྱོགས་སུ་འཚེར་བའི་ཟླ་བ་སེར་པོ་དེའི་མིག་ཆུ་ཡིན་ན
ང་ཚོའི་དམིགས་ས་གཅིག་ཡིན    ང་ཚོས་བསྙེག་ས་གཅིག་ཡིན།

       མིང་མེད། 

སྐར་མ་རེ་རེར་མིང་རེ་ཡོད་པ་ཇི་བཞིན
སེམས་ཀྱི་ཚིགས་མལ་རེ་ལ་སྡུག་བསྔལ་རེ

གཉིད་མི་ཁུག་པའི་མཚན་མོ
འཆི་བར་གྱུར་ཟིན་པའི་མི་ཚོགས་ཀྱི་ངོ་གདོང
མྱ་ངམ་ཐང་གི་སྨིག་སྒྱུ་བཞིན
ཡིད་སེམས་ཀྱི་མཁའ་ལ་འཆར་ཡོང

འདས་སོང་གི་གཏམ་རྒྱུད་མཐའ་དག
དར་ཚོན་སྣ་ལྔའི་སྐུད་པ་རེ་ཡིན་པའི་དབང་དུ་བཏང་ན
ཁྱོད་ཀྱི་བྱུང་བ་དེ་ཁ་དོག་གང་ཞིག་ཡིན་ནམ
ཡང་ན་འཆི་བ་དེ་འདས་ཟིན་པར་བརྩི་རུང་ངམ

འཆི་བའི་དབང་དུ་བྱས་པའི་མ་འོངས་པ་དེའི་ཁྲོད
ངའི་ངོ་གདོང་སྨིག་སྒྱུའི་ཀློང་ལ་བཏགས་པའི
སྐུད་པ་ཁྲ་ཁྲ་དེ་ཁྱོད་རང་ཡིན་ནམ
ཡང་ན་མ་འོངས་པ་དེ་གཉིད་མི་ཁུག་པའི་མཚན་མོ་འདི་ཡིན

གཉིད་མི་ཁུག་པའི་མཚན་མོ
བརྗེད་ངེས་ཀྱིས་འཁྱེར་བའི་མིང་ཡིག་མཐའ་དག
སྐར་མ་ཇི་བཞིན    སྡུག་བསྔལ་བའི
སེམས་ཀྱི་ཚིགས་མལ་ལས་མངོན་ཡོང་། 
                                                October 19, 2020
 
          མིང་མེད།

འཁོར་བའི་ལྗོན་རྩེ་ནས་ཟགས་པའི་ངོ་གདོང་རློན་པ་དག
ནག་ཡུག་ཡུག   ནག་ཡུག་ཡུག   དྲན་པའི་མཚོ་ལ་ནུབ་པར
མི་ཚེའི་ཡལ་གའི་སྒང་ལ
ཁེར་རྐྱང་གི   བརླན་ཤིག་ཤིག་གི  
མེ་ཏོག་གི་འདབ་མ་མང་པོ་ཟ་ཟིར་མངོན་ཡོང་། 
                                  November 7, 2020

           མིང་མེད།

སྐར་ཚོགས་ཀྱི་དྲ་བའི་བཏེགས་པའི་འོད་ཀྱི་གདོང་འབག་དེའི་རྒྱབ་ན
ང་ཚོ་ལ་ཅེར་བའི་མཚན་མོའི་མིག་ཅིག་ཡོད
ལོ་རྒྱུས་ཀྱི་རླངས་པ་ནག་པོའི་གཡའ་རྩིའམ    
ཚེ་སྲོག་གི་མེ་ལྕེ་ནག་པོའི་དུ་དྲེག་གིས
མིག་གི་རྒྱ་མོའི་ནང་ལ་མེ་ལོང་ནག་པོ་ཞིག་གྲུབ
མེ་ལོང་དེའི་མིང་གཞན་ལ་འཆི་བ་ཟེར།

                    བར་བཅུག་རི་མོ།   རེ་རྐང་གླིང་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རེ་རྐང་གླིང་གི་གསར་བྲིས་སྙན་ངག་ཚན་པ་བཅུ།

2020-11-09 རེ་རྐང་གླིང་། ཀློག་གྲངས། མཆན ཡོད།
   
དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།