རང་བྱུང་མཛེས་སྡུག་གི་ཟུར་ཞིག

               
                       ___སྣང་ཚུལ་ཞིག་ལ་ཕྱིར་དྲན་བྱེད་པ།

ཕ་ཀིའི་གཙང་ཆུ་སྔོན་མོའི་ཉེ་འགྲམ་གྱི། །
དཀར་དམར་འདབ་མ་གཡོ་བའི་མེ་ཏོག་གིས། །
འབའ་འབའ་ལུ་གུའི་མཐའ་ཡི་སྲིང་ཆུང་མ། །
ཁོང་ནས་མགུ་བའི་ཞྭ་ཞིག་བསླེ་ན་ཨང་། །

རླུང་གིས་དྲིལ་བའི་ནེམ་ལོའི་ཆུ་ཐིགས་དེར། །
ལག་ཁྱོར་བཟེད་དེ་མིག་འབྲས་གཏད་ན་ཡང་། །
མ་བསམ་ས་ནས་ཁྲག་ལེན་འབུ་ཆུང་ལ། །
ཕུ་ཞིག་བཏབ་པས་དམིགས་པའི་གནས་ཀྱང་བརླགས། །

སྤྲིན་པ་གློ་བུར་འདུས་པའི་དྲག་ཆར་གྱིས། །
སྐྲ་དབྱིབས་འཆོལ་ཏེ་མཐོང་ལམ་འགོག་པ་དང་། །
ཕུང་བོ་ཡོངས་སུ་བརླན་པའི་ངང་ཚུལ་འདིས། །
བྱུང་རྒྱལ་ཀི་རིང་བཏབ་ན་བདེ་སྙམ་འཆར། །

རི་བོང་མཆོང་འགྲོས་བྱས་པའི་སུག་རྗེས་སུ། །
ལང་ཚོ་བསྣད་པའི་ཤིང་ཏོག་འགའ་རེ་མཐོང་། །
དེ་ལས་འཐུལ་བའི་དྲི་ངད་ཞིམ་པོ་ཡིས། །
ཁོང་བའི་སྨྲེང་སྐྱོ་རེ་ཞིག་སངས་པ་ཡིན། །

སྔུན་གྱི་ཅུང་ཟད་དམའ་བའི་ཕ་བོང་སྟེང་། །
སྣེ་ཙོར་སྦངས་པའི་སྐྲ་མདུད་ཆ་གཅིག་འདུག །
ཨ་ཙི་ཤིན་ཏུ་ཆུང་བའི་རྐང་རྗེས་ཤིག །
རྩྭ་ལོ་བསྙིལ་ཏེ་སོང་བ་དངོས་སུ་རིག །

ཚུལ་འདི་ལྷ་ཡི་དགའ་ཚལ་མ་ཡིན་ལ། །
མིས་བཟོས་སྤྲོ་སྐྱིད་ར་བའང་ཅི་ལ་ཡིན། །
རིག་པའི་བུ་ཆུང་ལང་ལ་ཤོར་བའི་ཚེ། །
རྣམ་བཞག་མེད་པའི་མཛེས་སྡུག་དེ་ལྟར་ཡིན། །

                                             2005.1.3

 

རྩོམ་ཁུངས། སེང་རྡོར་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རང་བྱུང་མཛེས་སྡུག་གི་ཟུར་ཞིག

2009-10-06 སེང་རྡོར། ཀློག་གྲངས། མཆན ཡོད།

               
                       ___སྣང་ཚུལ་ཞིག་ལ་ཕྱིར་དྲན་བྱེད་པ།

ཕ་ཀིའི་གཙང་ཆུ་སྔོན་མོའི་ཉེ་འགྲམ་གྱི། །
དཀར་དམར་འདབ་མ་གཡོ་བའི་མེ་ཏོག་གིས། །
འབའ་འབའ་ལུ་གུའི་མཐའ་ཡི་སྲིང་ཆུང་མ། །
ཁོང་ནས་མགུ་བའི་ཞྭ་ཞིག་བསླེ་ན་ཨང་། །

རླུང་གིས་དྲིལ་བའི་ནེམ་ལོའི་ཆུ་ཐིགས་དེར། །
ལག་ཁྱོར་བཟེད་དེ་མིག་འབྲས་གཏད་ན་ཡང་། །
མ་བསམ་ས་ནས་ཁྲག་ལེན་འབུ་ཆུང་ལ། །
ཕུ་ཞིག་བཏབ་པས་དམིགས་པའི་གནས་ཀྱང་བརླགས། །

སྤྲིན་པ་གློ་བུར་འདུས་པའི་དྲག་ཆར་གྱིས། །
སྐྲ་དབྱིབས་འཆོལ་ཏེ་མཐོང་ལམ་འགོག་པ་དང་། །
ཕུང་བོ་ཡོངས་སུ་བརླན་པའི་ངང་ཚུལ་འདིས། །
བྱུང་རྒྱལ་ཀི་རིང་བཏབ་ན་བདེ་སྙམ་འཆར། །

རི་བོང་མཆོང་འགྲོས་བྱས་པའི་སུག་རྗེས་སུ། །
ལང་ཚོ་བསྣད་པའི་ཤིང་ཏོག་འགའ་རེ་མཐོང་། །
དེ་ལས་འཐུལ་བའི་དྲི་ངད་ཞིམ་པོ་ཡིས། །
ཁོང་བའི་སྨྲེང་སྐྱོ་རེ་ཞིག་སངས་པ་ཡིན། །

སྔུན་གྱི་ཅུང་ཟད་དམའ་བའི་ཕ་བོང་སྟེང་། །
སྣེ་ཙོར་སྦངས་པའི་སྐྲ་མདུད་ཆ་གཅིག་འདུག །
ཨ་ཙི་ཤིན་ཏུ་ཆུང་བའི་རྐང་རྗེས་ཤིག །
རྩྭ་ལོ་བསྙིལ་ཏེ་སོང་བ་དངོས་སུ་རིག །

ཚུལ་འདི་ལྷ་ཡི་དགའ་ཚལ་མ་ཡིན་ལ། །
མིས་བཟོས་སྤྲོ་སྐྱིད་ར་བའང་ཅི་ལ་ཡིན། །
རིག་པའི་བུ་ཆུང་ལང་ལ་ཤོར་བའི་ཚེ། །
རྣམ་བཞག་མེད་པའི་མཛེས་སྡུག་དེ་ལྟར་ཡིན། །

                                             2005.1.3

 

རྩོམ་ཁུངས། སེང་རྡོར་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།