འཇུ་སྐལ་བཟང་ལ་ཕུལ་བའི་དགའ་སྡུག


དང་པོ་ཀ་རྩོམ་འཕྲུལ་གྱིས་བསྐོར་དུས་དམར་ཚ་འདྲ་ལ་གཡེར་མ་འདྲ། །
བར་དུ་དགེ་ཆོས་རྩལ་གྱིས་བསྟན་དུས་མངར་ཆང་འདྲ་ལ་སིལ་ཁུ་འདྲ། །
མཐའ་མར་སྦྲ་ནག་སྐད་ཀྱིས་བོས་པའང་རོ་དང་དྲི་ཡིས་མཚར་མཚར་ཀྱང་། །
ང་ལ་དགོས་པའི་ཟུར་ཁ་དེ་ན་རྒན་ཁྱོད་བཟང་བོའི་སྤྱོད་པ་རེད། །

 
ནེ་ལེར་བགྲོ་བའི་གཏམ་གྱི་ཁོག་ན་ཉམས་རྒུད་ཅིག་གི་རྒྱུ་རྙོག་ཡོད། །
དྲན་མགུར་ཁུ་བྱུག་མགྲིན་གླུའི་རུམ་ན་གྱེས་བྲལ་ཞིག་གི་གྲོད་པུ་ཡོད། །
བསམ་གཞིག་དང་ནི་རྩྭ་ཟིལ་སོགས་ཀྱང་གཏམ་ཡག་འབུམ་གྱིས་བསྔགས་རི་ཡང་། །
ང་ལ་མཁོ་བའི་གྲུ་སྣེ་ན་དེ་རྒན་ཁྱོད་བཀྲ་ཤིས་བརྩེགས་པ་རེད། །
 
ཤར་ཕྱོགས་དུང་རི་མི་ཡིས་འགྲེང་དུས་རྨ་རྒྱལ་སྦོམ་ར་མ་འཐད་ཚོད། །
ཙོང་ཁའི་སྐྱེས་རི་བདག་གིས་སད་དུས་གཉན་པོ་གཡུ་རྩེ་མ་སྤྲོ་ཚོད། །
གནོད་སྦྱིན་ཕོ་བྲང་དཀྲུགས་པའི་རྗེས་སུ་གནོད་སྦྱིན་རྣམས་དང་འདྲེས་པ་ཡི། །
ཤེས་ལྡན་ཁྱེད་ཀྱི་འཁྲུངས་རབས་འདི་ལ་ཁོ་བོ་སེར་སྣ་ཚད་མེད་འོང་། །
 
ངག་གི་རྣམ་བཤད་སྙིང་དུ་བཏབ་སྟེ་ལོ་ངོ་བཞི་དང་ཕྱེད་ཅིག་སོང་། །
དུངས་སེམས་མགུར་ཆུང་བློ་རུ་ཕབ་ཏེ་དུས་ཚོད་ཅི་སོང་ཅི་ལྟར་ཤེས། །
སུའུ་པུན་ཧེར་གྱི་འགྱུར་རྩོམ་དེ་ཡང་གང་འདྲའི་དགའ་ཞིང་འཐད་པ་ལ། །
ཡིན་ཡང་དུས་ཀྱི་དགག་སྒྲུབ་བཤད་དུས་རྒན་ཁྱོད་ད་དུང་མི་ལོ་འདུག །
 
 
      ཅེས་པ་འདིའང་བར་སྐབས་ཤིག་གི་ཐོལ་སྣང་ལ་རྐྱེན་བྱས་ཏེ་ཡི་གེར་བསྟར་པའོ། །
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཇུ་སྐལ་བཟང་ལ་ཕུལ་བའི་དགའ་སྡུག

2010-07-15 སེང་རྡོར། ཀློག་གྲངས། མཆན ཡོད།


དང་པོ་ཀ་རྩོམ་འཕྲུལ་གྱིས་བསྐོར་དུས་དམར་ཚ་འདྲ་ལ་གཡེར་མ་འདྲ། །
བར་དུ་དགེ་ཆོས་རྩལ་གྱིས་བསྟན་དུས་མངར་ཆང་འདྲ་ལ་སིལ་ཁུ་འདྲ། །
མཐའ་མར་སྦྲ་ནག་སྐད་ཀྱིས་བོས་པའང་རོ་དང་དྲི་ཡིས་མཚར་མཚར་ཀྱང་། །
ང་ལ་དགོས་པའི་ཟུར་ཁ་དེ་ན་རྒན་ཁྱོད་བཟང་བོའི་སྤྱོད་པ་རེད། །

 
ནེ་ལེར་བགྲོ་བའི་གཏམ་གྱི་ཁོག་ན་ཉམས་རྒུད་ཅིག་གི་རྒྱུ་རྙོག་ཡོད། །
དྲན་མགུར་ཁུ་བྱུག་མགྲིན་གླུའི་རུམ་ན་གྱེས་བྲལ་ཞིག་གི་གྲོད་པུ་ཡོད། །
བསམ་གཞིག་དང་ནི་རྩྭ་ཟིལ་སོགས་ཀྱང་གཏམ་ཡག་འབུམ་གྱིས་བསྔགས་རི་ཡང་། །
ང་ལ་མཁོ་བའི་གྲུ་སྣེ་ན་དེ་རྒན་ཁྱོད་བཀྲ་ཤིས་བརྩེགས་པ་རེད། །
 
ཤར་ཕྱོགས་དུང་རི་མི་ཡིས་འགྲེང་དུས་རྨ་རྒྱལ་སྦོམ་ར་མ་འཐད་ཚོད། །
ཙོང་ཁའི་སྐྱེས་རི་བདག་གིས་སད་དུས་གཉན་པོ་གཡུ་རྩེ་མ་སྤྲོ་ཚོད། །
གནོད་སྦྱིན་ཕོ་བྲང་དཀྲུགས་པའི་རྗེས་སུ་གནོད་སྦྱིན་རྣམས་དང་འདྲེས་པ་ཡི། །
ཤེས་ལྡན་ཁྱེད་ཀྱི་འཁྲུངས་རབས་འདི་ལ་ཁོ་བོ་སེར་སྣ་ཚད་མེད་འོང་། །
 
ངག་གི་རྣམ་བཤད་སྙིང་དུ་བཏབ་སྟེ་ལོ་ངོ་བཞི་དང་ཕྱེད་ཅིག་སོང་། །
དུངས་སེམས་མགུར་ཆུང་བློ་རུ་ཕབ་ཏེ་དུས་ཚོད་ཅི་སོང་ཅི་ལྟར་ཤེས། །
སུའུ་པུན་ཧེར་གྱི་འགྱུར་རྩོམ་དེ་ཡང་གང་འདྲའི་དགའ་ཞིང་འཐད་པ་ལ། །
ཡིན་ཡང་དུས་ཀྱི་དགག་སྒྲུབ་བཤད་དུས་རྒན་ཁྱོད་ད་དུང་མི་ལོ་འདུག །
 
 
      ཅེས་པ་འདིའང་བར་སྐབས་ཤིག་གི་ཐོལ་སྣང་ལ་རྐྱེན་བྱས་ཏེ་ཡི་གེར་བསྟར་པའོ། །
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།