སྐྱེས་བུ་ཞིག་གི་མི་ཚེ་ལ་བལྟས་ཏེ་ཁྱོད་དང་ང་ཡི་སྒལ་རུས་བསྡུར་བ།

ལྷ་ཡི་ཡིག་ཆར་དོགས་སློང་བྱས་ཏེ་ཨ་མདོ་སྨད་ནས་སྤྱུགས་པ་ཡི། །
སྐུ་ཡི་ཞལ་ལ་ཐལ་བ་བྱུགས་ཏེ་དབུས་གཙང་སྟོད་ནས་བསྐྲད་པ་ཡི། །
ཀླུ་འབུམ་བླ་རྒན་ཨར་ལ་གཏད་ཅིང་ལྷ་རམས་དམ་བཅའ་བོར་བ་ཡི། །
གོར་མ་མིན་ལ་གྲུ་བཞི་མིན་པའི་དགེ་ཆོས་དབྱིབས་ཚུགས་ཟུར་གསུམ་དྲན། །

ཀ་ཤོད་པ་ཡི་འབུར་ལ་མི་འཕྲོད་དགེ་ཆོས་ལྕགས་ཀྱི་ཕུར་བ་ཡིན། །
ཟུར་ཁང་པ་ཡི་ཀོང་ལ་མི་འཕྲོད་དགེ་ཆོས་ཤིང་གི་བེར་ཀ་ཡིན། །
སུ་དང་གང་གི་ཁུད་དང་ལྟེབ་ལ་རྣམ་པ་ཀུན་ཏུ་འཕྲོད་མིན་པའི། །
སྐྱེ་བོ་ཀུན་གྱིས་ལོགས་སུ་དེད་པའི་དགེ་ཆོས་བྲོ་བ་ཁེར་རྐྱང་དྲན། །
 
སྡི་ཚ་དགོན་པའི་དཀར་ལ་མི་རན་དགེ་ཆོས་ཁྲག་ཆང་རྒྱ་གང་ཡིན། །
བླ་བྲང་དགོན་པའི་དམར་ལ་མི་རན་དགེ་ཆོས་འོ་སྤྲི་སྙིམ་གང་ཡིན། །
སུ་དང་གང་གི་འོད་དང་བཀྲག་ལ་དུས་གསུམ་ཡོངས་སུ་རན་མིན་པའི། །
རྐང་གཉིས་ཚོགས་ཀྱིས་རྒྱང་དུ་ཕུད་པའི་དགེ་ཆོས་ཚོས་སྣ་ཆིག་རྐྱང་དྲན། །
 
ཤེས་པ་རབ་ཀྱི་མདུད་ལོག་དེ་ནི་བཤིག་རྒྱུ་མེད་པའི་དགེ་ཆོས་ཡིན། །
རྣམ་པར་དཔྱོད་པའི་རྭ་གྱོང་དེ་ནི་བཏུལ་རྒྱུ་མེད་པའི་དགེ་ཆོས་ཡིན། །
ཁེར་རྐྱང་གཅིག་དང་ཁེར་རྐྱང་གཉིས་ཏེ་ངེས་པ་དོན་གྱི་ཁེར་རྐྱང་བོ། །
མིག་ཤེལ་མིན་ལ་རྣ་ལུང་མིན་པའི་དགེ་ཆོས་འབྱུང་བ་གོ་ལྡོག་དྲན། །
 
བོད་རྒན་རྣམས་ཀྱིས་ཤར་ཅེས་བཤད་ན་ཁོང་གིས་བསམ་བཞིན་ནུབ་ཅེས་གསུངས། །
ནུབ་ཀྱིས་རྒྱ་གར་མུ་གེའི་ཐང་ནས་གླིང་ཆེན་བཞི་བོ་རྡེའུ་བཞིན་བསྒྲིགས། །
བོད་རྒན་རྣམས་ཀྱིས་དཀའ་ཞེས་ལབ་ན་ཉིད་ཀྱིས་ཆེད་དུ་སླ་ཞེས་ཐལ། །
ཤུན་ཏུ་སླ་བ་གོ་བདེའི་ངག་གིས་རྒྱལ་བའི་གཙུག་ཏོར་མཛུབ་མོས་མནན། །
 
ལོ་ངོ་ལྔ་བཅུར་དགེ་ཆོས་བཙོག་ཅེས་བུ་བརྒྱའི་ཁ་ཆུ་མཉམ་བོར་རེད། །
ལོ་ངོ་ལྔ་བཅུར་དགེ་ཆོས་སྡུག་ཅེས་རྩོམ་བརྒྱའི་ཁ་ཡིག་ཆ་མཚུངས་རེད། །
འོན་ཀྱང་ལོ་ཟླ་ཟད་ཟད་མཐར་ལ་གསེར་ངོ་གསེར་དུ་ཤེས་སོ་ལོ། །
དུས་ཀྱིས་དེད་པའི་བདེན་པ་ཞེས་པ་གནམ་རྒན་མ་ཡིས་བསྐྱུར་བཞག་འདུག །
 
དམ་པའི་རྣམ་ཐར་འདི་ལྟར་དྲན་ན་བློ་སྐྱེད་ཅི་མང་འདི་མང་ལ། །
མི་ཆུང་རང་གི་སྟེང་དུ་སྦྱར་ན་གོ་བ་གཅིག་སྟེར་གཉིས་སྟེར་ལ། །
ཟོག་པོ་གཞན་གྱི་ལས་ལ་བྲེས་ནའང་གནས་ལུགས་དེ་རྙེད་འདི་རྙེད་ལ། །
ཅི་ནས་བལྟས་ཀྱང་སེང་རྡོར་སྨྱོན་པའི་བསམ་སྦྱོར་གཉིས་པོ་འགྲིག་དང་འགྲིག །
 
དུད་ནག་མཐེན་པའི་དགེ་ཆོས་ཤིག་ལ་ལག་འཇུ་བྱེད་དང་སྐེ་འོ་སྐྱེལ། །
སྒོར་རྫུན་བཟོ་བའི་དགེ་ཆོས་ཤིག་ལ་སྦེ་ག་རྩེད་དང་མཛུབ་ཤེད་འགྲན། །
དགེ་སེང་གཉིས་ཀའི་གཤིས་དང་རང་བཞིན་ཀུན་ནས་ཐ་དད་ལོས་ཡིན་མོད།།
དམ་པའི་ལྟ་སྤྱོད་རྒྱ་མར་འཛིན་ལ་ཤེས་ལྡན་སྐྱེ་བོ་མང་ཞིག་དགའ། །
 
སུ་ཡིས་གུ་ཡངས་བཏང་བ་ཡིན་ཞེས་ཁ་ཕོ་མཐོན་པོ་མི་བསྒྲོག་འཚལ། །
སུ་ཡིས་རིགས་ཀྱི་གནོད་ཟླ་རེད་ཅེས་ཁོག་ངན་དུག་རོ་མི་བསྐྱུག་འཚལ། །
དཔུང་ཆེན་དམར་པོ་མཐའ་ནས་ལངས་ཀྱང་འཇིགས་དང་ཞེད་པའི་ཚུགས་ཀ་མེད། །
ཚེ་དང་དུས་ཀྱི་འབའ་ལ་གཏུགས་ཏེ་དགུ་བརྗིད་དུས་ཀྱི་ང་རོ་འབྲི། །
 
སྒྲིག་དང་སྲོལ་གྱི་ཡིག་ཆའི་འོག་ཏུ་གཡག་ཆེན་ལྟར་དུ་མ་ཤོང་ཞིང་། །
གཤེར་དང་གློང་གི་ཐམ་ཀའི་འོག་ཏུ་བྱེའུ་ཆུང་བཞིན་ཏུ་མ་ཚུད་པའི། །
སྣང་བ་གུ་ཡངས་ཕྱོགས་སུ་གྲོལ་བའི་རྟུལ་ཕོད་མཁན་པོ་སེང་མིང་བས། །
རྒྱ་ཚ་ལྟ་བུའི་འུར་རྐྱལ་དག་ལ་ཁྲོམ་ཆེན་ཟིལ་གནོན་འཕྲིན་དུ་བཏབ། །
                           ༢༠༠༩ལོའི་ཟླ༩པའི་ཉིན་ཞིག་ཡིད་རབ་ཏུ་མི་སྤྲོ་བའི་སྒང་གློག་ལྟར་འཁྱུགས་སོ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྐྱེས་བུ་ཞིག་གི་མི་ཚེ་ལ་བལྟས་ཏེ་ཁྱོད་དང་ང་ཡི་སྒལ་རུས་བསྡུར་བ།

2009-10-03 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།