སེང་རྡོར་གྱི་ཉེ་བའི་དུས་ཀྱི་སྙན་ངག་ཕྱོགས་བསྒྲིགས།

            ༄༅།།བར་སྐབས་ཤིག་གི་ཉིན་མཚན།
ད་ཡང་དགུན་ཁ་ཚེས་སོང་ངོ་། །རི་མགོ་ཁ་བས་གཡོགས་སོང་ངོ་། །སྙིང་སྡུག་ཨ་ཆུ་གསུང་གིན་དུ། །མིག་གི་སྐར་མ་འདར་སོང་ངོ་། །འདི་ན་གནམ་ངོར་སྤྲིན་པའི་བོངས། །ཅོལ་ལེར་ཐོགས་ཤིང་ཉི་མ་ཡི། །དམར་མདངས་ཟ་ཟིས་གྲོང་ཁྱེར་དང་། །ལམ་དང་ནགས་ཚལ་ཁྱབ་སོང་ངོ་། །ཆུ་ལ་འགྲམ་དར་ཆགས་སོང་ངོ་། །ཡུལ་གྱར་མགྲོན་པོ་བསླེབས་སོང་ངོ་། །རྒོད་པོ་བྲག་གསེབ་མང་པོ་ནས། །མདའ་མོ་བཞིན་དུ་འཕུར་སོང་ངོ་། །རྟ་པས་འགག་འཕྲང་བསྐོར་སོང་ངོ་། །ས་རྡུལ་བར་སྣང་ཟུག་སོང་ངོ་། །སྡོང་བར་རེ་ནས་ཟླ་འོད་ནི། །དཀར་ལམ་དཀར་ལམ་བཀྲ་སོང་ངོ་། །ཉིན་མོའི་གདུང་བ་རྫོགས་པའི་རྗེས། །མཚན་མོའི་སྨག་རུམ་བརྒལ་དུ་ཡོད། །མི་མེད་སྲང་ལམ་སྟོང་བའི་ནང་། །ཉམས་ནི་འུར་ཞིང་སྙན་ངག་རྩོམ། ། ༢༠༡༣།༡༢།༢༢།
          
           ༄༅།།བར་དོའི་བརྡ་སྤྲོད།
སེམས་ལ་རྡོ་ཕུང་ཉིལ་བ་དེ། །སྐད་ཆ་མེ་ཡིས་བསྐོར་བ་དེ། །གྲིབ་མས་ནམ་མཁར་ཁྱབ་པ་དེ། །ཁྲེས་པོ་དུག་གིས་བཀང་བ་དེ། །ཚོས་ཀྱིས་བྱུགས་པའི་མགོ་བོ་ཡིན། །གུ་ཡངས་མེད་པའི་འཆི་བ་ཡིན། །ཁ་བ་ཟ་བའི་རླུང་བུ་ཡིན། །ཆོམ་པོ་ཚེ་རིང་རྒྱ་མཚོ་ཡིན། །དེ་ལྟར་ཆིག་ལབ་ཟློ་བའི་དུས། །སྨུག་པ་དཀར་པོའི་རྒྱབ་ཡོལ་བཅས། །དབྱངས་ཅན་མ་ནི་གྱང་ངོར་ཤར། །བུ་བུ་རྣ་བ་བློགས་ཤིག་གསུངས། །༼ཆུ་གཏེར་བྱེ་བ་ཕྲག་བརྒྱ་ལས། །ཆུ་བུར་བྱེ་བ་ཕྲག་བརྒྱ་ལངས། །འགྲོ་བ་བྱེ་བ་ཕྲག་བརྒྱ་ལ། །འཆར་སྒོ་བྱེ་བ་ཕྲག་བརྒྱ་འབྱུང་། །༽དེ་སྐད་ཐོས་པས་རྩྭ་གསེབ་ནས། །ཆུ་ཕྲན་དྭངས་མོ་གློ་བུར་གྲོལ། །རི་རྩེའི་སྐྱིན་ཐང་སྐད་ཅིག་བྱུང་། །གློག་དང་ཆུ་ཡི་འདབ་མ་རྒྱས། ། ༢༠༡༣།༩།༥།
 
            ༄༅།།ལྕེ་གཅོག་ཐུབ་པའི་ཚིག
ངས་རང་གི་ཉལ་ཁང་ནང་གི། །ཅ་ལག་ག་གེ་མོའི་རྒྱབ་ཏུ། །སྐད་རིགས་གྲངས་མེད་པ་ཤེས་པའི། །རྨ་བྱ་ཞིག་བསྐུངས་ཡོད་པར་འདོད། །ལྷ་སྒྲུང་གི་ལུང་གིས་བསྟན་པའི། །རྨ་བྱ་དེ་འཕུར་གྲབས་བྱེད་དུས། །ང་ནི་སྦྱར་དུག་གིས་ཟིན་ཏེ། །ལག་པ་འདར་འདར་བྱེད་ངེས་མོད། །ཆུང་མ་ཡི་བསམ་གཏན་དཀྲོགས་པའི། །རྨ་བྱ་ཁྲ་ལང་ལིང་བ་དེ། །ཁྱོད་རང་ཚོས་མཐོང་མྱོང་མེད་དེ། །ངའི་སྐྱེ་བ་གཞུག་མའི་བླ་བྱའོ། ། ༢༠༡༣།༩།༣།
          
            ༄༅།།དབྱར་གྲང་མོ།
རི་བོའི་ཁོང་ནས་དཔྱད་པ་ན། །ཉི་ཟེར་མ་གཏོགས་གང་ཡང་མེད། །མུན་པར་ཁ་གཏད་གཅོག་པའི་ཚེ། །ཆུ་ཐོག་གྲུ་གཟིངས་འཐད་ཤོས་ཡིན། །ནམ་ཡང་འཁོར་པའི་དགུན་ཁ་ཚེས། །རྟག་ཏུ་སེམས་ཀྱིས་ནམ་འཕང་གཅོད། །སངས་རྒྱས་བྱོན་དང་མ་འབྱོན་ཡང་། །ནོར་ལུག་འཕེལ་བར་ཐེ་ཚོམ་མེད། །ཁ་བ་ལམ་སེང་འབབ་པར་ངེས། །མེ་ལྕེ་ལམ་སེང་འབར་བར་ངེས། །བུད་མེད་དག་ནི་མཛེས་པར་ངེས། །གཟི་ཡི་ལོ་རྒྱུས་རིང་བར་ངེས། །ས་འདིའི་ཆུ་དང་ཆུ་འདིའི་ཤུགས། །སྐྱེ་བའི་དོན་སྒོ་ཡིན་མོད་ཀྱང་། །མི་རྣམས་ཕལ་ཆེར་བྱ་དང་འདྲ། །སྡེར་མོ་ཁོ་ནར་སྐྱབས་སུ་འགྲོ། །༢༠༡༣།༩།༤།
 
             ༄༅།།སྙིང་ཉེ་བའི་ལྷོ་ཕྱོགས།
ཆུ་བོའི་རླབས་ཀྱི་ཁྲོད་དུ་ཁྱེད་ཀྱི་ཁང་པ་མཐོང་། །སྒོ་དང་སྒེའུ་ཁུང་མ་ལུས་མེ་ལྟར་དྲག་ཏུ་འབར། །དེ་ཡི་རྒྱབ་ཀྱི་ཁྱེད་ཀྱང་དེ་ལྟ་ཉག་གཅིག་སྟེ། །ཆ་ཤས་རེས་ཀྱང་མི་བཟད་དྲོད་ཀྱི་སྙིང་པོ་འཛིན། ། ༢༠༡༣།༨།༣༠།
 
             ༄༅།།ཧ་གོ་ཐུབ་ཐབས་བྲལ།
རྣམ་པར་ཤེས་པ་རྟ་ཐོག་མེ་ཕུང་རེད། །ལྟད་མོ་དེ་ལ་ཕ་མཐའ་ཡོད་རབས་མེད། །བདག་ནི་ས་དོང་རྐོ་ཞོར་འཁོར་བ་གླེང་། །བུ་ཆུང་དགོད་ཐེངས་རེ་རེར་མིག་ཆུ་ལྷུང་། ། ༢༠༡༣།༨།༣༠།
           
            ༄༅།།གཉིད་སྨན་སྔོ་ལེབ་ཟ་དུས།
མི་ནི་དམའ་བའི་དངོས་པོ་ཞིག །ས་ལ་ཐུག་སྟེ་ས་ལྟར་གནས། །དུ་བའི་ཁྲོད་ནས་ལམ་དག་རྙེད། །ཟམ་པ་རྣམས་ལ་ཕྱག་ཀྱང་འཚལ། །གླིང་ག་འདི་ནས་ཐོན་བྱས་ཏེ། །གླིང་ག་གཞན་དུ་གོམ་པ་རྒྱག །སྐྱིད་སྡུག་གཅིག་པའི་མེ་ཕུང་འཚོལ། །གློ་བུར་སད་དེ་ཐར་བ་མྱོང་། ། ༢༠༡༣།༩།༣།
                                       
            ༄༅།།དུས་དེ་ཙ་ན།
སྡོང་པོ་རླུང་བུས་བསྒུལ་བ་དང་། །དེ་ཡིས་སེམས་ཅན་བདེ་བ་དང་། །བུང་བས་མེ་ཏོག་བསྒུལ་བ་སྟེ། །དེས་ཀྱང་གླུ་དབྱངས་ལེན་པར་བྱེད། །དེ་གཉིས་ཀྱིས་ཀྱང་ཡེ་ཤུ་བསྒུལ། །ཡེ་ཤུས་མི་སེམས་བསྒུལ་བ་ན། །བྱང་རླུང་ཁེགས་པ་བདེན་མོད་ཀྱང་། །ང་ལ་ཇུས་གཏོགས་ཅི་ཞིག་ཡོད། ། ༢༠༡༣།༨།༣༠།
                                
           ༄༅།།ཕ་ཡུལ་དུ་ཕྱིན་པའི་ཚོར་སྣང་།
སྔོན་དུས་རྒྱུ་མ་སྦྲེལ་འདྲའི་མནའ་ཤག་ད་ཚོད་ཕན་ཚུན་གཏུག་བཤེར་བྱེད། །སྔོན་དུས་ཁྱི་ཞི་འཁོན་འདྲ་ཁོ་ཚོས་ད་ཚོད་སླ་ང་གཅིག་ནང་འཐུང་། །སྔོན་དུས་ནེའུ་སྐྲ་འཇོལ་འཇོལ་དེ་དག་ད་ཚོད་ཕ་མར་གྱུར་ཏེ་འདུག །མག་པ་བག་མར་འགྲོ་ཐེངས་མང་བས་སུ་ཚང་སུ་ཡོད་ཤེས་ཐབས་བྲལ། ། ༢༠༡༣།༩།༢༤།
           
            ༄༅།།རང་གི་སྡོམ་བྱང་།
བཅད་གསར་སྐྱེ་བ་སྔོན་མའི་ལན་ཆགས། །ལན་ཆགས་བུ་ལོན་ང་ལ་འཁོར་བྱུང་། །རྟུལ་ཕོད་མི་ཚེ་འདི་ཡི་ཁ་སྟབས། །ཁ་སྟབས་འདི་ཡིས་ཁ་མཆུ་བསླངས་སོང་། །སེང་དྲྭ་འདི་ཕྱིའི་བར་གྱི་སྡུག་ཕབ། །ཀྱེ་མ་གྲངས་མེད་སྐྱིད་ཀྱི་སྐྱོ་བ། ། ༢༠༡༣།༡༡།༨།
 
           ༄༅།། དབྱངས་ཅན་ཟླ་བའི་གཉེན་སྟོན་ལ་བྲིས།
ཉི་མའི་མཐའ་རུ་འབྱུང་བོ་རྩེ། །ཐང་ཤིང་གསེབ་ནས་དུ་བ་ཡོང་། །རྡོ་བ་བཅགས་པའི་སྐག་སྒྲ་ནི། །གོ་དོན་མེད་པར་ཡང་ཡང་གོ། ། ༢༠༡༣།༡༠།༢༡།
 
          ༄༅།།ཕོག་ཐུག་ལྟ་བུའི་རྩོམ།
མཚན་མོའི་ཤེལ་སྒོའི་ངོས་ཀྱི་གནམ་གྲུ་དཀར་པོ། །དེ་ཡི་གཤོག་པའི་སྟེང་གི་གློག་འོད་དམར་པོ། །དེ་དང་འབྲེལ་བ་མེད་པའི་མུན་པ་ནག་པོ། །སྤྲོས་པའི་རྒྱ་མཚོའི་ཀློང་གི་ཉ་མགོ་འདི་ཡིན། །ལམ་ཁར་ཡུལ་པོར་ལུས་པའི་ཤིང་ཐུར་རྐང་གཅིག །དེ་ལ་དམ་དུ་མདུད་པའི་ཤམ་བུ་དམར་པོ། །དེ་དང་འབྲེལ་བ་མེད་པའི་དགའ་ལྡན་ལྷ་ཡུལ། །ཤིན་ཏུ་བཟོད་དཀའི་འཆར་སྒོའི་གྲང་ངར་འདི་ཡིན། ། ༢༠༡༣།༡༡།༡༢།
        
         ༄༅།།མ་འོངས་པ།
མ་འོངས་པ་ནི་གནམ་མཐའི་ཁ་བ་ཞེས་པའི་སྒྲུང་ཞིག་ཡིན། །མ་འོངས་པ་ནི་གསེར་ཉའི་སྡེ་བ་ཞེས་པའི་དེབ་ཅིག་ཡིན། །མ་འོངས་པ་ནི་སངས་རྒྱས་ཐོད་པ་ཞེས་པའི་གཞུང་ཞིག་ཡིན། །མ་འོངས་པ་ནི་འདས་པའི་དུས་ཀྱི་སྒོ་ང་ཕྱེད་ཚལ་ཡིན། །མ་འོངས་པ་ནི་དྲང་སྲོང་མེ་ཏོག་འབོད་པའི་རྩོམ་ལུས་ཤིག །མ་འོངས་པ་ནི་གླང་བོ་རྣམ་འདྲེན་སྐད་པའི་མི་སྣ་ཞིག །མ་འོངས་པ་ནི་འཛམ་གླིང་གཡས་སུ་བཞག་པའི་བྱོལ་སོང་ཞིག །མ་འོངས་པ་ནི་འདས་པའི་དུས་ཀྱི་མེ་མཁའ་རྒྱ་མཚོ་ཡིན། །མ་འོངས་པ་ནི་རྨི་ལམ་སྔོན་པོ་གཏོང་བའི་གངས་རི་ཡིན། །མ་འོངས་པ་ནི་དཔེ་ཆའི་རྒྱབ་ཤོག་རྩོད་པའི་དམག་དཔུང་ཡིན། །མ་འོངས་པ་ནི་དགུན་གྱི་ཁུ་བྱུག་ལྟ་བུའི་སྙན་ངག་ཡིན། །མ་འོངས་པ་ནི་འདས་པའི་དུས་ཀྱི་གཡུང་དྲུང་ལག་འཁྱིལ་ཡིན། །མ་འོངས་པ་ནི་རྒྱལ་བ་རྒྱ་མཚོ་ཞེས་པའི་གྲུ་ཁ་ཞིག །མ་འོངས་པ་ནི་ནམ་མཁའི་ཕྱག་རྒྱ་ཞེས་པའི་དུས་ཆེན་ཞིག །མ་འོངས་པ་ནི་ལོ་མའི་དོན་རྐྱེན་ཞེས་པའི་ཆག་སྒོ་ཞིག །མ་འོངས་པ་ནི་འདས་པའི་དུས་ཀྱི་རི་དྭགས་སྐྱོ་གླུ་ཡིན། །མ་འོངས་པ་ནི་དྲན་པའི་ནང་དོན་ཟེར་བའི་ཐང་ཆེན་ཡིན། །མ་འོངས་པ་ནི་ནགས་ལྷའི་གྲིབ་མ་ཟེར་བའི་རོལ་རྩེད་ཡིན། །མ་འོངས་པ་ནི་བོང་ཕྲུག་ཉི་ཤུ་ཟེར་བའི་གབ་ཚིག་ཡིན། །མ་འོངས་པ་ནི་འདས་པའི་དུས་ཀྱི་འཇའ་ལམ་དར་ཐག་ཡིན། །མ་འོངས་པ་ཡི་བྱིའུ་ཕྲུག་དག་གི་ཁ་ནང་སེར་པོ་ཡིན། །ད་ལྟའི་དུས་ཀྱང་བྱིའུ་ཕྲུག་དག་གི་ཁ་ནང་སེར་པོ་རེད། །འདས་པའི་དུས་ཀྱང་སེར་པོ་མར་ཁུ་འདྲ་བ་ཡིན་ལས་ཆེ། །དེ་སྐད་གང་བྱུང་ལབ་རྡོལ་སྙན་ངག་འདི་འདྲ་སེང་རྡོར་བྲིས། ། ༢༠༡༣།༢།༧།
 
            ༄༅།།ཁྱེད་རང་ད་བར་དུ་གང་ལ་སྦས་པ་ཡིན།
ཁོ་བོ་ཡོང་སའི་ལམ་ཐག་ཞེ་དྲག་རིང་པོ་ཡིན། །ཕོ་ལོ་ཉི་ཤུའི་སྒང་གཤོང་ཏན་ཏན་རྗེས་སུ་བསྐྱུར། །འབབ་ཚིགས་མཐའ་མའི་སྒང་ནས་ཁྱེད་དང་མཇལ་ཁ་ཞུས། །བསྐལ་པའི་ཁ་ཆད་བཙན་པོ་ཕར་བཤད་ཚུར་ལབ་བྱས། །དོ་དགོང་ཞག་མལ་གཏོང་ངམ་ང་ཡི་སྨིན་མཛེས་མ། །ཡང་ན་ལ་གོར་བཞུད་དམ་བདག་གི་ལུས་ཕྲ་མ། །ལྟོས་དང་མཚན་མོའི་སྲང་ལམ་འདི་ལྟར་བློང་ཞིང་བློང༌། །བུ་ཆུང་སེམས་ཀྱི་གསེར་ཐག་གང་ལ་ཅི་ལྟར་མདུད། །ཁྱེད་རང་ལོག་སའི་ཡུལ་ཡང་འདི་ཙམ་མིན་ཚོད་རེད། །མོ་ལོ་ཉི་ཤུའི་རྒྱལ་ཕམ་བྲང་ཁར་སྦས་ཏེ་ཡོད། །མགྲོན་ཅོག་རྗེས་མའི་འཁྲིས་སུ་ང་དང་གྲུ་ཐུག་བརྒྱབ། །ཚེ་ཡི་ཐོབ་སྐལ་གཉན་པོ་ཡང་བཤད་བསྐྱར་བཤད་བྱས། །དོ་དགོང་ལམ་ཆང་མཆོད་དམ་ང་ཡི་སྐད་སྙན་མ། །ཡང་ན་ཤད་ཀྱིས་འགྲོའམ་བདག་གི་ངག་བདེ་མ། །སོམས་དང་མཚན་མོའི་གློག་ཞུ་འདི་ལྟར་སྐྱ་ཞིང་མོག །བུ་ཆུང་ཡིད་ཀྱི་ཤེལ་སྒོ་སུ་ལ་ཅི་ལྟར་སྟོན། །མི་ཚོགས་རྒྱ་མཚོ་བཞིན་དུ་གཏིང་མཐའ་མེད་ནའང༌། །ལས་དབང་གཏན་འཁེལ་བཞིན་དུ་ནོར་འཛོལ་མི་མངའ་སྟེ། །ང་ཡིས་ཁྱེད་རང་འདི་ལྟར་བདེ་བླག་རྙེད་པ་དང༌། །ཁྱེད་ཀྱིས་ང་ཡང་དེ་ལྟར་སྙམ་མེད་ཟིན་པ་ལགས། །ད་ནི་སྡོད་ཁང་ཟུར་ནས་ངང་ཙམ་ཁ་བརྡ་ཨེ་གློད་དམ། །ཡང་ན་ཕྱི་མིག་དང་བཅས་སོ་སོའི་ལམ་དུ་བརྟོལ་འགྲོ་འམ། །ཉོན་དང་སྟོན་ཟླའི་ཞག་ཆར་འདི་ལྟར་ངུ་ཞིང་འཁུན། །བུ་ཆུང་འདུན་པའི་ལབ་སོན་ནམ་ཞིག་སུ་ཡིས་འཁྱེར། ། ༢༠༡༠།༡༠།༢༣།
 
            ༄༅།།སྙན་ངག་ཁ་གསལ་ཨེ་འབྲི་ཟེར་ན།
དགོན་པའི་ནང་གི་གྲྭ་བ་རྣམས་ཀྱི་དགོས་ཆེད་དུ། །སྙན་ངག་ཁ་གསལ་ཨེ་འབྲི་ཟེར་ན་ལོས་འབྲི་སྟེ། །འུ་ཚོའི་ཕུར་མ་སེར་པོ་གཡོ་བའི་ཤིང་སྒོ་ཞེས། །དེ་རིང་སྙན་ངག་ག་བུར་རིལ་བུ་མི་འཐུང་རི། །གང་ཞིག་མཚམས་སྤྲིན་སོ་མ་རི་རྩེར་ལྷུང་བ་ལྟའི། །བོད་ཀྱི་བན་དེ་ཁོ་ཚོའི་བློ་ཁ་དེ་ཡིས་རྫོགས། །སྡེ་ཆེན་གྲོང་གི་ཡུལ་མི་རྣམས་ཀྱི་དགོས་ཆེད་དུ། །སྙན་ངག་གོ་བདེ་ཨེ་འབྲི་ཟེར་ན་ལོས་འབྲི་སྟེ། །འུ་ཚོའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ཞེས། །དེ་རིང་སྙན་ངག་གསེར་གྱི་ལི་མ་མི་སྟོན་རི། །གང་ཞིག་སྔོ་རྩྭ་གསར་བས་ཆུ་འགྲམ་མཛེས་པ་ལྟའི། །ང་ཡི་སྤུན་མཆེད་དག་གི་རྣ་བར་དེ་རང་འཇེབས། །དྲ་བའི་སྒང་གི་མི་ལྷག་དག་གི་དགོས་ཆེད་དུ། །སྙན་ངག་ཁ་གསལ་ཨེ་འབྲི་ཟེར་ན་ལོས་འབྲི་སྟེ། །འུ་ཚོའི་སྒྲུང་སྐད་ཐ་ལ་དྲུག་འགྱུར་ཡིན་ནོ་ཞེས། །དེ་རིང་སྙན་ངག་བཀྲ་ཤིས་བདེ་ལེགས་མི་རྩོམ་རི། །གང་ཞིག་གནའ་མི་ཁྱུ་གཅིག་ཡང་བསྐྱར་གསོན་པ་ལྟའི། །ད་ལྟའི་ཀློག་མཁན་ཕལ་གྱི་ཆུ་ཚད་དེ་ཉིད་དོ། །ཡིན་ཡང་རང་དང་རང་འདྲའི་མི་ཡི་དགོས་ཆེད་དུ། །སྙན་ངག་གོ་བདེ་ཨེ་འབྲི་ཟེར་ན་མི་འབྲི་སྟེ། །འུ་ཚོའི་སྨྱུག་རྩེས་ཕྱོགས་བཅུ་དུས་གསུམ་སྦྲེལ་ཡོང་ཞེས། །དེ་རིང་སྙན་ངག་འབྱུང་བོའི་བསྒྲགས་གཏམ་མི་སྤེལ་རི། །གང་ཞིག་རྩོམ་འབྲིའི་ཆོས་ཉིད་ཕྲ་མོ་རྙེད་པ་ཡི། །ང་ཚོ་སྐོར་ཞིག་དུས་མཐའི་མཛེས་པའི་ཁེར་རྐྱང་སྒོམ། །༢༠༡༣།༢།༨།

                                                                 ༼པར་བ་གངས་ཕྲུག་དོན་གྲུབ་ཡིན༽
 
                          (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང་།)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེང་རྡོར་གྱི་ཉེ་བའི་དུས་ཀྱི་སྙན་ངག་ཕྱོགས་བསྒྲིགས།

2014-01-04 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།