ཐེ་ཀོར་གྱི་སྙན་ངག་ཅིག་གོ་བདེར་བསྒྱུར་བ་མི་ཕྱེད་པའི་སྙིམ་པ་ཞེས་བྱ་བ།

ར་པིན་ཏཱ་ར་ན་ཐཱ . ཐེ་ཀོར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2014-05-21


རབ་བྱེད་དང་པོ།
ཁྱེད་ཀྱིས་ངོས་རང་གཞི་ནས་ཞི་བར་བཀོད། །
ཁྱེད་ནི་ལས་སུ་བྱ་བ་འདི་ལ་མཉེས། །
ཕྱི་ཕྱིར་བྲི་བར་བྱེད་ཅིང་གང་བར་བྱེད། །
ཕྱི་ཕྱིར་གསར་པ་གསར་པའི་ཚེ་སྲོག་སྟེར། །
 
སོར་རྩེས་གླིང་བུ་བསྒྱུར་པའི་ག་ལ་བར། །
གཏན་དུ་རྙིང་པ་མེད་པའི་ང་རོ་ནི། །
གྲངས་མང་རི་བོའི་སྐེད་དང་ཆུ་ཀླུང་ངོགས། །
བྲག་ཅར་འཁོར་ཞིང་འཁོར་ཞིང་འགྲོ་བ་ཡོད། །
 
ཁྱེད་ཀྱི་ཕྱག་རྒྱའི་སྣང་བ་ཕོག་པ་ཡིས། །
གུས་པོའི་སྙིང་ལ་སྐྱིད་པ་དཔག་མེད་བྱུང་། །
ངག་རྣམས་ཇི་ལྟ་ཇི་ལྟར་དིག་པ་བཞིན། །
སླད་ཀྱང་དེ་ལྟ་དེ་ལྟར་བརྡོལ་བར་གྱུར། །
 
ཁྱེད་ནས་བྱུང་བའི་གཏོང་བ་སྣ་ཚོགས་ཀྱིས། །
གུས་པོའི་ཁྱོར་བ་འབའ་ཞིག་བཀྲ་བར་བྱས། །
གང་དུ་དུས་དང་གནས་སྐབས་ཡོལ་ནའང་།
ཁྱེད་ཀྱི་གནང་སྦྱིན་ཟད་པ་མ་མཆིས་ཤིང་། །
ཇི་སྲིད་ཁྱེད་ཀྱི་གཏོང་བ་མཆིས་པའི་བར། །
དེ་སྲིད་བདག་ཀྱང་ཁྱོར་བ་བཏེགས་ཏེ་བཅར། །
 
རབ་བྱེད་གཉིས་པ།
ནམ་ཞིག་མཆོག་གིས་ངོས་ལ་གཞས་ཐོང་གསུངས། །
ངོས་ནི་རྒྱུ་མཚན་མེད་པར་གུས་ཤིང་འཚབས། །
ངང་གིས་མཆི་མ་འཁྲིགས་ཤིང་བ་སྤུ་གཡོས། །
ངང་གིས་སྣང་བ་འགྱུར་ཞིང་སེམས་ངོ་འཕྲོད། །
རིམ་པས་མགོ་བོ་བཏེགས་པས་ཞལ་ཁྱིམ་མཇལ།།
ཨེ་མ་འདི་ཚོད་བརླིང་ཞིང་འདི་ཚོད་དད། །
 
བདག་ལས་བྱུང་བའི་སྤབས་དང་དྲི་མ་སོགས། །
བདག་གི་འཁྲིས་ཀྱི་རྨོངས་དང་འགལ་འདུ་སོགས། །
ཞི་བའི་དབྱངས་ཀྱི་ངོ་བོར་གྱུར་ནས་ནི། །
དགེ་བའི་གདངས་ཀྱི་བྱེད་པར་སོང་ནས་ནི། །
བླ་མེད་མཆོད་སྤྲིན་དེ་སྙེད་འདི་སྙེད་གང་། །
འདབ་ཆགས་སྣ་ཚོགས་མཁའ་ལ་ལྡིང་འདྲར་ཤེས། །
 
གཞས་ཀྱི་ཁྲོད་ནས་ཁྱེད་ཀྱིས་རྗེས་སུ་བཟུང་། །
གཞས་ཀྱི་ཁྲོད་དུ་ཁྱེད་དང་ཉེ་བར་བཅར། །
 
གཞས་ཀྱི་ཁྲོད་ནས་ཁྱེད་ཀྱི་རེག་བྱ་རྙེད། །
དེ་ནི་ངོས་ཀྱི་བདེ་བ་འབའ་ཞིག་ལགས། །
གུས་པོ་གཞས་ཀྱིས་ར་རོར་གྱུར་པའི་ཚེ། །
འཕགས་པ་ཁྱེད་ལ༼ཁོ་རེ༽ཞེས་ཀྱང་བོས། །
 
རབ་བྱེད་གསུམ་པ།
འདྲེན་པ་ཁྱེད་ཀྱི་གཞས་ལ་སེམས་སོང་སྟེ། །
བདག་ནི་མི་ཕྱེད་ཡིད་ཀྱིས་རྣ་བ་གཏོད། །
ཚངས་པའི་འབྲུ་དག་གཅིག་ཏུ་ཤེས་འདོད་ཀྱིས། །
ཕྱི་ཕྱིར་སྒུག་བཟོད་མེད་པའི་བློ་སྣ་འཛིངས། །
 
ངག་གི་སྣང་བ་འདི་འདྲ་ཨེ་མའོ་དགའ། །
ཞིང་རྣམས་རབ་ཏུ་གསལ་ཞིང་གསལ་བར་བྱས། །
ངག་གི་བདུག་སྤོས་འདི་འདྲ་ཨེ་མའོ་འཐད། །
དབྱིངས་རྣམས་མཛེས་ཤིང་ཉམས་དགའ་ཁོ་ན་མཛད། །
གཙང་པོས་རླབས་རིས་ཆིལ་ཆིལ་གཞས་སྒྲ་འཐུ། །
རྡོ་བས་ཆག་རྩེ་སིལ་སིལ་གཞས་སྒྲ་འཐུ། །
 
ཁྱེད་བཞིན་གླུ་གཞས་གཏོང་བར་ཅི་མི་དགའ།།
འོན་ཏེ་གཏོལ་མེད་ལས་འདིར་ཅི་ཙུག་བྱེད། །
 
ག་རེ་ལེན་འདོད་བྲེལ་སྣང་སྐྱེས་པའི་འཕྲོར། །
གང་ཡང་མི་འཁྲོལ་ངོས་ཀྱི་གྲེ་བ་ཨང་། །
བདག་པོའི་ང་རོའི་དྲ་བ་དྲ་ཕྱེད་ཀྱིས། །
བདག་གི་དྲན་པ་འདི་ལྟར་སྦྲིད་པར་བྱས། །
 
རབ་བྱེད་བཞི་པ།
གང་ཚེ་མགོན་པོ་ཁྱེད་ཀྱིས་ཕྱག་དབང་བསྩལ། །
དེའི་ཚེ་བདག་ནི་ངང་གིས་མགུ་པོ་བྱུང་། །
སྐེ་དང་ཕྲག་པ་མ་ལུས་དྲོད་ཀྱིས་ཟིན། །
ལུས་ཀྱི་ཆ་ཀུན་སྔར་མེད་བདེ་བས་གཏམས། །
འཕགས་པ་ཁྱེད་ལ་གཏོགས་པའི་གུས་ཕྲན་ང་། །
མི་གཙང་གཞན་དང་ནམ་ཡང་ཕྲལ་བར་ཤོག །
 
དེའི་ཕྱིར་སྔར་གྱི་བག་ཆགས་མ་ལུས་བསྐྲོད། །
སེམས་ཀྱི་ངོགས་ཀུན་གད་བདར་གཙང་མ་བགྱིད། །
ནང་གི་གསར་བརྗེ་རིང་མོ་འདི་ནས་རྩོམ། །
སེམས་ཀྱི་གཞིས་ཆགས་གསར་པ་འདི་ལྟར་བསུ། །
རྒྱུ་མཚན་འདྲི་ན་མགོན་པོ་ཁྱེད་གཅིག་ཙམ། །
བདག་གི་ཧྲིལ་པོར་གནས་འོས་འབའ་ཞིག་གོ །
 
བར་དུ་གཅོད་པ་ཅི་མཆིས་ལོགས་སུ་འཕུད། །
དེ་ཡི་ཚབ་ཏུ་དང་བ་ཉག་གཅིག་བསྟེན། །
རྒྱུ་མཚན་འདྲི་ན་བརྩེ་བའི་བདག་པོ་དེ། །
གུས་པོའི་ཡིད་མཁར་ཟིལ་གྱིས་ལྷགས་པས་སོ། །
 
བདག་གིས་བདག་གི་ཆ་ཤས་ཕྲ་མོ་རེར། །
ཁྱེད་ཉིད་ཁྱབ་ཅིང་གནས་པ་མཚོན་སྙིང་འདོད། །
ཅི་སླད་ཅེ་ན་ངོས་ཀྱི་ཡོད་རྒུ་ཅོག །
མགོན་པོ་ཁྱེད་དང་དབྱེ་རུ་མེད་པས་སོ། །
 
རབ་བྱེད་ལྔ་པ།
ཁྱེད་ཀྱིས་ངོས་ལ་དུས་ཚོད་འཁྱུག་ཙམ་སྩོལ། །
ཁྱེད་དང་མོལ་བའི་དུས་ཚོད་འཁྱུག་ཙམ་སྩོལ། །
གུས་པོའི་དོན་ཆུང་གཞན་དག་གླེང་རན་ཅི། །
འགྲུབ་དང་མ་འགྲུབ་ཅི་ཡང་རུང་བ་ཡིན། །
 
ལས་ཀ་མང་པོ་མཚོ་ཆུ་ལུད་འདྲ་ཡང་། །
ཁྱེད་ཉིད་འབའ་ཞིག་ཡིད་ལ་གཏོང་མི་བྱེད། །
གང་དང་གྱེས་པས་བདག་བློ་དྭངས་དུབ་མང་། །
མཇལ་སྙིང་དྲག་པོ་རེ་རེས་ཅི་བྱར་གཏོད། །
 
དེ་རིང་རླུང་གི་ནང་གི་ཚ་བ་ནི། །
སྒོ་དང་དང་སྒེའུ་ཁུང་བརྟོལ་ཏེ་འཛུལ་རྐྱང་བྱེད། །
སྦྲང་མའི་ཁྱུ་ནི་ཤག་ཤག་འཕུར་ཞིང་ནི། །
མཐོ་དམའི་མེ་ཏོག་དག་ཏུ་རང་མོས་འབབ། །
 
འདི་འདྲ་ཉམས་སུ་ལེན་པའི་སྐལ་བཟང་སྟེ། །
སྐལ་བཟང་འདི་འདྲ་འཕྲོ་ནས་ཅི་ལྟར་རྙེད། །
དེས་ན་མགོན་པོ་ཁྱེད་ཀྱི་མདུན་ས་རུ། །
དང་བའི་རྣམ་འགྱུར་བཅས་ཏེ་འཁོད་པ་དགའ། །
མྱ་ངམ་ཐང་དང་འབྲོག་དགོན་བརྟོལ་ཞིང་དུ། །
ཁྱེད་ལ་ཚེ་སྲོག་ཁུར་བའི་གླུ་གཞས་གཏོང་། །
 
རབ་བྱེད་དྲུག་པ།
ཕྱག་གིས་མེ་ཏོག་འདི་ལ་རེག་པར་འཚལ། །
ཤངས་ཀྱིས་མེ་ཏོག་འདི་ལ་བསྣོམ་པར་འཚལ། །
གང་བུ་ཐོན་ཞིང་བསུང་ངད་འཆོར་བ་འདི། །
དུས་ཀྱིས་འབྲུལ་བར་བྱས་ན་ཅང་བཟོད་དམ། །
མྱུར་དུ་འཐུ་གྲབས་ཀྱིས་དང་འདྲེན་པ་ཀྱེ། །
ད་ལྟར་འདབ་མས་སྒུལ་དང་བདག་པོ་ལགས། །
 
ཁྱེད་ཀྱི་མེ་ཏོག་བཀོད་པའི་བར་ཁྱམས་ན། །
མེ་ཏོག་རྣམས་ཀྱི་དྭངས་རྩེ་ག་ཚོད་མེད། །
དེ་ལྟ་ནའང་གུས་པོའི་མེ་ཏོག་འདི། །
མཐེབ་སྲིན་བར་སོགས་ངང་ཙམ་གཟུང་བར་ཞུ། །
མྱུར་དུ་ཡུ་བ་ཆོད་དང་མགོན་པོ་ཀྱེ། །
ད་ལྟར་ཕྱག་མཐིལ་ལོངས་དང་འཕགས་པ་ལགས། །
 
ད་ལྟར་མཚན་མོ་བསླེབ་ན་ཅི་ཞིག་བྱ། །
ད་ལྟར་གཉིད་དུ་ལོག་ན་ཅི་ཞིག་བྱ། །
མཆོད་པའི་དུས་ཚིགས་ཡོལ་ན་ཅི་ཞིག་བྱ། །
མཇལ་བའི་སྐལ་བཟང་ཤོར་ན་ཅི་ཞིག་བྱ། །
དེ་བས་ད་ལྟ་ཉིད་དུ་ཡུ་བས་འཐེན། །
ཅིས་ཀྱང་ཟག་རལ་མེད་པར་འཐོག་པར་གྱིས། །
 
ཆེ་ཞིང་སྒོར་བའི་བོངས་ཚོད་མེད་ན་ཡང་། །
མདོག་དང་དྲི་མ་རན་ཙམ་ཡིན་ན་ཡང་། །
མགོ་ལྕོགས་ལྡེམ་གྱིན་མགོན་པོ་ཁྱེད་ལ་བསྔོ། །
དྲི་ཞིམ་འཐུལ་གྱིན་འཕགས་པ་ཁྱེད་ལ་མཆོད།
དེ་བས་བསྙེལ་བ་མེད་པར་ཡུ་བས་འཐེན། །
ཅིས་ཀྱང་ཕྱི་འགྱངས་མེད་པར་འདབ་མས་སྒུལ། །
 
རབ་བྱེད་བདུན་པ།
རྒྱན་གྱི་ལོགས་སུ་ཐོན་པ་ང་ཡི་གླུ། །
དར་གྱི་ཡོལ་བའི་ཟུར་ཞིག་སྒྲེན་པོར་འགུལ། །
ཆས་ཀྱི་ཐོགས་སྒྲིབ་ཅི་ཡང་མེད་པའི་ངང་། །
སྙིམ་པ་བཏེགས་ཏེ་ཁྱེད་ཀྱི་མཐའ་ནས་འདུད། །
ཁྱེད་ནི་ཚངས་པར་སྤྱོད་པའི་སྙན་ངག་པ། །
ཁྱེད་ནི་ཁྱབ་པར་འཇུག་པའི་སྙན་ངག་གོ །
 
ཁྱེད་ཀྱི་དྲུང་ན་གཅེར་བུས་ཉལ་བྱས་ཏེ། །
ཁྱེད་ཀྱི་དྲུང་ན་དད་པའི་དབྱིངས་ཞུགས་སོ། །
གུས་ཕྲན་གླིང་བུར་སྒྱུར་དང་མགོན་པོ་ཀྱེ། །
གླིང་བུར་ཞལ་ཁྱིམ་ལྟོས་དང་བདག་པོ་ཀྱེ། །
བུ་གར་སོར་མོས་ཐུག་དང་ཇོ་བོ་ཀྱེ། །
མི་ཟད་དབྱངས་སྙན་ཐོང་དང་འཕགས་པ་ཀྱེ། །
     
རབ་བྱེད་བརྒྱད་པ།
རྒྱན་གྱིས་བརྒྱན་པའི་གང་ཟག་མ་ལེགས་ཏེ། །
རྒྱལ་བུ་ནང་བཞིན་གོས་ཚགས་བསྲུང་བར་བྱེད། །
གང་འདོད་ལྡིང་བར་མི་བྱ་བརྒྱུག་མི་བྱ། །
བྱ་རྨྱང་ཚུན་ཆད་དལ་བུ་ཙམ་ཞིག་སྐྱོང་། །
 
ཤིང་ལ་ཐོགས་ནས་གཤག་གིས་དོགས་པ་དང་། །
ས་དང་རྩྭ་ཡིས་འགོ་ཡིས་དོགས་པ་སྟེ། །
དགྱེ་སྒུར་ཙམ་ཡང་སྲོལ་དང་བཅས་པས་བྱེད། །
རྒྱན་གྱི་འཆིང་བ་འདི་ཙམ་ཐལ་བ་ལགས། །
 
རྒྱན་གྱི་ཕྱིར་དུ་མི་རྣམས་ཆར་དང་དང་གཡོལ། །
ཚངས་པའི་བྱབས་ཁྲུས་མྱོང་བའི་རང་དབང་ཤོར། །
རྒྱན་གྱིས་གཅུན་པས་མི་ཚོས་ཉི་འོད་སྤོང་། །
གསེར་གྱི་འདམ་བག་མཐོང་ཡང་ཅི་མི་སྙམ། །
 
ངོས་ནི་ད་ལྟར་རླུང་ནང་འགྲེང་བྱས་ཏེ། །
ཉིད་ཀྱི་དྲི་མ་བསྣོམ་ཞིང་མྱོང་བར་བྱ། །
ས་རྡུལ་དག་དང་རྩྭ་འབྲུ་རྡོག་རེས་ཀྱང་། །
གང་གི་ཆ་ཤས་སོ་སོ་མཚོན་པ་ཤེས། །
 
རྒྱན་ལས་གྲོལ་བས་ཁྱེད་ཀྱི་ཟབ་ཚད་ཤེས། །
ཡབ་ཆེན་ནམ་མཁའ་དེ་ཡང་ཁྱེད་ཡིན་ཤེས། །
རྒྱན་ལས་གྲོལ་བས་ཁྱེད་ཀྱི་ཁྱབ་ཚད་རྟོགས། །
ཡུམ་ཆེན་ས་གཞི་དེ་ཡང་ཁྱེད་ཡིན་རྟོགས། །
 
རབ་བྱེད་དགུ་པ།
རང་གིས་རང་ཉིད་པང་བ་མི་སྲིད་ཅིང་། །
རང་གིས་རང་ལ་སློང་མོ་ཅི་ལྟར་བྱེད། །
འདུན་པ་ཡོད་ཚད་སྙིམ་པའི་ཁྲོད་དུ་སྟེ། །
དེ་ལ་མནལ་ལམ་དུ་ཡང་བློ་འཁེལ་གྱིས། །
གཞན་དུ་ཕངས་པའི་ཤུགས་རིང་སུ་ལ་འཐེན། །
གཞན་དུ་འཕྲེང་བའི་ཕྱི་མིག་གང་ལ་འཕེན། །
 
མི་ཡི་ཁ་རླངས་ཕོག་པའི་དཀར་མེའི་ཚོགས། །
དུ་བའི་ཉག་མ་དང་བཅས་རེང་བར་འགྱུར། །
འདི་ནི་འོས་པ་མིན་པའི་ལས་ཡིན་ཏེ། །
འདི་འདྲ་རྣམ་པ་ཀུན་ཏུ་འདོར་བར་བྱོས། །
ཚངས་པའི་བརྩེ་བ་ལས་ནི་བྱུང་དེ་ཉིད། །
གུས་པོས་སྤྱད་པར་འོས་པ་ཤ་སྟག་ལགས། །

རབ་བྱེད་བཅུ་པ།
སུ་དག་མྱ་ངམ་ཐང་ན་ཡུལ་པོས་རྒྱུག །
སུ་དག་གཉའ་ཤིང་འཁུར་ཏེ་སྒྲ་མེད་ངུ་། །
སུ་དག་གཏོལ་མེད་ངང་ལ་ཁོ་ཐག་ཆོད། །
སུ་དག་ཕམ་པའི་ཨམ་གཙིགས་གསོན་རེ་བྲལ། །
ཁྱེད་ནི་དེ་འབའ་ཞིག་ན་ངོ་ཕེབས་གནང་། །
ཁྱེད་ནི་དེ་འབའ་ཞིག་ན་ཞབས་ཐང་འགྲུལ། །
 
ཐ་མའི་ཐ་མ་ལས་ཀྱང་མས་ཤིག་སྟེ། །
ཁྱེད་ཀྱི་བཞུགས་གནས་ཤག་ཤག་དེ་ལ་རེད། །
གོས་ཧྲུལ་འོད་ཀྱིས་བརྒྱངས་ཏེ་ཞིང་ཁ་འདེབས། །
གྱོལ་འོན་ཞར་ལྐུག་འབའ་ཞིག་ནང་ཚགས་བྱེད། །
སྐྱོ་བོའི་ཡུལ་དེར་ངོས་ཀྱིས་ཅི་ལྟར་ཕྱིན། །
དྲེགས་པ་གཙང་འཁྲུས་མ་བྱས་སླེབས་ས་མིན། །
 
འོག་མའི་འོག་མ་ལས་ཀྱང་ཞབས་ཤིག་སྟེ། །
ཁྱེད་ཀྱིས་འགྲོ་དོན་ཤ་སྟག་དེ་ན་རྩོམ། །
བསམ་བཞིན་ལ་མོ་བརྒལ་ཞིང་ཆུ་མོ་གཅོད། །
འབྲུ་ལ་སོ་ཡིས་གཅོག་ཅིང་ཕད་གོག་ཉར། །
འབག་པའི་ལམ་དེར་ངོས་ཀྱིས་ཅི་ལྟར་སྤོ། །
ཁེངས་པ་གད་རྒྱག་མ་ཟིན་ཐར་ས་མིན། །
 
རབ་བྱེད་བཅུ་གཅིག་པ།
པུས་འཛུགས་ཆ་ལུགས་སྔོན་དུ་བཏང་ནས་ཅི། །
ཕྱག་རྒྱ་སིག་སིག་གང་ལ་ཅི་ཞིག་བསྔོ། །
མུན་ནང་འཐུམས་ཤིང་ཉལ་བས་ག་རེ་མཚོན། ། །
སྐུ་བརྙན་ཕག་ཕག་བལྟས་ཏེ་སུ་ལ་མཆོད། །
ཁོང་ཉིད་བཞུགས་ས་འདི་ཡི་ཐག་རིང་སྟེ། །
ཁྱོད་ཀྱིས་འགྲོ་འདོད་མི་བྱེད་གྲོང་གསེབ་ནའོ། །
 
ཁོང་ཉིད་སྦྱག་མ་བཟུང་སྟེ་ཡུར་བ་བསྲུང་། །
ཁོང་གིས་ལས་གཞས་གཏོང་ཞིང་རྩྭ་ལྡུམ་འབལ། །
ཁ་རླངས་སོབ་སོབ་ཆད་ཆད་ཉི་འོག་རྒྱུ། །
སྐྲ་ལོ་སྐྱ་ཕྱེད་སྔོ་ཕྱེད་ཆར་ནང་བཞེངས། །
ཁོང་གིས་ཉམ་ཐག་ཁྲོད་ན་ཉམ་ཐག་གནང་། །
ཁོང་གིས་ཡུལ་པོའི་ཁྲོད་ན་ཡུལ་པོ་མྱོང་། །
ཕྱུ་བ་ས་ཡིས་འཚོས་པའི་མགོན་པོ་གང་། །
དར་ཟབ་བཀླུབས་པ་ང་ཚོས་ཅི་ལྟར་བཅར། །
 
རྒྱན་གྱི་སྦུབས་རྒྱ་བརྟོལ་བ་ཅི་མི་དྲག །
ད་ལྟ་རང་དུ་འདམ་བཅས་མགོན་དྲུང་ལོག །
 
གྲོལ་བ་འདོད་ན་གྲོལ་བ་གུད་དུ་སྟེ། །
མཆོད་བསྟོད་རྦོད་གཏོང་སོགས་ལ་ཅང་མི་ལྟོས། །
ཁོང་ནི་མི་ཡི་ཁྲོད་ན་མི་བཞིན་དུ། །
སྒོ་ལྔའི་རང་བཞིན་སྤྱད་དེ་ལུང་དུ་སྟོན། །
ཁོང་གིས་ཆེད་མངགས་ངའི་ཚོའི་ནུས་པར་བསྟུན། །
ཐེམ་པ་རེ་རེ་བཞིན་དུ་ག་ལེར་འཁྲིད། །
ལ་ལ་འཁུར་ཞིང་འགའ་ཞིག་པང་བ་སྟེ། །
ཅིས་ཀྱང་ཚོམ་བུ་གཅིག་ཏུ་སྨིན་པ་བྱེད། །
 
དྲན་པ་ཉེ་བར་བཞག་མདོག་ཆོ་མེད་རེད། །
མེ་ཏོག་གཡུགས་ཏེ་ཅུང་ཟད་མཉེས་པ་མེད། །
གཉན་འཕྲང་བརྒལ་བས་ཁོང་ཉིད་སླ་པོར་རྙེད། །
ཚུལ་འཆོས་དོར་བས་དེ་ཉིད་མདུན་ན་མཐོང་། །
 
 རབ་བྱེད་བཅུ་གཉིས་པ།
བདག་ནི་ཁྱིམ་ནས་ལམ་སེང་འདི་ལ་བརྟོལ། །
འདི་ནས་ཡང་བསྐྱར་བདེ་ལྕག་འཁྱུག་པོས་ཐེགས། །
ཤིན་ཏུ་ཐོག་མཐའ་མེད་པའི་དུས་ཤིག་ནས། །
ཤིན་ཏུ་ཕ་མཐའ་མི་རྙེད་ཡུལ་དག་བརྒལ། །
བར་འགའ་རྐང་ཐང་བར་འགའ་ཤིང་རྟས་བགྲོད། །
བར་འགའ་འབོད་ཅིང་བར་འགའ་འདྲི་བརྩད་བྱས། །
 
ཁྱེད་ནི་ཕྱོགས་བཅུའི་རྡུལ་ཕྲན་གང་ལ་སྦེད། །
ཁྱེད་ནི་གླིང་ལྔའི་ཅ་ལག་ཅི་ལ་འདྲེས། །
རྙེད་པའི་རྙེད་མཐའ་མེད་པ་ང་རེ་དཀའ། །
སོང་བའི་སོང་ཚོད་མེད་པ་ང་རེ་སྐྱོ། །
 
རི་མགོ་ཕལ་ཆེར་ངལ་གསོ་མ་བྱས་མེད། །
རྒྱུ་སྐར་བྱེ་མ་ཅན་དག་རྐང་རྗེས་བཀོད། །
ལོ་མའི་ཆུ་ལ་འཐུངས་པ་ཐེངས་གཅིག་མིན། །
གནམ་སའི་ཨ་ལོང་ཡང་ལོང་བློ་ལ་བཏབ། །
དེས་ཀྱང་ཁྱེད་ནི་ས་ལ་ཁབ་བོར་ལྟར། །
ཕྱོགས་ཙམ་མ་འཚལ་འདི་འདྲ་ཅི་རང་དྲག །
 
རྒྱང་རིང་གོམ་པས་བརྒལ་བས་ཕྱིན་མོད་ཀྱང་། །
ཐག་ཉེར་སླེབས་པ་དེ་ལས་ལྡབ་ཀྱིས་རིང་། །
འབྲུ་མེད་འགྱུར་ཁུག་འབའ་ཞིག་རྩོམ་པར་ཡང་། །
མནོ་བསམ་ག་འདྲའི་ཡག་ཤོས་མི་གཏོང་ངམ། །
ཁྱེད་ཉིད་སེམས་ཀྱི་ནང་ལོགས་བསྡད་ཡག་ཏུ། །
རི་ཐང་མདུད་པ་བརྒྱབ་པའི་ང་རེ་ལྐུགས། །
 
བྱེས་པས་སྒོ་མང་མཐར་གྱི་ཁྱིམ་རྙེད་ལྟར། །
ཁྱེད་ཀྱི་གནས་ས་ཤེས་པས་སྙིང་ཁ་ལྡིང་། །
མི་ཡུལ་རྒྱལ་ཁམས་ཟད་ཀྱང་མ་འགྲུབ་པ། །
ད་ལྟར་རང་གི་ངང་དུ་རྫོགས་པས་འཚབ། །
ང་ནི་དགའ་དྲགས་གཡས་གཡོན་ཀྲོག་ཀྲོག་བལྟས། །
དེ་ནས་རང་འཇགས་གཉའ་ཤིང་གང་ཙམ་བལྟས། །
མཐར་ནི་བློ་རྩེ་ཉག་གཅིག་ཡོང་བྱས་ཏེ། །
ཁྱེད་ནི'འདི་ན་ཡོད'ཅེས་ཤོད་པར་ཐལ། །
 
'གང་ན་བཞུགས'ཞེས་ཐལ་བ་བྲག་ཅར་འཁོར། །
འཇིག་རྟེན་ཐམས་ཅད་དེ་ཡི་ལད་རྒྱུན་བཟློ། །
'འདི་ན་ཡོད'ཅེས་ཅ་ལག་ཡོད་རྒུས་ཟེར། །
ཚིག་དུམ་འདི་གཉིས་ངང་དུ་གནམ་ས་གཡོས།
 
རབ་བྱེད་བཅུ་གསུམ་པ།
རིང་ནས་གཏོང་ཡོང་སྨོན་པའི་གླུ་གཞས་དེ། །
དུས་སུ་རན་ན་གཏོང་བ་ཁག་ཤོས་རེད། །
ཉིན་བཞིན་རོལ་ཆས་འཆང་ཙམ་འཆང་ཙམ་བྱས། །
མཚན་བཞིན་ཨོལ་གྲོག་གསང་ཙམ་གསང་ཙམ་བྱས། །
 
འདི་འདྲ་འཁོར་རོ་སྙམ་པའི་ཉམས་འགྱུར་དང་། །
དེ་འདྲ་འཁྲབ་དགོས་དྲན་པའི་སྟངས་སྟབས་སོགས། །
བྱ་སྤྱོད་ཐོ་རེ་བ་དང་འགྲོགས་ཏེ་ཐལ། །
བཟོ་ལྟ་ཡ་མ་ཟུང་དང་བསྡེབས་ཏེ་ཐལ། །
དེ་ལྟ་ན་ཡང་དབྱངས་ཀྱི་སྙན་ཤོས་དང་། །
ཚིག་གི་ཟབ་ཤོས་མ་རྙེད་རྟབ་རྟོབ་ལུས། །
 
དུས་ལས་ཡོལ་ཀྱང་མེ་ཏོག་བསྣོམས་པ་མེད། །
དུས་སུ་མ་སླེབས་ལྷགས་པ་ཟུག་པོ་ལྡང་། །
 
དཀར་ཐོལ་དམར་ཐོལ་ཅན་ཞིག་ཡོད་དམ་ཅི། །
ཞལ་གསལ་དགོད་ཆ་ཅན་ཞིག་ཡོད་དམ་ཅི། །
ང་ནི་དེ་ལྟར་ཁྱེད་རང་བློས་བསླངས་བྱས། །
ང་ནི་དེ་ལྟར་ཁྱེད་རང་ཤེས་འདོད་བྱས། །
ཕྱུ་པ་རྩྭ་རྩེར་དྲུད་པའི་ཧྲག་སྒྲ་ཞིག །
གུས་པས་ཚོད་དང་ཚོད་དུ་གོ་སྣང་སྐྱེ། །
འཁར་རྒྱུག་ཉི་འོག་འཁེལ་བའི་ལྡོག་འོད་ཅིག །
ང་རས་སྐབས་དང་སྐབས་སུ་མཐོང་སྣང་འཆར། །
 
ཁང་པའི་ཕྱི་ནང་ཆག་ཆག་གད་བདར་ཟིན། །
བཟའ་བཅའི་མངར་སིལ་ཉིན་ལམ་བར་དུ་འཐུལ། །
དཀར་མེ་རྡོག་གཅིག་ཚགས་སུ་ཚུད་པའི་རྗེས། །
མགོན་དེ་ཆིབས་བསྒྱུར་གནང་བའི་གསོལ་བ་འདེབས། །
མཇལ་སྙིང་དྲག་པོས་བསྒུག་སྟེ་ད་ལྟར་ཐུག །
ད་དུང་མྱུར་མཇལ་མེད་ན་ཚུགས་ཐབས་བྲལ། །
 
རབ་བྱེད་བཅུ་བཞི་པ།
སྤྱིར་ན་བདག་ནི་སྣེ་མང་གདོང་གཏུགས་ཁྲོད། །
མི་ཟད་གླགས་ཡུས་ཤོད་ཅིང་འོག་མིག་བལྟས། །
རྔ་མོང་བེའུ་སྟོར་ནང་བཞིན་ཡུལ་པོ་བྱུང་། །
ཐམས་ཅད་བྲོ་བ་མེད་ཅིང་གཉིད་ཀྱིས་འཐིབས། །
དེ་དུས་ཁྱེད་རང་སེམས་ཀྱི་སྦུག་མར་ལྷགས། །
གུས་པས་ཡང་བསྐྱར་མི་ཚེ་ཨང་གསར་མཛད། །
 
ཁྱེད་ནི་རིམ་པ་སྟོང་གི་རྒྱབ་ནས་འབོད། །
ང་ཡིས་གཞི་ནས་འཆར་ཅན་གསོལ་འདེབས་ཚུགས། །
དཔག་ཚད་འདི་ཙམ་ཇེ་ཉེར་ཕྱིན་ཡོད་བྱས། །
རྒྱང་གྲགས་དེ་ཙམ་ད་དུང་ལྷག་ཡོད་བྱས། །
ཁྱེད་ཀྱིས་རྨི་ལམ་བཏང་བའི་ཀུན་རྟོག་བྱས། །
ཁྱེད་ལ་དུས་ཆད་བཏབ་པའི་འཆར་ཡན་བྱས། །
 
མཁའ་ཀློང་ཅི་ཞིག་ལྟར་སྟེས་འདལ་བ་མཛད། །
ཉི་ཟླ་ཅི་ཞིག་ལྟར་སྟེས་བཀྲ་བ་མཛད། །
གཟུགས་པོ་ཅི་ཞིག་ལྟར་སྟེས་ཚང་བ་མཛད། །
རྣམ་ཤེས་ཅི་ཞིག་ལྟར་སྟེས་གྲུང་བ་མཛད། །
སུ་ལ་ཆ་རྐྱེན་ཅི་མེད་མཁོ་ཚད་སྟེར། །
བྱས་ན་ཁྱེད་ནི་བདག་གི་བྱེད་པོ་ལགས། །
 
ཁྱེད་ཀྱི་སྔོན་མཐའ་མེད་པའི་གནང་སྦྱིན་གྱིས། །
བདག་གི་ཕ་མཐའ་མེད་པའི་རེ་སྟོང་བསྐངས། །
 
དམ་བཅའ་འཇིག་ལ་ཉེ་དུས་མདུན་ཐད་འབོད། །
མིག་ལམ་འཁྱུག་ཙམ་ཞིག་གི་དབུགས་དབྱུང་གནང་། །
ཁ་ཐུག་འཁེལ་བས་ན་བཟའ་འཇུ་ལོང་མེད། །
སྐད་ཅིག་རླུང་བསིལ་བཞིན་དུ་ཡལ་བར་འགྱུར། །
འདི་ལྟར་ཉིན་མོ་རེ་རེ་གསར་པར་བསྒྱུར། །
འདི་ལྟར་མི་ཚེ་ཧྲིལ་པོ་གསར་པར་བསྒྱུར། །
 
གཞན་དག་མནར་མེད་འོབས་སུ་འཐབ་ཅིང་རྩོད། །
ཁོ་བོ་སྒོ་ཐེམ་འདུག་སྟེ་ཁྱེད་རང་བསྒུག །
 
རབ་བྱེད་བཅོ་ལྔ་པ།
ཁྱེད་ཀྱི་འཇིག་རྟེན་ཆེན་པོའི་ཆ་ཤས་སུ། །
བདག་ནི་སྨིན་མ་ཟིང་ཟིང་གར་པ་ཙམ། །
རྒྱུད་སྐུད་འཐེན་མདོག་མཛུབ་རྩེ་ལྡེམ་མདོག་གིས། །
གུས་ཉམས་དགུ་ཕྲུགས་ངང་དུ་སྐྱབས་འཇུག་ཞུས།།
 
ཁྱེད་ནི་དགོངས་པ་ཙམ་གྱིས་འདོད་རྒུར་བསྒྱུར། །
སེ་གོལ་གཏོགས་ཙམ་དུས་དང་བསྐལ་བ་བསྐྲུན། །
སྒྲ་འོད་ཟེར་གསུམ་ངང་དུ་འཆག་ཉལ་གནང་། །
ངོ་མཚར་དེ་དག་བརྗོད་ལ་སུ་ཞིག་ལྕོགས། །
ཀྱེ་མའོ་བདག་གི་བྱེད་རྩོལ་ཉོན་རེ་མོངས། །
ཁྱེད་ཀྱི་ཐུགས་ངལ་གསོ་འདོད་བློ་རེ་འཁྲུལ། །
 
བདག་གིས་མཚན་མོ་རེ་རེའི་མུན་ཁྲོད་དུ། །
དང་བས་གསོལ་བ་འདེབས་ཤིང་སྨོན་ལམ་རྒྱག །
བདག་གིས་ཉིན་མོ་རེ་རེའི་དཀར་ངོགས་སུ། །
གསེར་མདངས་མཆེད་པའི་པི་ཝང་འཁུར་ཏེ་བསྐྱོད།།
དེ་དུས་ཁྱེད་ཀྱིས་དུས་གསུམ་ཕྱོགས་བཅུ་ནས། །
གུས་པའི་མཆོད་དབྱངས་གསན་ཏེ་མཉེས་པར་མཛོད།།
དེ་དུས་ཁྱེད་ཀྱིས་ཞལ་སྟོན་གསུང་འབྱོན་ངང་། །
ཕྲན་པའི་ཕྱི་ནང་གསང་གསུམ་སྨིན་པར་མཛོད། །
 
རབ་བྱེད་བཅུ་དྲུག་པ།
ཁྱེད་ཀྱི་ངང་དུ་རྫོགས་པའི་འཇིག་རྟེན་འདིར། །
ང་ཡིས་མི་དགའ་བྱ་བ་ཅི་ཡང་མེད། །
གཟུགས་ཀྱིས་འཐེན་ཞིང་སྒྲ་ཡིས་འདྲུད་པ་དང་། །
དྲི་ཡིས་འཁྲིད་ཅིང་རོ་དང་རེག་བྱས་འབོད། །
ཚོགས་དྲུག་དགའ་ཞིང་དགའ་བའི་མཐའ་མ་རིག །
སྒོ་ལྔ་བཟི་ཞིང་བཟི་བའི་ཚོད་མ་ཤེས། །
 
འདི་ནི་དུས་དང་བསྐལ་བའི་ཆོ་ག་སྟེ། །
ང་རང་བ་སྤུ་གཡོ་བའི་དབྱངས་སྙན་གཏོང་། །
འདི་ནི་ས་དང་ནམ་མཁའི་མཛད་སྒོ་སྟེ། །
བདག་གིས་སྐད་ཆུང་གདངས་དམའ་གསོལ་འདེབས་བྱེད། །
འདི་ནི་ཁྱེད་དང་འགྲོ་བའི་ལས་སྐལ་ཏེ། །
ང་རས་ས་ལ་འདུག་སྟེ་སྤྱི་བོས་མཆོད། །
 
དུས་སུ་ཨེ་རན་མ་རན་མགོན་པོ་ཀྱེ། །
གུས་པ་བཞུགས་གྲལ་མཐའ་ལ་བཅར་འདོད་བྱེད། །
སྐབས་སུ་ཨེ་ཐོན་མ་ཐོན་འཕགས་པ་ཀྱེ། །
ཕྲན་པ་གཟིམ་ཆུང་ནང་ལ་ཡོང་འདོད་བྱེད། །
འདི་ན་བསྒུག་བཟོད་མེད་པའི་བློ་རྩེ་འགྱུ། །
ད་དུང་བྲེལ་འཚུབ་ཚ་པོས་སྐོར་གཡེང་བྱེད། །

          ༼ སེང་རྡོར་གྱིས་བསྒྱུར༽

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཐེ་ཀོར་གྱི་སྙན་ངག་ཅིག་གོ་བདེར་བསྒྱུར་བ་མི་ཕྱེད་པའི་སྙིམ་པ་ཞེས་བྱ་བ།

2014-05-21 ར་པིན་ཏཱ་ར་ན་ཐཱ . ཐེ་ཀོར། ཀློག་གྲངས། མཆན ཡོད།


རབ་བྱེད་དང་པོ།
ཁྱེད་ཀྱིས་ངོས་རང་གཞི་ནས་ཞི་བར་བཀོད། །
ཁྱེད་ནི་ལས་སུ་བྱ་བ་འདི་ལ་མཉེས། །
ཕྱི་ཕྱིར་བྲི་བར་བྱེད་ཅིང་གང་བར་བྱེད། །
ཕྱི་ཕྱིར་གསར་པ་གསར་པའི་ཚེ་སྲོག་སྟེར། །
 
སོར་རྩེས་གླིང་བུ་བསྒྱུར་པའི་ག་ལ་བར། །
གཏན་དུ་རྙིང་པ་མེད་པའི་ང་རོ་ནི། །
གྲངས་མང་རི་བོའི་སྐེད་དང་ཆུ་ཀླུང་ངོགས། །
བྲག་ཅར་འཁོར་ཞིང་འཁོར་ཞིང་འགྲོ་བ་ཡོད། །
 
ཁྱེད་ཀྱི་ཕྱག་རྒྱའི་སྣང་བ་ཕོག་པ་ཡིས། །
གུས་པོའི་སྙིང་ལ་སྐྱིད་པ་དཔག་མེད་བྱུང་། །
ངག་རྣམས་ཇི་ལྟ་ཇི་ལྟར་དིག་པ་བཞིན། །
སླད་ཀྱང་དེ་ལྟ་དེ་ལྟར་བརྡོལ་བར་གྱུར། །
 
ཁྱེད་ནས་བྱུང་བའི་གཏོང་བ་སྣ་ཚོགས་ཀྱིས། །
གུས་པོའི་ཁྱོར་བ་འབའ་ཞིག་བཀྲ་བར་བྱས། །
གང་དུ་དུས་དང་གནས་སྐབས་ཡོལ་ནའང་།
ཁྱེད་ཀྱི་གནང་སྦྱིན་ཟད་པ་མ་མཆིས་ཤིང་། །
ཇི་སྲིད་ཁྱེད་ཀྱི་གཏོང་བ་མཆིས་པའི་བར། །
དེ་སྲིད་བདག་ཀྱང་ཁྱོར་བ་བཏེགས་ཏེ་བཅར། །
 
རབ་བྱེད་གཉིས་པ།
ནམ་ཞིག་མཆོག་གིས་ངོས་ལ་གཞས་ཐོང་གསུངས། །
ངོས་ནི་རྒྱུ་མཚན་མེད་པར་གུས་ཤིང་འཚབས། །
ངང་གིས་མཆི་མ་འཁྲིགས་ཤིང་བ་སྤུ་གཡོས། །
ངང་གིས་སྣང་བ་འགྱུར་ཞིང་སེམས་ངོ་འཕྲོད། །
རིམ་པས་མགོ་བོ་བཏེགས་པས་ཞལ་ཁྱིམ་མཇལ།།
ཨེ་མ་འདི་ཚོད་བརླིང་ཞིང་འདི་ཚོད་དད། །
 
བདག་ལས་བྱུང་བའི་སྤབས་དང་དྲི་མ་སོགས། །
བདག་གི་འཁྲིས་ཀྱི་རྨོངས་དང་འགལ་འདུ་སོགས། །
ཞི་བའི་དབྱངས་ཀྱི་ངོ་བོར་གྱུར་ནས་ནི། །
དགེ་བའི་གདངས་ཀྱི་བྱེད་པར་སོང་ནས་ནི། །
བླ་མེད་མཆོད་སྤྲིན་དེ་སྙེད་འདི་སྙེད་གང་། །
འདབ་ཆགས་སྣ་ཚོགས་མཁའ་ལ་ལྡིང་འདྲར་ཤེས། །
 
གཞས་ཀྱི་ཁྲོད་ནས་ཁྱེད་ཀྱིས་རྗེས་སུ་བཟུང་། །
གཞས་ཀྱི་ཁྲོད་དུ་ཁྱེད་དང་ཉེ་བར་བཅར། །
 
གཞས་ཀྱི་ཁྲོད་ནས་ཁྱེད་ཀྱི་རེག་བྱ་རྙེད། །
དེ་ནི་ངོས་ཀྱི་བདེ་བ་འབའ་ཞིག་ལགས། །
གུས་པོ་གཞས་ཀྱིས་ར་རོར་གྱུར་པའི་ཚེ། །
འཕགས་པ་ཁྱེད་ལ༼ཁོ་རེ༽ཞེས་ཀྱང་བོས། །
 
རབ་བྱེད་གསུམ་པ།
འདྲེན་པ་ཁྱེད་ཀྱི་གཞས་ལ་སེམས་སོང་སྟེ། །
བདག་ནི་མི་ཕྱེད་ཡིད་ཀྱིས་རྣ་བ་གཏོད། །
ཚངས་པའི་འབྲུ་དག་གཅིག་ཏུ་ཤེས་འདོད་ཀྱིས། །
ཕྱི་ཕྱིར་སྒུག་བཟོད་མེད་པའི་བློ་སྣ་འཛིངས། །
 
ངག་གི་སྣང་བ་འདི་འདྲ་ཨེ་མའོ་དགའ། །
ཞིང་རྣམས་རབ་ཏུ་གསལ་ཞིང་གསལ་བར་བྱས། །
ངག་གི་བདུག་སྤོས་འདི་འདྲ་ཨེ་མའོ་འཐད། །
དབྱིངས་རྣམས་མཛེས་ཤིང་ཉམས་དགའ་ཁོ་ན་མཛད། །
གཙང་པོས་རླབས་རིས་ཆིལ་ཆིལ་གཞས་སྒྲ་འཐུ། །
རྡོ་བས་ཆག་རྩེ་སིལ་སིལ་གཞས་སྒྲ་འཐུ། །
 
ཁྱེད་བཞིན་གླུ་གཞས་གཏོང་བར་ཅི་མི་དགའ།།
འོན་ཏེ་གཏོལ་མེད་ལས་འདིར་ཅི་ཙུག་བྱེད། །
 
ག་རེ་ལེན་འདོད་བྲེལ་སྣང་སྐྱེས་པའི་འཕྲོར། །
གང་ཡང་མི་འཁྲོལ་ངོས་ཀྱི་གྲེ་བ་ཨང་། །
བདག་པོའི་ང་རོའི་དྲ་བ་དྲ་ཕྱེད་ཀྱིས། །
བདག་གི་དྲན་པ་འདི་ལྟར་སྦྲིད་པར་བྱས། །
 
རབ་བྱེད་བཞི་པ།
གང་ཚེ་མགོན་པོ་ཁྱེད་ཀྱིས་ཕྱག་དབང་བསྩལ། །
དེའི་ཚེ་བདག་ནི་ངང་གིས་མགུ་པོ་བྱུང་། །
སྐེ་དང་ཕྲག་པ་མ་ལུས་དྲོད་ཀྱིས་ཟིན། །
ལུས་ཀྱི་ཆ་ཀུན་སྔར་མེད་བདེ་བས་གཏམས། །
འཕགས་པ་ཁྱེད་ལ་གཏོགས་པའི་གུས་ཕྲན་ང་། །
མི་གཙང་གཞན་དང་ནམ་ཡང་ཕྲལ་བར་ཤོག །
 
དེའི་ཕྱིར་སྔར་གྱི་བག་ཆགས་མ་ལུས་བསྐྲོད། །
སེམས་ཀྱི་ངོགས་ཀུན་གད་བདར་གཙང་མ་བགྱིད། །
ནང་གི་གསར་བརྗེ་རིང་མོ་འདི་ནས་རྩོམ། །
སེམས་ཀྱི་གཞིས་ཆགས་གསར་པ་འདི་ལྟར་བསུ། །
རྒྱུ་མཚན་འདྲི་ན་མགོན་པོ་ཁྱེད་གཅིག་ཙམ། །
བདག་གི་ཧྲིལ་པོར་གནས་འོས་འབའ་ཞིག་གོ །
 
བར་དུ་གཅོད་པ་ཅི་མཆིས་ལོགས་སུ་འཕུད། །
དེ་ཡི་ཚབ་ཏུ་དང་བ་ཉག་གཅིག་བསྟེན། །
རྒྱུ་མཚན་འདྲི་ན་བརྩེ་བའི་བདག་པོ་དེ། །
གུས་པོའི་ཡིད་མཁར་ཟིལ་གྱིས་ལྷགས་པས་སོ། །
 
བདག་གིས་བདག་གི་ཆ་ཤས་ཕྲ་མོ་རེར། །
ཁྱེད་ཉིད་ཁྱབ་ཅིང་གནས་པ་མཚོན་སྙིང་འདོད། །
ཅི་སླད་ཅེ་ན་ངོས་ཀྱི་ཡོད་རྒུ་ཅོག །
མགོན་པོ་ཁྱེད་དང་དབྱེ་རུ་མེད་པས་སོ། །
 
རབ་བྱེད་ལྔ་པ།
ཁྱེད་ཀྱིས་ངོས་ལ་དུས་ཚོད་འཁྱུག་ཙམ་སྩོལ། །
ཁྱེད་དང་མོལ་བའི་དུས་ཚོད་འཁྱུག་ཙམ་སྩོལ། །
གུས་པོའི་དོན་ཆུང་གཞན་དག་གླེང་རན་ཅི། །
འགྲུབ་དང་མ་འགྲུབ་ཅི་ཡང་རུང་བ་ཡིན། །
 
ལས་ཀ་མང་པོ་མཚོ་ཆུ་ལུད་འདྲ་ཡང་། །
ཁྱེད་ཉིད་འབའ་ཞིག་ཡིད་ལ་གཏོང་མི་བྱེད། །
གང་དང་གྱེས་པས་བདག་བློ་དྭངས་དུབ་མང་། །
མཇལ་སྙིང་དྲག་པོ་རེ་རེས་ཅི་བྱར་གཏོད། །
 
དེ་རིང་རླུང་གི་ནང་གི་ཚ་བ་ནི། །
སྒོ་དང་དང་སྒེའུ་ཁུང་བརྟོལ་ཏེ་འཛུལ་རྐྱང་བྱེད། །
སྦྲང་མའི་ཁྱུ་ནི་ཤག་ཤག་འཕུར་ཞིང་ནི། །
མཐོ་དམའི་མེ་ཏོག་དག་ཏུ་རང་མོས་འབབ། །
 
འདི་འདྲ་ཉམས་སུ་ལེན་པའི་སྐལ་བཟང་སྟེ། །
སྐལ་བཟང་འདི་འདྲ་འཕྲོ་ནས་ཅི་ལྟར་རྙེད། །
དེས་ན་མགོན་པོ་ཁྱེད་ཀྱི་མདུན་ས་རུ། །
དང་བའི་རྣམ་འགྱུར་བཅས་ཏེ་འཁོད་པ་དགའ། །
མྱ་ངམ་ཐང་དང་འབྲོག་དགོན་བརྟོལ་ཞིང་དུ། །
ཁྱེད་ལ་ཚེ་སྲོག་ཁུར་བའི་གླུ་གཞས་གཏོང་། །
 
རབ་བྱེད་དྲུག་པ།
ཕྱག་གིས་མེ་ཏོག་འདི་ལ་རེག་པར་འཚལ། །
ཤངས་ཀྱིས་མེ་ཏོག་འདི་ལ་བསྣོམ་པར་འཚལ། །
གང་བུ་ཐོན་ཞིང་བསུང་ངད་འཆོར་བ་འདི། །
དུས་ཀྱིས་འབྲུལ་བར་བྱས་ན་ཅང་བཟོད་དམ། །
མྱུར་དུ་འཐུ་གྲབས་ཀྱིས་དང་འདྲེན་པ་ཀྱེ། །
ད་ལྟར་འདབ་མས་སྒུལ་དང་བདག་པོ་ལགས། །
 
ཁྱེད་ཀྱི་མེ་ཏོག་བཀོད་པའི་བར་ཁྱམས་ན། །
མེ་ཏོག་རྣམས་ཀྱི་དྭངས་རྩེ་ག་ཚོད་མེད། །
དེ་ལྟ་ནའང་གུས་པོའི་མེ་ཏོག་འདི། །
མཐེབ་སྲིན་བར་སོགས་ངང་ཙམ་གཟུང་བར་ཞུ། །
མྱུར་དུ་ཡུ་བ་ཆོད་དང་མགོན་པོ་ཀྱེ། །
ད་ལྟར་ཕྱག་མཐིལ་ལོངས་དང་འཕགས་པ་ལགས། །
 
ད་ལྟར་མཚན་མོ་བསླེབ་ན་ཅི་ཞིག་བྱ། །
ད་ལྟར་གཉིད་དུ་ལོག་ན་ཅི་ཞིག་བྱ། །
མཆོད་པའི་དུས་ཚིགས་ཡོལ་ན་ཅི་ཞིག་བྱ། །
མཇལ་བའི་སྐལ་བཟང་ཤོར་ན་ཅི་ཞིག་བྱ། །
དེ་བས་ད་ལྟ་ཉིད་དུ་ཡུ་བས་འཐེན། །
ཅིས་ཀྱང་ཟག་རལ་མེད་པར་འཐོག་པར་གྱིས། །
 
ཆེ་ཞིང་སྒོར་བའི་བོངས་ཚོད་མེད་ན་ཡང་། །
མདོག་དང་དྲི་མ་རན་ཙམ་ཡིན་ན་ཡང་། །
མགོ་ལྕོགས་ལྡེམ་གྱིན་མགོན་པོ་ཁྱེད་ལ་བསྔོ། །
དྲི་ཞིམ་འཐུལ་གྱིན་འཕགས་པ་ཁྱེད་ལ་མཆོད།
དེ་བས་བསྙེལ་བ་མེད་པར་ཡུ་བས་འཐེན། །
ཅིས་ཀྱང་ཕྱི་འགྱངས་མེད་པར་འདབ་མས་སྒུལ། །
 
རབ་བྱེད་བདུན་པ།
རྒྱན་གྱི་ལོགས་སུ་ཐོན་པ་ང་ཡི་གླུ། །
དར་གྱི་ཡོལ་བའི་ཟུར་ཞིག་སྒྲེན་པོར་འགུལ། །
ཆས་ཀྱི་ཐོགས་སྒྲིབ་ཅི་ཡང་མེད་པའི་ངང་། །
སྙིམ་པ་བཏེགས་ཏེ་ཁྱེད་ཀྱི་མཐའ་ནས་འདུད། །
ཁྱེད་ནི་ཚངས་པར་སྤྱོད་པའི་སྙན་ངག་པ། །
ཁྱེད་ནི་ཁྱབ་པར་འཇུག་པའི་སྙན་ངག་གོ །
 
ཁྱེད་ཀྱི་དྲུང་ན་གཅེར་བུས་ཉལ་བྱས་ཏེ། །
ཁྱེད་ཀྱི་དྲུང་ན་དད་པའི་དབྱིངས་ཞུགས་སོ། །
གུས་ཕྲན་གླིང་བུར་སྒྱུར་དང་མགོན་པོ་ཀྱེ། །
གླིང་བུར་ཞལ་ཁྱིམ་ལྟོས་དང་བདག་པོ་ཀྱེ། །
བུ་གར་སོར་མོས་ཐུག་དང་ཇོ་བོ་ཀྱེ། །
མི་ཟད་དབྱངས་སྙན་ཐོང་དང་འཕགས་པ་ཀྱེ། །
     
རབ་བྱེད་བརྒྱད་པ།
རྒྱན་གྱིས་བརྒྱན་པའི་གང་ཟག་མ་ལེགས་ཏེ། །
རྒྱལ་བུ་ནང་བཞིན་གོས་ཚགས་བསྲུང་བར་བྱེད། །
གང་འདོད་ལྡིང་བར་མི་བྱ་བརྒྱུག་མི་བྱ། །
བྱ་རྨྱང་ཚུན་ཆད་དལ་བུ་ཙམ་ཞིག་སྐྱོང་། །
 
ཤིང་ལ་ཐོགས་ནས་གཤག་གིས་དོགས་པ་དང་། །
ས་དང་རྩྭ་ཡིས་འགོ་ཡིས་དོགས་པ་སྟེ། །
དགྱེ་སྒུར་ཙམ་ཡང་སྲོལ་དང་བཅས་པས་བྱེད། །
རྒྱན་གྱི་འཆིང་བ་འདི་ཙམ་ཐལ་བ་ལགས། །
 
རྒྱན་གྱི་ཕྱིར་དུ་མི་རྣམས་ཆར་དང་དང་གཡོལ། །
ཚངས་པའི་བྱབས་ཁྲུས་མྱོང་བའི་རང་དབང་ཤོར། །
རྒྱན་གྱིས་གཅུན་པས་མི་ཚོས་ཉི་འོད་སྤོང་། །
གསེར་གྱི་འདམ་བག་མཐོང་ཡང་ཅི་མི་སྙམ། །
 
ངོས་ནི་ད་ལྟར་རླུང་ནང་འགྲེང་བྱས་ཏེ། །
ཉིད་ཀྱི་དྲི་མ་བསྣོམ་ཞིང་མྱོང་བར་བྱ། །
ས་རྡུལ་དག་དང་རྩྭ་འབྲུ་རྡོག་རེས་ཀྱང་། །
གང་གི་ཆ་ཤས་སོ་སོ་མཚོན་པ་ཤེས། །
 
རྒྱན་ལས་གྲོལ་བས་ཁྱེད་ཀྱི་ཟབ་ཚད་ཤེས། །
ཡབ་ཆེན་ནམ་མཁའ་དེ་ཡང་ཁྱེད་ཡིན་ཤེས། །
རྒྱན་ལས་གྲོལ་བས་ཁྱེད་ཀྱི་ཁྱབ་ཚད་རྟོགས། །
ཡུམ་ཆེན་ས་གཞི་དེ་ཡང་ཁྱེད་ཡིན་རྟོགས། །
 
རབ་བྱེད་དགུ་པ།
རང་གིས་རང་ཉིད་པང་བ་མི་སྲིད་ཅིང་། །
རང་གིས་རང་ལ་སློང་མོ་ཅི་ལྟར་བྱེད། །
འདུན་པ་ཡོད་ཚད་སྙིམ་པའི་ཁྲོད་དུ་སྟེ། །
དེ་ལ་མནལ་ལམ་དུ་ཡང་བློ་འཁེལ་གྱིས། །
གཞན་དུ་ཕངས་པའི་ཤུགས་རིང་སུ་ལ་འཐེན། །
གཞན་དུ་འཕྲེང་བའི་ཕྱི་མིག་གང་ལ་འཕེན། །
 
མི་ཡི་ཁ་རླངས་ཕོག་པའི་དཀར་མེའི་ཚོགས། །
དུ་བའི་ཉག་མ་དང་བཅས་རེང་བར་འགྱུར། །
འདི་ནི་འོས་པ་མིན་པའི་ལས་ཡིན་ཏེ། །
འདི་འདྲ་རྣམ་པ་ཀུན་ཏུ་འདོར་བར་བྱོས། །
ཚངས་པའི་བརྩེ་བ་ལས་ནི་བྱུང་དེ་ཉིད། །
གུས་པོས་སྤྱད་པར་འོས་པ་ཤ་སྟག་ལགས། །

རབ་བྱེད་བཅུ་པ།
སུ་དག་མྱ་ངམ་ཐང་ན་ཡུལ་པོས་རྒྱུག །
སུ་དག་གཉའ་ཤིང་འཁུར་ཏེ་སྒྲ་མེད་ངུ་། །
སུ་དག་གཏོལ་མེད་ངང་ལ་ཁོ་ཐག་ཆོད། །
སུ་དག་ཕམ་པའི་ཨམ་གཙིགས་གསོན་རེ་བྲལ། །
ཁྱེད་ནི་དེ་འབའ་ཞིག་ན་ངོ་ཕེབས་གནང་། །
ཁྱེད་ནི་དེ་འབའ་ཞིག་ན་ཞབས་ཐང་འགྲུལ། །
 
ཐ་མའི་ཐ་མ་ལས་ཀྱང་མས་ཤིག་སྟེ། །
ཁྱེད་ཀྱི་བཞུགས་གནས་ཤག་ཤག་དེ་ལ་རེད། །
གོས་ཧྲུལ་འོད་ཀྱིས་བརྒྱངས་ཏེ་ཞིང་ཁ་འདེབས། །
གྱོལ་འོན་ཞར་ལྐུག་འབའ་ཞིག་ནང་ཚགས་བྱེད། །
སྐྱོ་བོའི་ཡུལ་དེར་ངོས་ཀྱིས་ཅི་ལྟར་ཕྱིན། །
དྲེགས་པ་གཙང་འཁྲུས་མ་བྱས་སླེབས་ས་མིན། །
 
འོག་མའི་འོག་མ་ལས་ཀྱང་ཞབས་ཤིག་སྟེ། །
ཁྱེད་ཀྱིས་འགྲོ་དོན་ཤ་སྟག་དེ་ན་རྩོམ། །
བསམ་བཞིན་ལ་མོ་བརྒལ་ཞིང་ཆུ་མོ་གཅོད། །
འབྲུ་ལ་སོ་ཡིས་གཅོག་ཅིང་ཕད་གོག་ཉར། །
འབག་པའི་ལམ་དེར་ངོས་ཀྱིས་ཅི་ལྟར་སྤོ། །
ཁེངས་པ་གད་རྒྱག་མ་ཟིན་ཐར་ས་མིན། །
 
རབ་བྱེད་བཅུ་གཅིག་པ།
པུས་འཛུགས་ཆ་ལུགས་སྔོན་དུ་བཏང་ནས་ཅི། །
ཕྱག་རྒྱ་སིག་སིག་གང་ལ་ཅི་ཞིག་བསྔོ། །
མུན་ནང་འཐུམས་ཤིང་ཉལ་བས་ག་རེ་མཚོན། ། །
སྐུ་བརྙན་ཕག་ཕག་བལྟས་ཏེ་སུ་ལ་མཆོད། །
ཁོང་ཉིད་བཞུགས་ས་འདི་ཡི་ཐག་རིང་སྟེ། །
ཁྱོད་ཀྱིས་འགྲོ་འདོད་མི་བྱེད་གྲོང་གསེབ་ནའོ། །
 
ཁོང་ཉིད་སྦྱག་མ་བཟུང་སྟེ་ཡུར་བ་བསྲུང་། །
ཁོང་གིས་ལས་གཞས་གཏོང་ཞིང་རྩྭ་ལྡུམ་འབལ། །
ཁ་རླངས་སོབ་སོབ་ཆད་ཆད་ཉི་འོག་རྒྱུ། །
སྐྲ་ལོ་སྐྱ་ཕྱེད་སྔོ་ཕྱེད་ཆར་ནང་བཞེངས། །
ཁོང་གིས་ཉམ་ཐག་ཁྲོད་ན་ཉམ་ཐག་གནང་། །
ཁོང་གིས་ཡུལ་པོའི་ཁྲོད་ན་ཡུལ་པོ་མྱོང་། །
ཕྱུ་བ་ས་ཡིས་འཚོས་པའི་མགོན་པོ་གང་། །
དར་ཟབ་བཀླུབས་པ་ང་ཚོས་ཅི་ལྟར་བཅར། །
 
རྒྱན་གྱི་སྦུབས་རྒྱ་བརྟོལ་བ་ཅི་མི་དྲག །
ད་ལྟ་རང་དུ་འདམ་བཅས་མགོན་དྲུང་ལོག །
 
གྲོལ་བ་འདོད་ན་གྲོལ་བ་གུད་དུ་སྟེ། །
མཆོད་བསྟོད་རྦོད་གཏོང་སོགས་ལ་ཅང་མི་ལྟོས། །
ཁོང་ནི་མི་ཡི་ཁྲོད་ན་མི་བཞིན་དུ། །
སྒོ་ལྔའི་རང་བཞིན་སྤྱད་དེ་ལུང་དུ་སྟོན། །
ཁོང་གིས་ཆེད་མངགས་ངའི་ཚོའི་ནུས་པར་བསྟུན། །
ཐེམ་པ་རེ་རེ་བཞིན་དུ་ག་ལེར་འཁྲིད། །
ལ་ལ་འཁུར་ཞིང་འགའ་ཞིག་པང་བ་སྟེ། །
ཅིས་ཀྱང་ཚོམ་བུ་གཅིག་ཏུ་སྨིན་པ་བྱེད། །
 
དྲན་པ་ཉེ་བར་བཞག་མདོག་ཆོ་མེད་རེད། །
མེ་ཏོག་གཡུགས་ཏེ་ཅུང་ཟད་མཉེས་པ་མེད། །
གཉན་འཕྲང་བརྒལ་བས་ཁོང་ཉིད་སླ་པོར་རྙེད། །
ཚུལ་འཆོས་དོར་བས་དེ་ཉིད་མདུན་ན་མཐོང་། །
 
 རབ་བྱེད་བཅུ་གཉིས་པ།
བདག་ནི་ཁྱིམ་ནས་ལམ་སེང་འདི་ལ་བརྟོལ། །
འདི་ནས་ཡང་བསྐྱར་བདེ་ལྕག་འཁྱུག་པོས་ཐེགས། །
ཤིན་ཏུ་ཐོག་མཐའ་མེད་པའི་དུས་ཤིག་ནས། །
ཤིན་ཏུ་ཕ་མཐའ་མི་རྙེད་ཡུལ་དག་བརྒལ། །
བར་འགའ་རྐང་ཐང་བར་འགའ་ཤིང་རྟས་བགྲོད། །
བར་འགའ་འབོད་ཅིང་བར་འགའ་འདྲི་བརྩད་བྱས། །
 
ཁྱེད་ནི་ཕྱོགས་བཅུའི་རྡུལ་ཕྲན་གང་ལ་སྦེད། །
ཁྱེད་ནི་གླིང་ལྔའི་ཅ་ལག་ཅི་ལ་འདྲེས། །
རྙེད་པའི་རྙེད་མཐའ་མེད་པ་ང་རེ་དཀའ། །
སོང་བའི་སོང་ཚོད་མེད་པ་ང་རེ་སྐྱོ། །
 
རི་མགོ་ཕལ་ཆེར་ངལ་གསོ་མ་བྱས་མེད། །
རྒྱུ་སྐར་བྱེ་མ་ཅན་དག་རྐང་རྗེས་བཀོད། །
ལོ་མའི་ཆུ་ལ་འཐུངས་པ་ཐེངས་གཅིག་མིན། །
གནམ་སའི་ཨ་ལོང་ཡང་ལོང་བློ་ལ་བཏབ། །
དེས་ཀྱང་ཁྱེད་ནི་ས་ལ་ཁབ་བོར་ལྟར། །
ཕྱོགས་ཙམ་མ་འཚལ་འདི་འདྲ་ཅི་རང་དྲག །
 
རྒྱང་རིང་གོམ་པས་བརྒལ་བས་ཕྱིན་མོད་ཀྱང་། །
ཐག་ཉེར་སླེབས་པ་དེ་ལས་ལྡབ་ཀྱིས་རིང་། །
འབྲུ་མེད་འགྱུར་ཁུག་འབའ་ཞིག་རྩོམ་པར་ཡང་། །
མནོ་བསམ་ག་འདྲའི་ཡག་ཤོས་མི་གཏོང་ངམ། །
ཁྱེད་ཉིད་སེམས་ཀྱི་ནང་ལོགས་བསྡད་ཡག་ཏུ། །
རི་ཐང་མདུད་པ་བརྒྱབ་པའི་ང་རེ་ལྐུགས། །
 
བྱེས་པས་སྒོ་མང་མཐར་གྱི་ཁྱིམ་རྙེད་ལྟར། །
ཁྱེད་ཀྱི་གནས་ས་ཤེས་པས་སྙིང་ཁ་ལྡིང་། །
མི་ཡུལ་རྒྱལ་ཁམས་ཟད་ཀྱང་མ་འགྲུབ་པ། །
ད་ལྟར་རང་གི་ངང་དུ་རྫོགས་པས་འཚབ། །
ང་ནི་དགའ་དྲགས་གཡས་གཡོན་ཀྲོག་ཀྲོག་བལྟས། །
དེ་ནས་རང་འཇགས་གཉའ་ཤིང་གང་ཙམ་བལྟས། །
མཐར་ནི་བློ་རྩེ་ཉག་གཅིག་ཡོང་བྱས་ཏེ། །
ཁྱེད་ནི'འདི་ན་ཡོད'ཅེས་ཤོད་པར་ཐལ། །
 
'གང་ན་བཞུགས'ཞེས་ཐལ་བ་བྲག་ཅར་འཁོར། །
འཇིག་རྟེན་ཐམས་ཅད་དེ་ཡི་ལད་རྒྱུན་བཟློ། །
'འདི་ན་ཡོད'ཅེས་ཅ་ལག་ཡོད་རྒུས་ཟེར། །
ཚིག་དུམ་འདི་གཉིས་ངང་དུ་གནམ་ས་གཡོས།
 
རབ་བྱེད་བཅུ་གསུམ་པ།
རིང་ནས་གཏོང་ཡོང་སྨོན་པའི་གླུ་གཞས་དེ། །
དུས་སུ་རན་ན་གཏོང་བ་ཁག་ཤོས་རེད། །
ཉིན་བཞིན་རོལ་ཆས་འཆང་ཙམ་འཆང་ཙམ་བྱས། །
མཚན་བཞིན་ཨོལ་གྲོག་གསང་ཙམ་གསང་ཙམ་བྱས། །
 
འདི་འདྲ་འཁོར་རོ་སྙམ་པའི་ཉམས་འགྱུར་དང་། །
དེ་འདྲ་འཁྲབ་དགོས་དྲན་པའི་སྟངས་སྟབས་སོགས། །
བྱ་སྤྱོད་ཐོ་རེ་བ་དང་འགྲོགས་ཏེ་ཐལ། །
བཟོ་ལྟ་ཡ་མ་ཟུང་དང་བསྡེབས་ཏེ་ཐལ། །
དེ་ལྟ་ན་ཡང་དབྱངས་ཀྱི་སྙན་ཤོས་དང་། །
ཚིག་གི་ཟབ་ཤོས་མ་རྙེད་རྟབ་རྟོབ་ལུས། །
 
དུས་ལས་ཡོལ་ཀྱང་མེ་ཏོག་བསྣོམས་པ་མེད། །
དུས་སུ་མ་སླེབས་ལྷགས་པ་ཟུག་པོ་ལྡང་། །
 
དཀར་ཐོལ་དམར་ཐོལ་ཅན་ཞིག་ཡོད་དམ་ཅི། །
ཞལ་གསལ་དགོད་ཆ་ཅན་ཞིག་ཡོད་དམ་ཅི། །
ང་ནི་དེ་ལྟར་ཁྱེད་རང་བློས་བསླངས་བྱས། །
ང་ནི་དེ་ལྟར་ཁྱེད་རང་ཤེས་འདོད་བྱས། །
ཕྱུ་པ་རྩྭ་རྩེར་དྲུད་པའི་ཧྲག་སྒྲ་ཞིག །
གུས་པས་ཚོད་དང་ཚོད་དུ་གོ་སྣང་སྐྱེ། །
འཁར་རྒྱུག་ཉི་འོག་འཁེལ་བའི་ལྡོག་འོད་ཅིག །
ང་རས་སྐབས་དང་སྐབས་སུ་མཐོང་སྣང་འཆར། །
 
ཁང་པའི་ཕྱི་ནང་ཆག་ཆག་གད་བདར་ཟིན། །
བཟའ་བཅའི་མངར་སིལ་ཉིན་ལམ་བར་དུ་འཐུལ། །
དཀར་མེ་རྡོག་གཅིག་ཚགས་སུ་ཚུད་པའི་རྗེས། །
མགོན་དེ་ཆིབས་བསྒྱུར་གནང་བའི་གསོལ་བ་འདེབས། །
མཇལ་སྙིང་དྲག་པོས་བསྒུག་སྟེ་ད་ལྟར་ཐུག །
ད་དུང་མྱུར་མཇལ་མེད་ན་ཚུགས་ཐབས་བྲལ། །
 
རབ་བྱེད་བཅུ་བཞི་པ།
སྤྱིར་ན་བདག་ནི་སྣེ་མང་གདོང་གཏུགས་ཁྲོད། །
མི་ཟད་གླགས་ཡུས་ཤོད་ཅིང་འོག་མིག་བལྟས། །
རྔ་མོང་བེའུ་སྟོར་ནང་བཞིན་ཡུལ་པོ་བྱུང་། །
ཐམས་ཅད་བྲོ་བ་མེད་ཅིང་གཉིད་ཀྱིས་འཐིབས། །
དེ་དུས་ཁྱེད་རང་སེམས་ཀྱི་སྦུག་མར་ལྷགས། །
གུས་པས་ཡང་བསྐྱར་མི་ཚེ་ཨང་གསར་མཛད། །
 
ཁྱེད་ནི་རིམ་པ་སྟོང་གི་རྒྱབ་ནས་འབོད། །
ང་ཡིས་གཞི་ནས་འཆར་ཅན་གསོལ་འདེབས་ཚུགས། །
དཔག་ཚད་འདི་ཙམ་ཇེ་ཉེར་ཕྱིན་ཡོད་བྱས། །
རྒྱང་གྲགས་དེ་ཙམ་ད་དུང་ལྷག་ཡོད་བྱས། །
ཁྱེད་ཀྱིས་རྨི་ལམ་བཏང་བའི་ཀུན་རྟོག་བྱས། །
ཁྱེད་ལ་དུས་ཆད་བཏབ་པའི་འཆར་ཡན་བྱས། །
 
མཁའ་ཀློང་ཅི་ཞིག་ལྟར་སྟེས་འདལ་བ་མཛད། །
ཉི་ཟླ་ཅི་ཞིག་ལྟར་སྟེས་བཀྲ་བ་མཛད། །
གཟུགས་པོ་ཅི་ཞིག་ལྟར་སྟེས་ཚང་བ་མཛད། །
རྣམ་ཤེས་ཅི་ཞིག་ལྟར་སྟེས་གྲུང་བ་མཛད། །
སུ་ལ་ཆ་རྐྱེན་ཅི་མེད་མཁོ་ཚད་སྟེར། །
བྱས་ན་ཁྱེད་ནི་བདག་གི་བྱེད་པོ་ལགས། །
 
ཁྱེད་ཀྱི་སྔོན་མཐའ་མེད་པའི་གནང་སྦྱིན་གྱིས། །
བདག་གི་ཕ་མཐའ་མེད་པའི་རེ་སྟོང་བསྐངས། །
 
དམ་བཅའ་འཇིག་ལ་ཉེ་དུས་མདུན་ཐད་འབོད། །
མིག་ལམ་འཁྱུག་ཙམ་ཞིག་གི་དབུགས་དབྱུང་གནང་། །
ཁ་ཐུག་འཁེལ་བས་ན་བཟའ་འཇུ་ལོང་མེད། །
སྐད་ཅིག་རླུང་བསིལ་བཞིན་དུ་ཡལ་བར་འགྱུར། །
འདི་ལྟར་ཉིན་མོ་རེ་རེ་གསར་པར་བསྒྱུར། །
འདི་ལྟར་མི་ཚེ་ཧྲིལ་པོ་གསར་པར་བསྒྱུར། །
 
གཞན་དག་མནར་མེད་འོབས་སུ་འཐབ་ཅིང་རྩོད། །
ཁོ་བོ་སྒོ་ཐེམ་འདུག་སྟེ་ཁྱེད་རང་བསྒུག །
 
རབ་བྱེད་བཅོ་ལྔ་པ།
ཁྱེད་ཀྱི་འཇིག་རྟེན་ཆེན་པོའི་ཆ་ཤས་སུ། །
བདག་ནི་སྨིན་མ་ཟིང་ཟིང་གར་པ་ཙམ། །
རྒྱུད་སྐུད་འཐེན་མདོག་མཛུབ་རྩེ་ལྡེམ་མདོག་གིས། །
གུས་ཉམས་དགུ་ཕྲུགས་ངང་དུ་སྐྱབས་འཇུག་ཞུས།།
 
ཁྱེད་ནི་དགོངས་པ་ཙམ་གྱིས་འདོད་རྒུར་བསྒྱུར། །
སེ་གོལ་གཏོགས་ཙམ་དུས་དང་བསྐལ་བ་བསྐྲུན། །
སྒྲ་འོད་ཟེར་གསུམ་ངང་དུ་འཆག་ཉལ་གནང་། །
ངོ་མཚར་དེ་དག་བརྗོད་ལ་སུ་ཞིག་ལྕོགས། །
ཀྱེ་མའོ་བདག་གི་བྱེད་རྩོལ་ཉོན་རེ་མོངས། །
ཁྱེད་ཀྱི་ཐུགས་ངལ་གསོ་འདོད་བློ་རེ་འཁྲུལ། །
 
བདག་གིས་མཚན་མོ་རེ་རེའི་མུན་ཁྲོད་དུ། །
དང་བས་གསོལ་བ་འདེབས་ཤིང་སྨོན་ལམ་རྒྱག །
བདག་གིས་ཉིན་མོ་རེ་རེའི་དཀར་ངོགས་སུ། །
གསེར་མདངས་མཆེད་པའི་པི་ཝང་འཁུར་ཏེ་བསྐྱོད།།
དེ་དུས་ཁྱེད་ཀྱིས་དུས་གསུམ་ཕྱོགས་བཅུ་ནས། །
གུས་པའི་མཆོད་དབྱངས་གསན་ཏེ་མཉེས་པར་མཛོད།།
དེ་དུས་ཁྱེད་ཀྱིས་ཞལ་སྟོན་གསུང་འབྱོན་ངང་། །
ཕྲན་པའི་ཕྱི་ནང་གསང་གསུམ་སྨིན་པར་མཛོད། །
 
རབ་བྱེད་བཅུ་དྲུག་པ།
ཁྱེད་ཀྱི་ངང་དུ་རྫོགས་པའི་འཇིག་རྟེན་འདིར། །
ང་ཡིས་མི་དགའ་བྱ་བ་ཅི་ཡང་མེད། །
གཟུགས་ཀྱིས་འཐེན་ཞིང་སྒྲ་ཡིས་འདྲུད་པ་དང་། །
དྲི་ཡིས་འཁྲིད་ཅིང་རོ་དང་རེག་བྱས་འབོད། །
ཚོགས་དྲུག་དགའ་ཞིང་དགའ་བའི་མཐའ་མ་རིག །
སྒོ་ལྔ་བཟི་ཞིང་བཟི་བའི་ཚོད་མ་ཤེས། །
 
འདི་ནི་དུས་དང་བསྐལ་བའི་ཆོ་ག་སྟེ། །
ང་རང་བ་སྤུ་གཡོ་བའི་དབྱངས་སྙན་གཏོང་། །
འདི་ནི་ས་དང་ནམ་མཁའི་མཛད་སྒོ་སྟེ། །
བདག་གིས་སྐད་ཆུང་གདངས་དམའ་གསོལ་འདེབས་བྱེད། །
འདི་ནི་ཁྱེད་དང་འགྲོ་བའི་ལས་སྐལ་ཏེ། །
ང་རས་ས་ལ་འདུག་སྟེ་སྤྱི་བོས་མཆོད། །
 
དུས་སུ་ཨེ་རན་མ་རན་མགོན་པོ་ཀྱེ། །
གུས་པ་བཞུགས་གྲལ་མཐའ་ལ་བཅར་འདོད་བྱེད། །
སྐབས་སུ་ཨེ་ཐོན་མ་ཐོན་འཕགས་པ་ཀྱེ། །
ཕྲན་པ་གཟིམ་ཆུང་ནང་ལ་ཡོང་འདོད་བྱེད། །
འདི་ན་བསྒུག་བཟོད་མེད་པའི་བློ་རྩེ་འགྱུ། །
ད་དུང་བྲེལ་འཚུབ་ཚ་པོས་སྐོར་གཡེང་བྱེད། །

          ༼ སེང་རྡོར་གྱིས་བསྒྱུར༽

       (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།