དོན་གྲུབ་རྒྱལ་གྱིས་རང་སྲོག་བཅད་པའི་རྒྱུ་རྐྱེན་འཚོལ་བ།

༡ དལ་བའི་རྒྱུ།
དེང་གི་ངག་སྒྲོས་མང་པོ་གཞིར་བཟུང་ནས་བརྟགས་ན། དོན་གྲུབ་རྒྱལ་ལགས་ཀྱི་བྱ་སྤྱོད་དང་སྐད་ཆས་མཚོ་ལྷོ་ནས་ཨ་ཁུ་བཤད་སྒྲུབ་སོགས་ལ་ཕོག་ཐུག་བཏང་ཡོད་ས་རེེད། དེ་བཞིན་དུ་པེ་ཅིན་སོགས་ནས་ཀྱང་ཁ་ཆེན་དབང་ཆེན་དག་ལ་ཕོག་ཐུག་སྣ་ཚོགས་བཏང་ཡོད་ས་རེད། དེའི་སྟབས་ཀྱིས་ཁོང་གི་ལག་ཏུ་ཁོང་ལ་འཚམས་པའི་ལས་ཀ་ཞིག་མ་ཡོང་བ་འདྲ། ཡོང་རུང་བར་ཆད་སྣ་ཚོགས་ཀྱིས་ལས་ཀ་ཤོར་དུ་བཅུག་ཡོད་པ་འདྲ། དེ་དུས་དམངས་སྒྲུབ་ཀྱི་ལས་ཁུངས་འཚོལ་དཀའ་བ་དང་། གཞུང་གི་ལས་ཀ་མ་རེག་པ་ཡིས་དོན་གྲུབ་རྒྱལ་གྱི་འཚོ་ཐབས་ཀྱི་ལམ་ཆེན་པོ་ཞིག་བརླགས་སོང་བ་རེད།
དེའི་ཤུལ་དུ་ཁོང་ལ་ལམ་གསུམ་མ་གཏོགས་ལྷག་ཡོད་ས་མ་རེད། ལམ་གཅིག་ནི་ནག་ཚོགས་སོགས་སུ་འཇུག་རྒྱུ་དེ་རེད། དཔལ་དོན་གྲུབ་རྒྱལ་རྐུན་མ་བྱས་འདུག་ཅེས་པ་ཞིག་ཁོང་གིས་དང་ལེན་བྱེད་ཐུབ་རྒྱུ་ཨེ་རེད་དམ། ལམ་གཉིས་པ་ནི་སྤྱོད་ཁང་སོགས་ཀྱི་སྒོ་སྲུང་རྒྱུའི་ལས་ཀ་དམའ་བོ་རིགས་བྱེད་རྒྱུ་རེད། སྤྱིར་ན་དེ་ནི་མི་ཆོག་པ་མེད་མོད། མིའི་ངོ་སོ་ཞེས་པའི་ལན་ཆགས་འདིའི་རྐྱེན་གྱིས་དཔལ་དོན་གྲུབ་རྒྱལ་གྱིས་སྤྱོད་ཁང་ལ་བདག་བྱེད་ཀྱི་འདུག་ཅེས་པ་ཞིག་ཀྱང་ཁོང་དང་ཁོང་ལ་དགའ་མཁན་དག་གི་བློ་ཡུལ་ལས་འདས་པ་ཞིག་ཡིན་སྲིད། དེ་ནི་ལས་ཀ་ལ་བཟང་ངན་དང་གཙང་བཙོག་གི་ཁྱད་པར་ཆེ་རུ་དབྱེ་བའི་བོད་པའི་ལུགས་སྲོལ་གྱིས་ཀྱང་ཡིན་ནོ།།
སོང་ཙང་ལམ་ཟད་པའི་ལམ་མམ་མཐའ་མའི་ལམ་ནི་རང་མེད་བྱེད་རྒྱུ་དེ་ལས་ལྷག་མེད་ས་རེད་སྙམ། འདི་ལྟར་ཕྱོགས་གཅིག་ནས་ནི་དོན་གྲུབ་རྒྱལ་ལགས་འདས་པ་དེ་འཚོ་རྟེན་མེད་པའམ་འཚོ་ཐབས་བྲལ་བ་ཡིས་ཏན་ཏན་ཡིན་ས་རེད།
ཁོང་ཉིད་ལ་དགེ་རྒན་དང་། ཡིག་སྒྱུར་པ། མདོ་འཛིན་པ་སོགས་བྱེད་པའི་ཡོན་ཏན་མེད་སོང་བ་ཨེ་རེད་ཟེར་ན་དེ་གཏན་ནས་མ་རེད། ཡོན་ཏན་དེ་འདྲ་ཡོད་བཞིན་དུ་དེ་རང་བཀོལ་ས་མ་རྙེད་པ་ཞིག་རེད། གསལ་པོར་བཤད་ན། དོན་གྲུབ་རྒྱལ་ལ་མཚོན་ན་ཡོན་ཏན་ཡོད་པའི་རང་ཉིད་ཀྱིས་ཡོན་ཏན་མེད་པའི་མི་ཞིག་གི་ཁ་ལ་ཉན་དགོས་པ་ནི་ཧ་ཅང་བཟོད་དུ་མེད་པ་ཞིག་ཡིན་ས་རེད། ཁོང་གིས་མི་མང་པོ་ཞིག་ལ་ཕོག་ཐུག་གཏོང་དགོས་དོན་ཡང་ཡིན་དག་དེས་ཡིན་ས་རེད། སྐབས་དེའི་ཁོང་གི་སེམས་ཁམས་ནི་དགེ་ཆོས་ནང་བཞིན“སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར”ཞེས་པ་ཞིག་གིས་ཁེངས་བསྡད་ཡོད་ས་རེད།
ད་གང་ལྟར་མི་ལ་ལས་བཤད་པའི་དོན་གྲུབ་རྒྱལ་ནི་ང་ཚོ་བོད་པ་ཡོངས་ཀྱིས་བསད་པ་རེད་ཅེས་པ་བདེན་པའི་དབང་དུ་བཏང་ན། ཁ་ཆེན་དབང་ཆེན་དག་གི་དངོས་ཤུགས་ཀྱི་ཟོལ་སྦྱོར་གྱིས་ཁོང་གི་ལག་གི་ལས་ཀ་བླངས་པ་དེར་གོ་དགོས་པ་འདྲ། ང་ཚོས་དོན་གྲུབ་རྒྱལ་ལགས་ལ་ཇ་ཚྭ་ཁུ་ཉོ་སྤྱད་ཀྱང་མ་བྱིན་པར་ལྟོགས་སྐོམ་ལ་གཏད་ནས་ངན་གསོད་བྱས་པ་ཞིག་ལ་གོ་དགོས་སྙམ།
དོན་གྲུབ་རྒྱལ་ལགས་མ་གཤེགས་སྔོན་ཏག་ཏག་ལའང་ཁོང་གི་གྲོགས་པོ་ཟླ་བ་བློ་གྲོས་ལ་ཁོང“ལས་སྒྱུར”བྱེད་ཨེ་ཐུབ་སྐོར་གྱི་རེ་བཅོལ་གྱི་འཕྲིན་ཞིག་བྲིས་ཡོད་སྐད། མདོར་བསྡུས་ན་དོན་གྲུབ་རྒྱལ་ཁོང་འདས་པ་དེ་ཁོང་གི“ལས་ཀ”ཞེས་པར་འབྲེལ་བ་མཐའ་གཅིག་ཏུ་ཡོད་འདུག་སྙམ། སྐབས་འདིའི“ལས་ཀ”ཞེས་པའི་ནང་དོན་གཞན་ཞིག་ནི“འཚོ་རྟེན”ཞེས་པའོ།།
དོན་གྲུབ་རྒྱལ་གྱིས་ཁོང་ཉིད་རང་ཤི་བྱས་ནས་ང་ཚོར་དྲིལ་བརྡ་བཏང་ཡོད་ཅེས་པའང་། ཁྱོད་ཚོས་ང་ལ་ལས་ཀའམ་འཚོ་རྟེན་རེག་ཏུ་མ་བཅུག་ཀྱང་ང་ལ་བསམ་ཤེས་རྒྱུ་ནི་མེད་ཅེས་པའམ། འཚོ་རྟེན་གྱི་ཆེད་དུ་ངས་ཁྱོད་ཚོར་ངོ་དགའ་མི་བྱེད་པ་མ་ཟད་ལས་ཀ་དམའ་བོ་རིགས་བྱས་ནས་ཁྱོད་ཚོའི་བསམ་ཐོག་ལའང་མི་འཇོག་ཅིང་ཐད་ཀར་འཆི་བར་བྱ་ཞེས་དང་། ང་དང་ང་ལྟ་བུ་འཚོ་རྟེན་ལ་ཅི་མི་སྙམ་པར་རང་སྲོག་འདོར་ཕོད་མཁན་མི་མང་པོ་ཡོད་སྲིད་ཅེས་ཀྱང་ལབ་འདོད་པ་ཡིན་ས་རེད། ཅོང་བརྡ་འམ་དྲིལ་བརྡ་ཞེས་པར་ཡང་འདི་ལྟར་འགྲེལ་ན་གོ་རྒྱུ་ཏོག་ཙམ་ཡོད་ལས་ཆེ། དེ་ལྟར་མིན་ཚེ། དོན་གྲུབ་རྒྱལ་གཤེགས་པའམ་ཤི་བའི་ཐོག་ནས་ང་ཚོར་ནག་ཉེས་ཤིག་དཀྲི་ཤེས་ཐབས་མེད་དོ།།

༢ མྱུར་བའི་རྐྱེན།
དོན་གྲུབ་རྒྱལ་གྱི་གཤེགས་རྐྱེན་ནམ་ཤི་རྐྱེན་ཐད་གོང་ནས་གླེང་བའི་དལ་བའི་རྒྱུ་དེ་འདྲ་ཡོད་པའི་ཕན་ཆད་དེ་དང་འབྲེལ་བའི་མྱུར་བའི་རྐྱེན་ཡང་འགའ་ཞིག་ཡོད་ཚོད་འདུག
དེ་ནི། ཁོང་ལ་སྤྱི་ཚོགས་ནས་ཁོང་རང་གིས་བལྟས་ན་ཐོབ་འོས་པའི་བརྩི་བཀུར་དེ་འདྲ་ཅུང་མ་ཐོབ་པ་དང་གཅིག ལས་ཀའམ་བྱ་བ་ཡག་པོ་ཞིག་ཅི་བྱས་ཀྱང་མ་རེག་པ་དང་གཉིས་སོགས་ཀྱིས་ཁོང་རྟག་པར་ཕུ་ཤོར་ཤོར་ཞིག་མེད་དམ་སྙམ། དེའི་སྟབས་ཀྱིས་སྡུག་ཐུག་སྟེ་སྐབས་ཤིག་ནས་བཟུང་སེམས་གསོའི་ཆེད་དུ་ཆང་ཞེ་དྲགས་མང་པོ་བཞེས་ཀྱི་ཡོད་ས་རེད། ར་བཟི་ཐེངས་ཕལ་ཆེར་ལ་ནག་ཆགས་ལ་གཅར་རྡུང་ཡང་བྱེད་ས་རེད། ནག་ཆགས་སོ་རྙིང་གང་ཡིན་མ་ཤེས་མོད་གཅིག་གི་ནི་བྲང་ཁ་ཡང་བསྲེགས་སོང་རབས་ཡོད།
མི་ཚོའི་གཤོབ་མིན་ན། ཁོང་གི་ཆུང་མ་དང་དགའ་རོགས་སུ་གྱུར་མྱོང་བ་དག་གིས་ནི་དོན་གྲུབ་རྒྱལ་གྱི་མཚན་གོ་ཚེ་ཡང་ལག་པ་ཐོད་པར་བཞག་སྟེ་དམོད་མོ་བྱེད་རབས་འདུག དེང་སང་ང་ཚོ་ཀློག་མཁན་དག་གིས་དོན་གྲུབ་རྒྱལ་གྱི་ཆུང་མས་འདི་ཟེར་ཞེས་པའི་བཅར་འདྲི་སོགས་མཐོང་དཀའ་བ་ནི་གཅིག་བྱས་ན་དོན་དག་དེས་ཡིན་ས་རེད།
ད་གང་ལྟར་ཁོང་ལ་ལས་ཀའམ་བྱ་བ་མ་རེག་པའི་གནོན་ཤུགས་ཀྱི་ཐོག་ཆང་གིས་ནི་སྐྱོ་སྣང་དང་ཡིད་ཆད་ལྡབ་ཀྱིས་བསྐྲུན་ཡོད་ས་རེད། དེ་ལ་ཁོང་སོ་སོས་ཀྱང“སྲན་མ་མ་ཆོད་ནས་ཐོག་སྡང”ཟེར་བའི་དཔེ་བཞིན་ཁྱིམ་ཚང་ནང་ཞེ་དྲགས་ངོ་འཁྱགས་བྱས་ཡོད་ས་རེད། དེ་ལས་ནི་འཇིགས་སུ་རུང་བའི་བཟའ་འཁོན་བྱུང་སྟེ་ཆུང་མས་ཁོང་ལ་ཁྲེལ་མེད་བྱས་པའི་སྒྲུང་ཡང་མཆིས། དེ་ལྟར་ཕྱི་ནས་བཀྲ་མ་ཤིས་པའི་ཐོག་ལ་ནང་ནས་ཀྱང་དོན་མ་འགྲུབ་པས་ཅི་མ་ཡིན་ལ་འཆི་ལམ་བདམས་བཞག་པ་ཡིན་ས་རེད།

༣ མཇུག་སྡོམ།
གོ་དགོས་པ་ཞིག་ལ། ངས་འདི་སོགས་གླེང་སྟེ་དོན་གྲུབ་རྒྱལ་ཡག་པོ་མི་འདུག་རྩ་བ་ནས་ཟེར་གྱི་མེད། དོན་གྲུབ་རྒྱལ་ཁོང་ཡང་མི་ཡིན་ཙང་གནད་དོན་དེ་འདྲ་ཡོད་ཆོག་ཆོག་རེད་འདོད་ཀྱི་ཡོད། ངག་སྒྲོས་འདི་རིགས་བདེན་ཐག་ཆོད་རེད་ཀྱང་ཟེར་གྱི་མེད། འོ་ན་གང་རེད་ཅེ་ན། དོན་གྲུབ་རྒྱལ་གྱིས་སྟོན་པ་སངས་རྒྱས་ཁྱི་རེད་ལབ་སོང་ཞེས་པའང་ངག་སྒྲོས་ཤིག་རེད་མོད། དེ་འདྲ་མང་པོ་བདེན་ཤག་ཤག་ཏུའམ་བདེན་རྫུན་ལ་མ་ལྟོས་པར་དོན་གྲུབ་རྒྱལ་ཞིབ་འཇུག་གི་དེབ་སོགས་སུ་མང་དུ་དྲངས་པ་མཐོང་རྒྱུ་འདུག བྱས་ཙང་འདིར་ཡང་བརྒྱ་ལ་ངག་སྒྲོས་འདི་རིགས་བདེན་པ་ཡིན་ཚེ་ཞེས་གླེང་གི་ཡོད་པ་ཡིན། མཐའ་གཅིག་ཏུ་ཐག་བཅད་པ་སོགས་བྱས་མེད་དོ།།

༢༠༡༥ ༡༡ ༣༠

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དོན་གྲུབ་རྒྱལ་གྱིས་རང་སྲོག་བཅད་པའི་རྒྱུ་རྐྱེན་འཚོལ་བ།

2015-12-11 སེང་རྡོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།