ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་དཔེ་དབྱིབས་གསར་བ་དང་སྨྲ་བརྗོད་གསར་བ།༣

          གསུམ་པ། རང་འདེམས་ཚོང་ར་དང་ཡུལ་སྐོར། སྨན་རྫས་བརྡ་ཁྱབ་སོགས་ཚོང་རའི་ཆ་འཕྲིན་གྱིས་གྲུབ་པའི་དོན་བརྗོད་སྨྲ་བརྗོད།
 ཚོང་ཟོག་བརྡ་ཁྱབ་ནི་ཚོང་རའི་དཔལ་འབྱོར་གྱི་ཞོ་རྩི་དང་འདྲ་བར་བཟོ་ལས་ཕྱི་མའི་དུས་སྐབས་སུ་བསྐྱོད་པའི་མྱུར་ལམ་ལྟ་བུར་གྲུབ། བརྙན་འཕྲིན་འཕྲུལ་ཆས་དང་རང་འདེམས་ཚོང་ར་སོགས་སུ་གན་ཡིན་འདི་བདེན་གྱི་ཚོང་ཟོག་བརྡ་ཁྱབ་ཀྱིས་གཏམས་འདུག་ལ། དེ་ཚོས་མིའི་མཛད་སྤྱོད་དགོས་མཁོ་ལ་ལམ་སྟོན་དང་ལོག་ཁྲིད་གང་རང་བྱེད་ཀྱིན་འདུག གྲངས་ཚད་ལས་བརྒལ་བའི་ཚོང་རའི་བརྡ་ཁྱབ་མོད་པོས་མིའི་སོས་དལ་བག་ཕེབས་ཀྱི་འཚོ་བར་དཀྲུག་ཤིང་འཕེན་གྱིན་པ་འདི་ནི་ཏག་ཏག་ཨ་རིའི་བཟོ་ལས་ཕྱི་མའི་དུས་སྐབས་ཀྱི་འཛད་སྤྱོད་རིང་ལུགས་ཀྱིས་བཟོས་པའི་དཀའ་རྙོག་རེད།
 དྷོན•ཏེ་ལི་ལཱོའི་སྒྲུང་གཏམ་རིང་གྲས<<དཀར་བོང་བོང་གི་འཛེར་སྒྲ>>འི་དོན་བརྗོད་སྨྲ་བརྗོད་ཀྱིས་གོང་གི་ཁྱད་ཆོས་གསལ་བར་བྱས་ཡོད་དེ། མི་ཚོས་ཡིད་རྟོན་བྱང་བུMaster Card   Visa   American Expressབཀོལ་ནས་ཤོག་དངུལ་བརྗེ་རེས་ཀྱི་ཚབ་བྱེད་ཀྱིན་པ་དང་། ཚོང་ཟོག་མང་པོར་བརྡ་ཁྱབ་ཡོད་ཆོག་པ། དཔེར་ན། Dacron  Orion  Lycra   Spandex   Kleenex Softipue   Lydaསོགས། ཚོང་རྟགས་བརྡ་ཁྱབ་ལ་བརྟེན་ནས་ཚོང་བྱང་གྲགས་ཆེར་བཟོ་བ། ཚོང་ཟོག་ཚོང་བྱང་ལ་བརྟེན་ནས་ཚོང་ར་བཅད་བཟུང་བྱས་པ། རླངས་འཁོར་དང་ས་རིན་ཁང་རིན་ནི་ཚོང་རའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་ཆེན་གཉིས་ཡིན་པ། ཉི་ཧོང་གི་རླངས་འཁོར་ཆུང་ངུའི་རིགས་ཨ་རིའི་ཚོང་རར་འཛུལ་བ། ཧྥིན་ཐེན་རྟགས་ཅན་གྱི་རླངས་འཁོར་རིགས་ཀྱི་འགྲན་རྩོད་ཤུགས་ཆེར་འཕེལ་བ། Toyota Corolla  Toyota Celica  Toyota Cres-sidaརྟགས་འདི་གསུམ་གྱི་བརྡ་ཁྱབ་གྲུ་ཟུར་སོ་སོར་ཁྱབ་པ། འདི་ལྟ་བུའི་སྣ་ཚོགས་ཀྱི་བརྡ་ཁྱབ་སྐད་ཆ་མང་པོ་སྒྲུང་གཏམ་གྱི་དོན་བརྗོད་སྨྲ་བརྗོད་དུ་བཞག་ནས། དེར་བརྡ་འཕྲིན་དུས་རབས་ཀྱི་ཁྱད་ཆོས་ཡོངས་སུ་འཛོམས་པར་བཅུག་ཏེ། ཏི་ལེ་སེའི<<ཞེ་འདོད་ཁག་གསུམ་ཅན>>ཀྱི་དོན་བརྗོད་སྨྲ་བརྗོད་དང་གོ་ཕྱེས་འདུག<<དཀར་བོང་བོང་གི་འཛེར་སྒྲ>>ཉིད་དུས་རབས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་རྨ་མེད་པ་ཞིག་ཏུ་གྱུར།
           བཞི་བ།  དུངས་བརྗོད་དང་ལྷུག་བརྗོད། བསྟོད་བསྔགས་དང་འཁང་ར་བསྣོལ་མའི་ཟུང་འཇུག་རྣམ་པའི་སྨྲ་བརྗོད།
  ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་ནི་རྩོམ་ལུས་ལས་བརྒལ་བའི་སྒྲུང་གཏམ་ལགས་པས། རྩོམ་པ་པོས་དོན་བརྗོད་སྨྲ་བརྗོད་སྟེང་དུངས་བརྗོད་དང་ལྷུག་བརྗོད་གཉིས་རྒྱུགས་ཆེ་བར་མཐུན་སྡེབ་བྱས་ངེས། མི་སྣ་ལ་ལར་བསྟོད་བསྔགས་ཡོད་ལ་འཁང་ར་ཀྱང་གྲིབ་མ་བཞིན་འགྲོགས་ཡོད་པའི་ཟུང་འཇུག་རྣམ་པའི་སྨྲ་བརྗོད་བཀོལ་བ་མང། ན་བྷོ་ཀོབ་ནི་ཤུགས་རྐྱེན་ཆེ་བའི་སྐད་ཆའི་སློབ་དཔོན་ཞིག་སྟེ་ཁོ་ནི་ཁ་མཚར་ནག་པོའི་རྩོམ་མཁན་ཕེན་ཆོན་གྱི་རྩ་བའི་བླ་མ་ཡིན་ལ། པར་སི་དང་ཧའོ་ཁེ་སི། བྷར་སྰེམ་སོགས་ཀྱིས་དད་གུས་བྱ་སའི་མི་ཞིག་ཀྱང་ཡིན། ཁོའི་འཐུས་ཚབ་བརྩམས་ཆོས<<ལའོ་ལིས་ཐཱ>>དེང་མ་འགྲེམས་བཀག་མཛད་མོད། གཞུག་ནས་ནུབ་གླིང་དེང་རབས་རྩོམ་རིག་ཁྲོད་ཀྱི་གྲགས་རྩོམ་ཞིག་ཡིན་པར་ཚང་མས་སྤྱི་མོས་བྱས།
《ལའོ་ལིས་ཐཱ》ཡི་ཚན་པ་དང་པོ་མགོ་བཙུགས་མ་ཐག་ཧིན་པའོ་ཐེ་ཡིས་བཙོན་ཁང་གི་ལྕགས་དྲའི་གསེབ་ནས་ལཱོ་ལིས་ཐ་དྲན་ཚུལ་བྲིས་ཡོད་དེ།
༼ལའོ་ལིས་ཐཱ། ངའི་ཚེ་སྲོག་གི་རྐོང་བུ་སྒྲོན་པའི་མེ་སོན། ངའི་འདོད་ཞེན་གྱི་མེ་ཆེན་སྦར་བའི་མེ་སོན། ངའི་ནག་ཉེས་དང་ངའི་རྣམ་ཤེས་འདྲ་བའི་ལའོ-ལིས-ཐཱ། ལྩེ་རྩེ་ཁའི་སྦུབས་ནས་ལན་གསུམ་དུ་འགྲུལ་བཞུད་བྱ།  ལའོ   ལིས   ཐཱ།
  ནངས་སྔ་མོར་མོ་ནི་ལའོ་ཞེས་པའི་ཡིག་འབྲུ་རྡོག་གཅིག མོས་འབོ་ཡང་གོན་ཁོམ་མེད་པར་ངའི་ཁ་གཏད་དུ་འགྲེང་དུས་དང་ལྭ་བདེ་མོ་ཞིག་གོན་ཡོད་དུས། ངས་མོ་ལ་ལའོ་ལ་ཞེས་སྙིང་ཉེ་ཉེས་བོས། སློབ་གྲྭར་ཡོད་དུས། མི་ཚོས་ཁོ་མོར་ཏའོ་ལིས་ཞེས་འབོད་ཀྱིན་ནའང་། ……ངའི་པང་དུ་ཡོད་དུས། མོ་ནི་རྟག་བརྟན་གྱི་ལའོ་ལིས་ཐཱའོ། ༽
   དོན་དངོས་ཐོག་ཁོས་ལའོ་ལིས་ཐཱར་བཟུང་བའི་སེམས་ཁམས་ནི་འགལ་འདུའི་ཕུང་བོ་ཞིག་སྟེ།
  ༼ཕྱི་ནང་མེད་པའི་གཡོ་ཁྲམ། སེམས་འགུལ་ཐེབས་སླ་བའི་གཤིས་རྒྱུད། སྔོ་ཐིང་ཐིང་གི་ཡིད་མུག་སྟེང་རྒྱ་སེ་དམར་པོའི་མགོ་སྟོང་བསྣན་པ་ནི་ཏག་ཏག་ལའོ་ལིས་ཐཱའི་ངང་གཤིས་ཡིན་ཏེ། གང་ནས་ཡོང་བའང་མི་གསལ་བའི་སུན་སྣང་། རྒྱུ་མེད་རྐྱེན་མེད་ཀྱིས་ཐོན་འོངས་པའི་འཁང་སེམས། མགོ་ཡངས་ཀླད་མེད། གཉའ་ཆག་ཉམ་ཤོར། སད་དང་མ་སད་མི་རྟོགས་པའི་བྱེད་ལུགས། འགན་འཁྲིའི་འདུ་ཤེས་མེད་པ། གང་སར་གཡམ་རྒྱུགས་མཛད་པའི་བྱ་ལས་དག་གི་སྔོན་ནས། ང་ལ་བསམ་བློའི་གྲ་སྒྲིག་ཅི་ཡང་ཡོད་པ་མིན་ནོ། ……༽
 ལོ་ན༣༠ལོན་པའི་སློབ་ཆེན་སློབ་དཔོན་ཆེན་མོ་ཧིན་པའོ་ཐེ་ནི་ལོ༡༢ལས་སོན་མེད་པའི་བུ་མོ་ལའོ་ལིས་ཐཱར་དུངས་ཀ་སྐྱེས་ཏེ། བུ་མོ་ཁྲིད་ནས་འགྲུལ་ཁང་དང་སྡོད་ཁང་། སྤྱི་གླིང་སོགས་སུ་འཁྲིག་པ་སྤྱད། གཞུག་ནས་མོས་བྱི་ལི་གཞན་དང་དུས་ཆད་བྱེད་དེ་ཟློས་གར་མཁན་ཁཱེར་ཏི་དང་འགྲོགས། མཐའ་མར་བཟོ་བ་ཏིས་ཁི་དང་གཉེན་བསྡེབས་པ་རེད། ཧིན་པའོ་ཐེ་ཁཱེར་ཏི་གསོད་པར་ཆས་པའི་ལམ་བར་ནས་འཛིན་བཟུང་ཐེབས་ཏེ་བཙོན་དུ་བཅུག ལའོ་ལིས་ཐཱར་བྱིས་པ་བཙས་ཁག་པར་གྱུར་ནས་ཚེ་ལས་འདས། འདི་ལྟར་སྐྱོ་གར་གྱི་ལམ་ནས་སྒྲུང་གཏམ་མཇུག་བསྡུས་ཡོད་པས་ཀློག་པ་པོའི་སེམས་ངོར་གདུང་སེམས་ཀྱི་དངངས་འདར་སློང་བར་བྱེད།
            ལྔ་བ།  རྩོམ་པ་པོའི་ཟེར་སྒྲོས་བབ་བསྟུན་སྒོས་དོན་བརྗོད་ནང་ཞུགས་པའི༼འཛུལ་ཞུགས་རྣམ་པའི༽སྨྲ་བརྗོད།
 སྔོན་ཆད་རྩོམ་པ་པོའི་ཟེར་སྒྲོས་རྩོམ་གྱི་བྱུང་རིམ་ནང་ཞུགས་པ་ནི་སྒྲུང་གཏམ་གྱི་འཛེམ་བྱ་ཞིག་ཡིན། ལྷག་ཏུ་འབོད་པའི་ཐ་སྙད་གསུམ་པ་ལྷུག་བརྗོད་པ་ཡིན་པའི་སྒྲུང་གཏམ་དུ་དེ་ལྟར་མི་རུང་མོད། དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་ཁྲོད་དུ་འདི་འདྲའི༼འཛུལ་ཞུགས་རྣམ་པའི༽སྨྲ་བརྗོད་མང་དུ་མཐོང་རྒྱུ་འདུག བོན་ནེ་གྷི་ཐ་ཡིས<<དུས་འགུལ>>(༡༩༩༧)ནང༼ཐེ་ལཱེ་ཐེ(སྒྲུང་གཏམ་གྱི་མི་སྣ་གཙོ་བོ)ཟེར་རྒྱུ་ཞིག་གཏན་ནས་མེད། ངའི་སྒྲུང་གཏམ་གཞན་རྣམས་ལས་ཀྱང་དོན་དུ་ཁོ་ནི་ངའི་བདག་ཉིད་གཞན་ཞིག་ཡིན༽ཞེས་དྲང་གཏམ་སྨྲོས་འདུག
  མཚམས་རེར་རྩོམ་པ་པོ་རང་གི་ཚོར་བ་དང་མྱོང་བ་རྣམས་ཀྱང་སྒྲུང་གཏམ་གྱི་གྲུབ་ཆར་གྱུར་འདུག དཔེར་ན<<དུས་འགུལ>>དུ༼ངའི་བུ་སྟེ་སྨན་པ་མཱ་ཁེ·བོན་ནེ་གྷི་ཐ་ཡིས་ལོ་རབས༦༠བར་རང་ཉིད་སྨྱོས་པར་གྱུར་བའི་དཔེ་ཆ་ཞིག་བྲིས། དཔེ་ཆ་བྲིས་པ་ལེགས་པོར་མཐོང་བས་ད་བཟོད་ཧྭ་ཧྥོར་སྨན་རྩིས་སློབ་གླིང་ནས་མཐར་ཕྱིན་དུ་བཅུག་པ་རེད། ༽
  <<དུས་འགུལ>>ནི་ལྟེ་བ་མེད་ལ་བྱུང་རིམ་མེད་པ། དུས་ཚོད་ཀྱི་འགྲོས་དང་གཏན་ཚིགས་ཀྱི་ཆོས་ཉིད་ཅི་ཡང་མེད་པའི་ཧྲུག་དུམ་འགས་གྲུབ། རྩོམ་པ་པོས་ཕལ་ཆེར་སྒྲུང་གཏམ་བ་ཇིར་ཀེ·ཐེ་ལཱོ་ཐེ་ཡི་གཏམ་རྒྱུད་འབྲི་བར་སེམས་མོད། ཡར་བཤད་མར་བཤད་མང་པོས་མཐའ་མ་ཟིན་པར་བྱས་རྗེས། རྩོམ་པ་པོས་ཚུལ་མིན་གྱི་འབྲི་ཐབས་སྤྱད་ནས་འཚོ་གནས་ཁོར་ཡུག་གི་ཆོ་མེད་དགོད་བྲོའི་རྣམ་པ་དང་སྤྱི་ཚོགས་ལམ་ལུགས་ཀྱི་གོ་བསྡེབས་མགོ་འཆོལ། རྩོམ་མཁན་ཚོའི་ཅི་བྱ་གཏོལ་མེད་ཀྱི་སེམས་ཁམས་མཚོན་པར་བྱས་འདུག
  ཡིན་ན་ཡང་གླེན་པའི་གཉིད་བཤད་ལྟར་བདེན་རྫུན་གོ་འབྱེད་པར་དཀའ་བའི་མཁའ་དབུགས་ཁྲོད། རྩོམ་པ་པོས་སྐབས་དང་སྐབས་སུ་བློ་མིག་ཅན་གྱི་སྐད་ཆ་ཡང་འཆད་ཡོད་དེ། དཔེར་ན༼མི་ནི་འདི་ལྟ་བུའི་རིག་ཅན་ཞིག་ཡིན་པར་བློ་མ་བདེ་དང་མི་ནི་འདི་ལྟ་བུའི་གླེན་རྟུལ་ཞིག་ཡིན་པར་བློ་མ་བདེ། མི་ལ་འདི་ལྟ་བུའི་བྱམས་སེམས་ཡོད་པར་བློ་མ་བདེ་དང་མི་ནི་འདི་ལྟ་བུའི་ཐ་ཤལ་ཞིག་ཡིན་པར་བློ་མ་བདེ ༽ལྟ་བུའོ།།
  བོན་ནེ་གྷི་ཐའི<<དཔེ་མེད་པའི་ནངས་ཟས>>དང<<གཟེབ་ནང་གི་བྱེའུ>>ཡི་དོན་བརྗོད་སྨྲ་བརྗོད་ནང་།༼སྐྱི་པགས་ཀྱིས་ཡོད་ཚད་ཐག་གཅོད་བྱེད༽དང༼ང་ཚོ་ཡོད་ས་འདི་མུན་ནག་གི་ཧྥེ་གླིང་དང་ཁྱད་པར་ཆེར་མི་འདུག༽༼རྒྱུ་ནོམ་ཀྱིས་མི་རབས་གསུམ་ལས་གོ་ཆོད་མི་སྲིད།༽༼རྩེད་འཇོལ་མི་རོལ་བར་བརྩོན་འགྲུས་ཁོ་ན་བསྐྱེད་ནུས་ན། བྱིས་པ་གླེན་པ་ཞིག་སྐྱེས་ཀྱང་ཆོག༽ལ་སོགས་པའི་གདམས་ཚིག་མང་པོ་ཡོད་པས་བལྟ་བས་ཆོག་མི་ཤེས་སོ།།
  ཨ་རིའི་ཡ་ཧུ་དཱ་པ་མི་རིགས་ཀྱི་རྩོམ་མཁན་ཧྥེ་ལི་ཕུ·རོ་སིཡིས་ཁོའི་སྒྲུང་རིང<<མགོ་སྐོར>>(༡༩༩༠)ནང་ལུན་ཏུན་གྲོང་ཁྱེར་དུ་བུད་མེད་འགའ་དང་མཉམ་དུ་བརྩེ་དུང་ཕྱོགས་ཀྱི་ཁ་བརྡ་གནང་བ་ཡིད་འཕྲོག་པོར་བྲིས་ཡོད་ཅིང་། ད་དུང་ཁོའི་སྒྲུང་རིང་གཞན<<ཞཱ་ཁུ་ལོའི་འགུལ་སྐྱོད>>(༡༩༩༣)ཞེས་པར་ལྟ་ཚུལ་གཏན་ནས་མི་གཅིག་པའི་ཧྥེ་ལི་ཕུ·རོ་སི་གཉིས་བཞེངས་བསྐྲུན་མཛད་དེ། དེང་རབས་མིའི་ངོས་གཉིས་གཤིས་ཀའི་ཐད་གླེང་མོལ་བྱས་པ་བྲིས་འདུག གོང་ལྟར་གྱི༼འཛུལ་ཞུགས་རྣམ་པའི༽སྨྲ་བརྗོད་འདི་འདྲ་སྲོལ་རྒྱུན་སྒྲུང་གཏམ་དག་ལས་མཐོང་དུ་མེད།
           དྲུག་པ།  རྩོམ་ཆོས་བརྒལ་བའི་གློག་ཀླད་སྐད་ཆས་གྲུབ་པའི་སྨྲ་བརྗོད།
གློག་ཀླད་ཀྱི་ཁྱབ་རྒྱ་ཇེ་ཆེར་སོང་བ་དང་སྦྲགས། དྲ་བའི་རྩོམ་རིག་ཀྱང་རྐ་ལམ་བཤངས་པས་ཆུ་རྒྱུག་པ་ལྟར་འཕེལ་ཞིང་། རྩོམ་ཆོས་ལས་བརྒལ་བའི་གློག་ཀླད་སྐད་ཆར་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་པ་དག་གི་དོ་སྣང་ཐེབས། ཁོ་ཚོས་སྨྲ་བརྗོད་གསར་བ་དེ་ཉིད་བཀོལ་སྤྱོད་སྒོས་སྒྲུང་གཏམ་གྲུབ་པར་བྱས་ཡོད།  E·L·ཌྷོ་ཁད་ཐྲོ་ཡིས<<ཀོ་གྱོང་ལྟ་བུའི་སྐྱེས་ཕོ>>ནང་མིང་གི་ཚོགས་པ༣དང་མིང་ཚིག༡༢སྤྱད་དེ་དུས་རབས༢༠པའི་ལོ་རབ༦༠བའི་ཨ་རིའི་སྤྱི་ཚོགས་རྒྱབ་ལྗོངས་མཚོན་ཡོད་དེ།
  (༡) Night         ladder         Window             Scream           penis
       མཚན་མོ།       སྐས།              སྒེའུ་ཁུང་།             སིད་འབོད།        ཕོ་མཚན།
  (༢) Patrol        Mud            Flare                 Mortar
     སྐོར་ཞིབ།         འདམ་རྫབ།     མེ་ལྕེ།                  སྒྱོགས་ཆེན།
   (༣) president    Crowd        Bullet
         སྲིད་འཛིན།     མི་ཚོགས།      མདེའུ།
  རིག་པ་ཞིབ་མོས་བརྟག་ཅིང་དཔྱད་ན། མིང་གི་ཚོགས་པ་འདི་གསུམ་པོའི་སྦས་དོན་གོ་སླ་བར་མཐོང་ཡོང་སྟེ།
  (༡)ལོ་རབས༦༠བའི་ནང་། གཞོན་སྐྱེས་ལ་ལ་མཚན་མོར་སྐས་རིང་ཐོག་སྒེའུ་ཁུང་ནང་འགོས་ཏེ་བུད་མེད་ཚོར་བཙན་གཡེམ་བྱེད། བུད་མེད་ཚོས་ཕྱིར་རྒོལ་སིད་འབོད་སྒྲོག ལ་ལ་དམིགས་མེད་ངང་ཁྲོམ་སྲང་མྱུལ་ཞིང་གཏོར་བརླག་བརྒྱབ་ཏེ་མཐའ་མར་བྱས་ཉེས་བཟོས། (༢)ཡོ་ནན་དམག་འཁྲུག་བསྟན་པ་སྟེ། དམག་མི་ཚོས་འདམ་རྫབ་ཐོག་སྐོར་ཞིབ་བྱེད་དུས་སྒྱོགས་ཆེན་གྱིས་མདེའུ་འཕེན་སྐབས་འཕྱུར་བའི་མེ་ལྕེ།(༣)༡༩༦༣ལོར། སྲིད་འཛིན་སྔོན་མ་ཁིན་ནེ་ཏི་ཉིད་ཏཱ་ལ་སིའི་འདེམས་བསྐོའི་བྱ་འགུལ་ཁྲོད་དུ་ཞུགས་སྐབས། འཚུབ་རྒྱག་ཆེ་བའི་མི་ཚོགས་ཀྱི་ཁྲོད་ནས་མདེའུས་ལྐོག་གསོད་བྱེད་པ། མིང་ཚིག་འདི༡༢པོ་དབྱིན་ཇིའི་བརྡ་སྤྲོད་ཀྱི་ལམ་ནས་ཕྲེང་བར་སྦྲེལ་མེད་ན་ཡང་། ཀློག་པ་པོར་བསམ་གཞིག་གཏོང་སའི་བར་སྟོང་ཞིག་བྱིན་ཏེ་རང་རང་གི་ཀླད་པའི་ནང་ནས་དེ་ཚོ་བདག་གཅིག་ཏུ་འབྲེལ་དགོས་པར་བསྟན། སྨྲ་བརྗོད་འདི་རིགས་གློག་ཀླད་སྐད་ཆའི་ཁྲོད་ནས་གོ་བ་བསྐྱེད་རྒྱུ་ཡོད་པ་མ་ཟད། ཀློག་པ་པོའི་ཚུར་སྣང་སྨྲ་བའི་ཤུགས་རྐྱེན་ཀྱང་ཐེབས་སྲིད། འདི་ལས་ང་ཚོས་རྩོམ་རིག་དང་སྐད་བརྡ་རིག་པའི་བར་གྱི་འདྲེས་མདོ་གསར་བ་ཞིག་རྟོགས་ཐུབ།
  མདོར་དྲིལ་ན། ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་དུ་འདི་འདྲའི་དམིགས་བསལ་སྨྲ་བརྗོད་གསར་བ་མང་དུ་ཡོད་པས། ཀློག་པ་པོའི་བསམ་བློ་ཡང་སྐད་ཆ་འདིའི་བརྡ་རྟགས་མ་ལག་ཁྲོད་འཛུལ་ཞུགས་བྱེད་ཐུབ་སོང་ཚེ། ད་གཟོད་རྩོམ་ཆོས་འབྱོངས་ཀློག་སྒོས་ཕུགས་ཀྱི་གབ་དོན་བསློགས་ཐུབ་བོ།
  ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་མཁན་དག་གིས་དེང་རབས་གྲུབ་མཐའི་མཛེས་རིག་རྩ་ལག་གི་ལྕགས་སྒྲོག་གཏོར་ཏེ། ཡང་སྙིང་འདུ་ཤེས་ཀྱི་གནམ་འོག་དབང་བསྒྱུར་ཀྱང་མགོ་རྟིང་བསློག དེ་ལས་ཀྱང་བརྡ་འཕྲིན་དུས་རབས་ཀྱི་དགོས་མཁོར་གཞིག་ནས་མང་བྱིངས་རིག་གནས་ལས་བཀོལ་ཏུ་རུང་བའི་སྒྱུ་རྩལ་མཚོན་ཐབས་སྡུད་ལེན་སྒོས་རང་ཉིད་ཀྱི་གསར་རྩོམ་དཔེ་དབྱིབས་དང་དོན་བརྗོད་སྨྲ་བརྗོད་གྲུབ་ཡོད། ཁོ་ཚོའི་གསར་རྩོམ་སྲོལ་རྒྱུན་གྱི་མཚམས་ཐིག་ལས་རིང་དུ་བརྒལ་ཏེ། རྩོམ་ལུས་གཞན་པའི་མངའ་ཁོངས་སུ་བསྲིངས་འདུག སྲོལ་རྒྱུན་སྒྲུང་གཏམ་གྱི་ཐིག་ལམ་དྲང་མོའི་དོན་བརྗོད་དཔེ་དབྱིབས་དེ་ཐིག་ལམ་མ་ཡིན་པའི་དོན་བརྗོད་དཔེ་དབྱིབས་གྱིས་ཚབ་བྱས། རྩོམ་ལུས་ལ་རྒོལ་བ་དང་དཔའ་བོར་རྒོལ་བ་དེ་ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་གསར་རྩོམ་དཔེ་དབྱིབས་གྱི་ཁྱད་ཆོས་གཙོ་བོར་གྱུར། དེས་སྲོལ་རྒྱུན་གྱི་སྒྱུ་རྩལ་རྣམ་པ་རྩ་སློག་དང་སྒྲིག་གཏོར་གོ་རིམ་ཁྲོད་སུན་དགག་དང་མཉམ་བསྲེས། ནང་ཁོངས་ཅན་དང་གཏན་ཁེལ་མིན་པ་སོགས་རང་ཉིད་ཀྱི་ཁྱད་ཆོས་ཞོར་དུ་གྲུབ་པར་བྱས་འདུག སྒྲུང་གཏམ་གཅིག་ལ་གསར་རྩོམ་དཔེ་དབྱིབས་གཅིག་ལས་སྤྱད་མེད་ཀྱང་། དོན་བརྗོད་སྨྲ་བརྗོད་མང་དུ་སྤྱད་ཡོད། འདི་ཉིད་རྩོམ་མཁན་གྱི་རང་འདོད་རང་བཞིན་དང་གཏན་ཁེལ་མེད་པའི་རང་བཞིན་དང་འབྲེལ་བ་དམ་ཟབ་ཡོད། རྩོམ་པ་པོས་གསར་རྩོམ་ནི་སྐད་ཆའི་རོལ་རྩེད་ཅིག་ཏུ་བཞག་སྟེ། རྩོམ་ཆོས་གཞི་སྒྲིག་བྱེད་ཀྱིན་པའི་སྐབས་སྐད་ཆར་གཙོ་ཕལ་མི་འབྱེད་པར་གང་བདེར་སྤྱད་ཡོད་པས། ཀློག་པ་པ་པོས་ཀྱང་ཟུར་གང་རུང་ནང་གོ་སླ་མོའི་ངང་རྩོམ་ཆོས་གསེད་འགྲོལ་ཐུབ་པར་བྱས།
འོན་ཀྱང་། ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་རྩོམ་མཁན་དག་གིས་ཕྱི་དོན་གྱི་ལམ་ནས་དངོས་ཡོད་འཇིག་རྟེན་མཚོན་པ་མིན་པར། ཁོ་ཚོས་རྟག་པར་སེམས་གཙོ་རིང་ལུགས་ཀྱི་ངོས་ཐད་ནས། རང་ཉིད་ཀྱི་ཤེས་རབ་དང་བློ་གྲོས་རྩལ་ཏུ་སྤྲུགས་པ་བརྒྱུད། གཏན་ཁེལ་མ་ཡིན་པའི་སྐད་ཆའི་བརྡ་རྟགས་བརྒྱུད་ནས་རྟོག་བཏགས་ཀྱི་འཇིག་རྟེན་ཞིག་བློས་བསླངས་བྱས་ཏེ་དངོས་ཡོད་འཇིག་རྟེན་གྱི་ཁ་འཐོར་དང་འཆལ་འཆོལ། སྨྱོན་གཟུགས་གསལ་སྟོན་མཛད། ཁོ་ཚོའི་བརྩམས་ཆོས་ལས་ཆབ་སྲིད་རུལ་སུངས་དང་སྤྱི་ཚོགས་ཚུལ་མིན། ཀུན་སྤྱོད་བཙོག་འགྱུར་ཐད་ཚད་འདྲ་མིན་གྱི་སྒོ་ནས་དགག་སྒྲུབ་དང་ངོ་བཤུས་མཛད་ཡོད། མཚམས་རེར་རྩེད་དགོད་ཀྱི་རྣམ་པས་དངོས་ཡོད་རིང་ལུགས་ཀྱི་རྔམ་ཟིལ་སྟོན། སྐབས་རེར་སྤྲོ་གར་ཐབས་རྩལ་གྱིས་མིར་དགོད་སྒྲ་དང་འགྲོགས་པའི་མིག་ཆུ་སློང་། ལན་རེར་སྐྱོ་གར་གྱིས་མཇུག་བསྡུས་ཏེ་མིའི་ལུས་སྟེང་གི་བ་སྤུ་གྱེན་དུ་གཟེངས་པར་བྱེད་པས། ཀྱ་ཀྱུ་དང་གབ་སྦེད་གྱི་ངང་ཚུལ་དེ་སྒྱུ་འཕྲུལ་དང་འདྲ་བར་གོ་ཁག་པར་གྱུར། དེ་ལྟ་བས་ན་ཁོ་ཚོའི་རྫུན་ཀོང་འདྲེས་མའི་ངོ་གདོང་གི་མདུན་ནས། ཀློག་པ་པོར་ཉམས་ཞིབ་ལེན་པའི་སེམས་ཤུགས་དྲག་པོ་དང་། བསམ་གཞིག་རྣོ་ལ་བརྡར་བའི་བརྩོན་འགྲུས་ལེགས་པོ་ཡོད་ཚེ་གདོང་འབག་རིམ་པར་བཤུ་བ་ཡང་བསྒྲུབ་དཀའ་བའི་ལས་ཤིག་ཅི་ལ་ཡིན་ཨང་།།
                                       ༢༠༡༠ལོའི་ཟླ༣པའི་ཚེས༡༠ཉིན་བསྒྱུར་ཚར་ཏོ།།

མཆན།
_____________
1 རྗོ་སེ་ཧྥུ·ཧེ་ལཱེར།(JosephHeller,1923—1999) ཨ་རིའི་རྩོམ་མཁན་སྟེ་ཁ་མཚར་ནག་པོའི་གྲུབ་མཐའི་སྲོལ་གཏོད་པ། བརྩམས་ཆོས་ལ<<དམག་ཁྲིམས་ཨང་ཉེར་དགུ་བ>>སོགས་འདུག
2 རྗེམ་སོན།(F. R. Jameson,1934—) ཨ་རིའི་མར་ཁེ་སི་རིང་ལུགས་དགག་སྒྲུབ་མཁན་དང་གཞུང་ལུགས་མཁན། རིག་རྩལ་དགག་སྒྲུབ་མཁན། བརྩམས་ཆོས་ལ<<མར་ཁེ་སི་རིང་ལུགས་དང་ཕྱི་རྣམ>>སོགས་འདུག
3 E.L·ཌྷོ་ཁད་ཐྲོ(E.L.Doctorow ,1931—) ཨ་རིའི་དེང་རབས་རྩོམ་མཁན། བརྩམས་ཆོས་ལ་ལོ་རྒྱུས་སྒྲུང་གཏམ<<དཔུང་སྐྱོད་ཆེན་པོ>>སོགས་ཡོད།
4 རཱོ་བྷེར་ཐྲི་ཁཱོ་བེར(RobertCoover,1932—) ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་མཁན། བརྩམས་ཆོས་ལ<<གདོན་འདྲེའི་འཐབ་འཁྲུག>>སོགས་ཡོད།
5 དྷོན·ཏེ་ལི་ལཱོ(Don DeLillo,1936—) ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་མཁན། བརྩམས་ཆོས་ལ<<ཟླ་འོད་བཟོ་བཀོད་པ>>སོགས་ཡོད།
6 ཁུར་ཐྲི·བོན་ནེ་གྷི་ཐ(Kurt Vonnegut,1922—2007) ཨ་རིའི་ཁ་མཚར་ནག་པོའི་འཐུས་ཚབ་རྩོམ་མཁན། བརྩམས་ཆོས་ལ<<བྱི་ལའི་འགུལ་སླེ>>སོགས་ཡོད།
7 ཨུ་སེ་ལཱ· ལེ་ཀིན(Ursula Le Guin,1929—)ཏོའོ་ལུགས་བསམ་བློས་ཤུགས་རྐྱེན་ཐེབས་པའི་ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་རྩོམ་མཁན། བརྩམས་ཆོས་ལ<<འཛམ་གླིང་གི་སྐད་རིགས་ནི་ནགས་ཚལ་ཆེན་པོ་ཞིག་དང་འདྲ>>སོགས་ཡོད།
8 བོ་ལཱ་ཏི་མིར·ན་བྷོ་ཀོབ(Vladimir Nabokov,1899—1977)ཨ་རིའི་སྒྲུང་གཏམ་མཁན་དང་སྙན་ངག་པ། རྩོམ་རིག་དགག་སྒྲུབ་མཁན། ལོ་ཙཱ་མཁན། བརྩམས་ཆོས་ལ<<མག་མོག་གི་མེ་སོན>>སོགས་ཡོད།
9 ཐོ་ཉིས·མོ་རཱི་སོན(Toni Morrison,1931—)ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་རྩོམ་མཁན། བརྩམས་ཆོས་ལ<<ཞོའི་ལཱ>>སོགས་ཡོད།
10 ནོར་མན·མའི་ལེར(Norman Mailer,1923—)ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་རྩོམ་མཁན། བརྩམས་ཆོས་ལ<<སྒྲེན་གཟུགས་དང་འདས་པོ>>སོགས་ཡོད།
11 ཨེ་ཞི་མེལ·རེ་ཌྷི(Ishmael Reed,1938—)ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་མི་ནག་རྩོམ་མཁན། བརྩམས་ཆོས་ལ<<གྱོན་གོས་རྙིང་བ་བསིལ་སྐམ་བྱེད་པ>>སོགས་ཡོད།
12 ཏོ་ནྰ་ཏི·བྷར་སྰེམ(Donald Barthelme,1931—1989)ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་མཁན། བརྩམས་ཆོས་ལ<<འདས་སོང་བའི་ཨ་ཕ>>སོགས་ཡོད།
13 ཐང་ཐིན་ཐིན(Maxine Hong Kingston,1940—)ཀྲུང་རྒྱུད་ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་བུད་མེད་རྩོམ་མཁན། བརྩམས་ཆོས་ལ<<སུང་ལམ་འགྲོ་བའི་མདུན་བསྐྱོད་གླུ་གཞས>>སོགས་ཡོད།
14 ལའོ་རིས·ཨན་དྷེ་སོན(Laurie Anderson,1947—)ཨ་རིའི་ཚན་རྩལ་རྩོམ་མཁན། བརྩམས་ཆོས་ལ<<དམག་འཁྲུག་ནི་དེང་རབས་སྒྱུ་རྩལ་གྱི་ཆེས་མཐོའི་རྣམ་པ་ཞིག་ཡིན>>སོགས་ཡོད།
15 ལྦེ་ལིམ·གྷ་ཏིས(William Gaddis,1922—1998) ཨ་རིའི་རྩོམ་མཁན། བརྩམས་ཆོས་ལ<<རོལ་རྩེད་གཏུག་བཤེར་བརྒྱབ་པ>>སོགས་ཡོད།
16 ཧྥེ་ལི་ཕུ·རོ་སི(philip Roth,1933-) ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་མཁན། བརྩམས་ཆོས་ལ<<བདེ་མོ་བྱོས།ཀེ་ལུན་པཱོ>>སོགས་ཡོད།

                ༼བྱམས་ཕྲུག་གིས་བསྒྱུར༽
 
  (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་རིའི་དེང་རབས་གྲུབ་མཐའ་ཕྱི་མའི་སྒྲུང་གཏམ་གྱི་དཔེ་དབྱིབས་གསར་བ་དང་སྨྲ་བརྗོད་གསར་བ།༣

2014-01-12 ཡང་རེན་ཅིན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།