མི་གཉིས་བརྗོད་བྱར་བྱས་པའི་སྙན་ངག་ཚན་པ་གཉིས།

            པད་མ་ཚེ་བརྟན།
ཁྱོད་ནི་འགྲམ་ཆང་གི་གཉེན་པོར་བཞད་པའི་བ་ཀུ་ལ
མེ་ལྕེའི་ལག་ངར་གྱིས་བཏེགས་པའི
སྡུག་གིས་བཟུང་བའི་གངས་རི
ཁ་བ་མེད་པའི་དགུན་ཁར་སྤུངས་པའི
རྩྭ་ཐང་གི་མ་ཎི་རྡོ་འབུམ

ཨམ་གཙིགས་དང་མིག་ཆུ    ཁེར་རྐྱང་དང་སྨྲེང་སྐྱོས་གྲུབ་པའི
ཡུལ་གྱར་བ་ཆེས་རྗེས་མ

ཤོག་དཀར་ངོས་ཀྱི་རྡོའི་སེང་གེ་ལས
གསེར་ནག་དང་བླ་གཡུ་འབྲུ་མཁན
དེབ་གོག་དང་འོས་སྡེར་གྱི་གྱང་ངོས་སུ་སྦྱར་བའི
གསོལ་རས་དཀར་པོ

གངས་རིའི་ཕྱི་ནང་ལ་བརྡབས་པའི
གྲིབ་རིས་རིང་མོ    རུས་པ་མཁྲེགས་པོ

ཡུལ་གྱར་རྡུང་ལེན་པ་ཞིག་ལྟར
ཁྱོད་ཀྱིས་རྟག་ཏུ    འཚོལ   འཚོལ   འཚོལ

ཁྱོད་ནི་མེ་ལྕེའི་དཔུང་རྡང་ལ་འཐམས་པའི་ཁྲག་གི་དཔུང་རྡང
གློ་གྲི་ངར་མ   མཚོ་མཇིངས་སུ་བསྐུངས་མཁན
ཡུལ་གྱར་བའི་མེ་ལོང་ལས་བཙགས་པའི
ཐ་སྙད   སྐད་གདངས    ཧི་མདེའུ
དཀར་པོ་དང་ནག་པོ
ཡོད་ཚད་ཀྱི་ཡོད་ཚད

དྲི་མེད་ཀུན་ལྡན་གྱིས་མིག་ཕྱེས་པ་བཞིན

ཁྱོད་ནི་ཁྱི་རྒན་དམར་གསོད་གཏོང་མཁན
སྙན་ངག་པ་དུར་ཁྲོད་རྗེས་སུ་དྲན་མཁན
གཏམ་རྒྱུད་ཀྱི་སྦུག་ཁང་དུ་འཛུལ་བའི་རོ་དངོས་གྲུབ་ཅན
                                  ༢༠༡༡  ༧

          མདའ་བཙན་པོ།
མྱི་ལྡང
ཉི་ཟེར་དཔྱི་མགོར་བབས་དུས
མུན་ནག་གི་གནམ་གཅལ་རྫིག་པོ
«ཉི་དགའ་མེ་ཏོག»བཞིན་གྲོལ་ཡོད་དམ

མདང་དགོང
ཁྱོད་ཀྱིས«རྒུད་པའི་མི་རབས་གཅིག»གི་གར་དེ་མ་བཤིགས་ན་བསམས་ཀྱང
ངའི་བསམ་ཚོད་ལ
ཁང་བ་དེའི་ནང་ནས
ཁྱོད་ཀྱིས་སླར་ཡང་དབུས་ལམ་དེ་དྲན་དྲན་རྗེས
ལྕེབས་ཐག་དེར་ཅེར་འདུག་སྙམ
ངའི་མལ་ཁྲི་སྒུལ་བྱེད་ཀྱི་ལྕེབས་ཐག་དེ

ཁ་པར་གྱི་སྐུད་སྣེ་ནས
འོ་ཞོ་དང་ལྕི་བའི་འདམ་དྲི་ཐོས
ངས་མི་དེསIphoneབཟུང་འདུག་པ་མཐོང་ལ
སྐོང་གསེར་ཁ་མདོའི་རྒྱུག་ཆུ་བཞིན
ཁོ ཀྱ་མ་ཀྱུར་བཞུར་གྱིན་པ་ཚོར

མདང་དགོང་གི་སྐད་ཆའི་ཐག་པས
ངས་སྤུར་བའི་སྒྱུ་མའི་ཕུག་རོན་དེ་ཡང་ཅལ་གྱིས་བཟུང
ཁ་བརྡ་གློད་མཚམས་བཞག་རྗེས
ང་ནི་མི་ཚོགས་ཀྱི་མདུན་དུ་གཅེར་བུར་འགྲེངས་ཐབས་གཏན་ནས་མི་འདུག
རང་ལུས་བསྒྲིབས་བྱེད་ཀྱི་ཕྱི་གོས་ཤིག་བཙལ་རྗེས
ངས་སླར་ཡང་མི་ཚོགས་ཀྱི་ཁྲོད་དུ་མགོ་བོ་བཀྱགས་ནས་སོང
འོན་ཀྱང  ང་ཁྱོད་ལ་ཞེད་ཀྱིན་འདུག
〝ང་དང་ཆགས་པར་སྤྱོད་ཅིག〞ཟེར་མཁན་གྱི་མི་དེ

ང་ཚོས་རང་ཉིད་ལྕགས་རི་རིང་པོ་བཞིན་བརྩིགས་འདུག་པས
མིའི་རིགས་ཀྱི་ཚོགས་འདུར་ཞུགས་ཐབས་བྲལ
གོ་ལ་འདི་རྐང་བ་དང་ལག་པ་མང་པོས་རུབ་འདུག་པས
ང་ཚོས་ནམ་ཡང་རང་སེམས་འཇུག་སའི་བསྐོས་ཕོར་ཞིག་འཚོལ་བར་བྱེད

ང་ཚོ་ཨང
ང་ཚོའི་སྐྱིད་འདི
                          ༢༠༡༡ལོར།
                                སྐབས་ལྔ་བའི་ལང་ཚོའི་རྦབ་ཆུ་ལ་ཕུལ་བའོ།།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་གཉིས་བརྗོད་བྱར་བྱས་པའི་སྙན་ངག་ཚན་པ་གཉིས།

2011-12-14 དམར་པོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།