འཚོ་བའི་ཕབ་གཅོག

—  མུ་འབྲེལ་ལྷུག་རྩོམ་རིང་མོ«འཁོར་བ»ཡི་ཁག་བཅུ་གསུམ་པ།

   སྐྱེས་པ་ནི་འཆི་བའི་ཕྱིར་ཡིན་པས། ཚེ་སྲོག་གི་རྡུལ་ཚོན་དག་ཀྱང་སྐར་ཆ་རེ་རེར་མར་འགྲིབ་ཀྱིན་པས་ན། ཞེན་ཆགས་ཆུང་དུ་གཏོང་བ་ལ་མཁོ་དངོས་དག་རིམ་པར་སྒོའི་ཕྱི་རོལ་དུ་ཕུད་དགོས་པ་རེད་མོད། དེ་རིང་ཡང་ཚོང་རར་མྱུག་ནས་འདི་མཁོ། གན་ཡང་མཁོ་བ་འདུག་ཅེས་ཅ་དངོས་མང་པོ་ཞིག་ཉོས་ལ། ཕྱིར་ཁྱིམ་དུ་སླེབས་དུས་ཁང་བའི་གྲུ་ག་སོ་སོ་འབའ་འབུར་མང་པོས་བཀང་འདུག་པས། ཕར་བལྟས་ཚོད་ཀྱིས་ང་ལ་བསམ་གཟས་ནས་གཙེས་ཀྱིན་པའམ་རྒོལ་འདང་ཡིན་པའི་སྣང་བ་ཞིག་བྱུང་།དེང་གི་དུས་འདིར་དངོས་པོའི་ལོངས་སྤྱོད་ཀྱི་སྨྱོ་ཧམ་གོད་མའི་ཆུ་ལྟར་འཕྱུར་གྱིན་པས། མི་ཚང་མ་ཁྲ་ཁྲ་རིག་རིག་གིས་མིག་བྲིད། ཞིམ་པོ་མངར་མོས་ཁ་བྲིད་ཅིང་། འདུས་ལ་ལྟ་བ་དང་བྲིན་ཆེ་ཤོས་དེའི་རྗེས་སུ་འབྲངས་རྒྱུར་རྔམ་པ་ལས་མེད་པས་སྙིགས་དུས་ནི་ལོས་ཡིན་སྙམ་པ་སྐྱེས།

དེ་ཡང་ས་པཎ་གྱི་གསུང་རྩོམ་མང་པོར་སྙིགས་མའི་དུས་ཀྱི་སེམས་ཅན་བསོད་ནམས་ཆུང་།། དེ་ཕྱིར་མཁས་པར་སློབ་པའི་སྐལ་བ་མེད།། ཅེས་ཡང་བསྐོར་བསྐྱར་བསྐོར་གྱིས་བཟླས་པ་ལ། དེ་དུས་ནས་ད་བར་ལོ་བདུན་བརྒྱ་ལྷག་ཕྱིན་པ་ལ་ད་ནི་ཅིས་མ་ཡིན་ཨང་། ཁང་མིག་ལས་སྒོར་ཐོན་ཙམ་ནས་གཟུང་གཞུག་མེད་པའི་དངོས་པོ་ཁོ་ནས་མིག་ལམ་ཅིག་ཅར་བསྒྲིབས་ཡོང་བས། དངོས་པོའི་འཇིག་རྟེན་ཞིག་ཏུ་མི་ཚང་མ་དངོས་པོ་ཁོ་ནར་ཁས་འཆེས་པ་ཡང་གནས་བབ་ཀྱིས་དེད་པ་ཞིག་རེད་མོད། ཁ་རླངས། སྲོག་རླུང་། སྟུག་དྲི་སོགས་རླངས་གཟུགས་ཀྱི་རིགས་དང་། ཟུངས་ཁྲག སྣབས་ཆུ། དྲི་ཆུ་སོགས་གཤེར་གཟུགས་ཀྱི་རིགས་ཐམས་ཅད་མི་རེ་རེའི་ཁོག་པ་ནས་སྲ་འགྱུར་བྱས་ཏེ་རང་ཉིད་འཕྲུལ་ཆས་ཀྱི་མི་འབའ་ཞིག་ཏུ་གྱུར་ཡོད་པ་སོགས་དྲན་པ་ཙམ་གྱིས་ཀྱང་འཇིགས་ཡེར་བ་ཞིག་མ་རེད་དམ།

  ཚན་རིག་དང་དངོས་པོའི་དཔལ་ཡོན་སོགས་ཅི་ཙམ་དར་བ་དེ་ཙམ་གྱིས་སེམས་ཀྱི་ལོག་མལ་དང་ཞི་བདེ་སྒོམ་པའི་འདུན་པ་ནི་དེ་ཙམ་གྱིས་དྲག འོན་ཏེ་རྒྱ་གྲོང་གི་མི་མང་ཤོས་ཤིག་གཅིག་ནས་གནོན་ཤུགས་ཀྱི་གཅུམས་པ་དང་ཁེ་ཚོང་གི་འདུ་འགོད་ལ་བྲེལ་བ། གཉིས་ནས་སེམས་ཀྱི་དེ་ཉིད་མཐོང་བ་མེད་ལ་ཤེས་རྒྱ་ཆུང་བས་ཁྲོན་ནང་སྦལ་བ་ལྟ་བུར་གནས་རྐྱེན། བླ་སྲོག་གཉིས་ཀ་ཉོབ་ཉོབ་པོར་འཚོ་ཡོད་པའི་ངང་ཚུལ་ནི་མོན་ཕྲུག་ཡལ་བོར་ཞིག་ལས་ལྟ་ས་མི་འདུག མི་འདོད་པ་ལ་སྙིང་གཏམ་བཤད་པ་འཚང་ཞེས་པ་ལྟར། ཁོ་ཚོའི་བདེ་གཤེགས་སྙིང་བོ་གདོད་ནས་རྙིད་ཅིང་རུལ་སོང་བས་སྣོད་མི་གཙང་བ་འདི་ཚོ་བུམ་ཆུས་བྱི་དོར་ཅི་ཙམ་བྱས་ཀྱང་རྔོ་ནི་མི་ཐོགས། དེ་བས་སྐྱུར་ཞོག བསྐལ་བ་ཡ་ཐོག་གི་མི་རྣམས་འཁོར་བའི་སྡུག་བསྔལ་ལས་བསྒྲོལ་འདོད་ཀྱང་ཐར་བ་སྟོན་བྱེད་ཀྱི་ས་བཅུ་ལམ་ལྔ་ལྟ་བུ་མེད་པས་དྲན་དུས་ཡོད་པ་ལས་འགྲུབ་དུས་མེད། འོན་ཀྱང་དེང་གི་མི་རྣམས་ལ་བསྟེན་བྱའི་གཞུང་དང་ཐར་བ་སྟོན་པའི་ཐབས་དང་འཇུག་སྒོ་ནི་ལག་པ་བསྙབས་ཙམ་གྱིས་ཆུད་ན་ཡང་། དེ་ལ་འཇུག་པའི་ཀུན་སློང་མི་སྐྱེས་པ་སྟེ་ལས་ཅན་ནང་གི་ལས་ངན་སྐོར་ཞིག་རེད། མཚམས་རེར་འདང་བརྒྱབ་ན། སྔར་གྱི་དུས་གློག་དང་འཕྲུལ། རྫས་སྣ་ཚོགས་དར་བ་མེད་པས། བཀའ་གདམས་པ་ལྟར་གཏད་བཞིའི་སྒོ་ནས་རྣལ་འབྱོར་སྦྱོང་བ་དང་སྒོམ་བསྒྲུབ་ན་ཡང་དབེན་གནས་ནི་འཚོལ་དུ་ཡོད་དེ་ཁོར་ཡུག་གི་ཆ་རྐྱེན་ནི་ཚང་། དེང་སང་ལྟ་བུར་གནམ་ན་འཁོར་སྐར་དང་གློག་སྐུད། འོག་ན་དོང་ལམ་དང་ལྕགས་མདའ། སྟེང་ན་ཁ་པར་དང་བརྙན་འཕྲིན་གྱིས་བཀང་བས། རྒྱང་གྲགས་ལྔ་བརྒྱས་ཆོད་པའི་གནས་ཤིག་འཚོལ་དཀའ། ཐག་རིང་ཞིག་ཏུ་ཕྱིན་ན་ཡང་ཐག་ཉེར་དྲུད་འགྲོ་ལ། བྱ་བྲལ་བ་ལྟར་བསྡད་ཀྱང་བྱ་བ་ཆུང་ཙག་མང་པོས་བཙལ་ཡོང་བས། སེམས་འདི་ཐང་མར་བརྡལ་ནས་གཅིག་པུར་སྡོད་པའི་བསྐལ་བ་ཨེན་ཙམ་མེད་པ་འདི་ཡང་། ད་ལྟའི་མི་རྣམས་ལ་མཚོན་ན། ཐར་བ་བསྒྲུབ་པའི་གེགས་ཤིག་ཅི་ལ་མིན།

  དལ་འབྱོར་ཐོབ་ཀྱང་དལ་བའི་སྐབས་མེད་ལ། བདེ་འགྲོར་སྐྱེས་ཀྱང་བདེ་བའི་རྒྱུ་ཉུང་བ་ནི་ཅི་འདྲའི་བདེན་པ་ལ་ཨང་། ས་ཉིལ་ཐེངས་གཅིག་དང་མཚོ་འཁྱོམས་ཐེངས་གཅིག་གིས་ལྔ་ལམ་དུ་འགྲོ་སྲིད་པ་དེ་རང་ཉིད་མིན་པར་སྙམ་ནས། ད་དུང་ཡང་འཁོར་བར་བྲེལ་བ་དང་ལྟོ་འདུན་བསྒྲུབ་པ་ནི། གྲོག་ཚང་དུ་གྲོག་མས་ཟན་རྡོག་ཁུར་ནས་ཡར་མར་རྒྱུག་པ་རང་ཅག་གིས་བལྟས་ན་དགོད་བྲོ་བའི་རྒྱུ་ཞིག་ཡིན་པ་ཇི་བཞིན། ང་ཚོ་སོ་སྐྱེས་རེ་རེ་མི་ཁོམ་པའི་གནས་སུ་ཡར་མར་རྒྱུག་པ་ཡང་སྟོན་པ་དང་བཅས་པའི་འཁོར་ཚོགས་རྒྱ་མཚོའི་མདུན་དུ་བཞད་གད་ཀྱི་རྒྱུ་ཞིག་ཅིས་མ་ཡིན། འོན་ཀྱང་བྱ་ཐབས་ནི་ཟད་དེ། བཅོམ་ལྡན་འདས་ཀྱི་རིང་ལུགས་འཛིན་མཁན་འཁྲུལ་མེད་ཅིག་བྱ་བའི་བློ་གདེང་ནི་མི་མཐོ། འཁོར་བར་འགྲིམ་དུས་ངེས་འབྱུང་བྲང་བྲང་བ་ཞིག་ཤ་དང་རུས་པ། རྐང་བཅས་ཀྱི་གསེང་དུ་དམ་པོར་ཟུག་འདུག་པ་འདི་གཉིས་བལྟས་ཚོད་ཀྱིས་ཁྱི་དང་ར་ལྟར་གྱུར་ན་ཡང་། ར་མིན་ལུག་མིན་ཞིག་ལྟར་ཤ་ཁྲག་སྒྱུ་མའི་ལུས་འདི་འཇིག་གི་བར། ས་སྟེང་འདི་རུ་མི་སྡོད་ག་མེད་བྱུང་བ་ཡང་མི་ཚེ་འདིའི་བསྐོས་ཐང་ཡིན་པ་འདྲ་བས། འདི་ལྟར་མི་ཚེ་སྐྱོང་དགོས་པ་ཡང་ལས་དབང་ལ་རག་ལས་པ་ལོས་ཡིན།

  འཇོང་འཇོང་དང་ནར་ནར། ཕྱ་ལེ་བ་དང་ཕྱ་ལེ་བ་མ་ཡིན་པའི་ཅ་དངོས་དང་གློག་ཆས་དག་བུང་བ་ཟེའུ་འབྲུར་འཁོར་འཁོར་བྱས་ཀྱང་། དྲན་འཛིན་རྡིབ་པ། འདོད་ཆགས་འཕེལ་བ། གད་སྙིགས་བསགས་པ་ལས་མེད་པས། མཐར་དེད་ན་རྒྱན་དུ་མ་སོང་ཁུར་དུ་སོང་བ་རང་རེད། དེ་ཉིད་རྐྱེན་བྱས། མཆོད་ཁྲིའི་སྟེང་གི་གླེགས་བམ་སེར་པོའི་རིགས་དང་པང་གཅལ་སྟེང་གི་ཅ་དངོས་སིལ་མ་འདི་དག་གི་བར་ནས་དབུ་མའི་འཛིན་པ་ཞིག་རྙེད་དཀའ་བར་འདུག བཀའ་བརྒྱུད་གོང་མ་དག་གི་གསུང་རབ་བསྟན་བཅོས་མཇལ་ཞིང་། མི་སྣ་རྩེར་ཕབ། ལྕེ་ཡ་རྐན་ལ་སྦྱར། མགྲིན་པ་ཨེན་ཙམ་དགུག སྒལ་ཚིགས་དོང་ཙེ་ལྟར་བརྩིགས། དཔུང་བ་ལྷོད་དེ་བརྒྱངས། ལག་པ་མཉམ་པོར་བཞག རྐང་བ་རྡོ་རྗེ་དཀྱིལ་ཀྲུང་བཅས་ལུས་གནད་རྣམ་སྣང་ཆོས་བདུན་གྱིས་སྒོམ་ལ་ཞུགས་ཐེངས་རེར། དབང་བོ་ལྔ་དང་མི་གཙང་བའི་རྫས་སོ་དྲུག་སོགས་རིང་དུ་གྱེས་ཏེ། སེམས་པ་ཁོ་ནས་ངལ་གསོ་དཔེ་མེད་པ་ཞིག་བྱ་ཐུབ་སོང་བའི་ཉམས་སྣང་འབྱུང་ན་ཡང་། སྒོམ་ལས་གྲོལ་དུས་སླར་ཡང་མི་སྡུག་པའི་གཟུགས་ནི་མཐོང་། མི་སྙན་པའི་སྒྲ་ནི་ཐོས། མི་ཞིམ་པའི་དྲི་ནི་བཙན་ཐབས་ཀྱི་སྣ་སྦུག་ཏུ་ཅལ་གྱིས་འཛུལ་ཡོང་བས་བྱ་ཐབས་མི་འདུག བྱ་ཐབས་མི་འདུག

  སྔོན་ཆད་སྙན་ངག་ཅིག་ཏུ་བྲིས་པ་ནང་བཞིན། གཅེར་རྗེན་རྗེན་དུ་སླེབས་པ་ལྟར་ཚེ་སྲོག་གི་དབུགས་རྒྱུན་ཆེས་རྗེས་མ་ཡང་འབྱུང་ལྔའི་ཁམས་ལ་འཐིམ་སོང་ན་འདོད། མཁོ་དངོས་དག་འདོར་བར་བྱ། རས་གོས་ཕུད་པར་བྱ། སྐྱི་པགས་བཀག་ནས་ནང་ཁྲོལ་སྤྱུགས་པར་བྱ། ང་ནི་དེ་ལྟར་སེམས་ཀྱི་རང་བཞིན་འོད་གསལ་བ་དེའི་རྡུལ་གྱི་ཉག་མ་ཕྲ་མོ་ནས་ཕྲ་མོ། ཤིན་ཏུ་ཕྲ་མོ་ཞིག་བྱས་པས་ཆོག་གོ།

2012 ལོའི་དབྱར་ཁ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་ཕབ་གཅོག

2014-12-15 བྱམས་ཕྲུག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།