གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཐོམ་སྦྲིད། ____ ཁ་བ་སྙིང་ལྕགས་ལ།

2015-06-27 14:56:25 བྱམས་ཕྲུག ཀློག་གྲངས། མཆན ཡོད།

 
རླབས་རྩེར་བསྐྱོམས་པའི་ཆུ་རིས་དེར
གྲུ་ཁེམ་གྱི་རྩིབས་སྟོང་ཁེལ་བ་ལས་གནག་གམ

གསེར་ཉའི་འོད་ཀྲིག་གེའི་སྒལ་བར
རྒྱ་གྲམ་གྱི་ཕྱག་རྒྱས་འཇུས་པ་ལྟར་རྒོད་དམ

མགྲོན་བུའི་དཀར་འཇམ་གྱི་བྲང་ཁར
འདམ་རྫབ་ཀྱི་རྣག་ཁྲག་ཐིགས་པ་དང་མཉམ་མམ

ཁྱོད་དེབ་ཀྱི་རྒྱབ་ཤའི་སྤོད་ཡར
མེ་ལ་ལྕེབས་སམ ངའི་ཡ་ཁོག་ནས་ལྕེབས་སམ
དེ་ནི་མགྲོན་བུའམ འོད་ཀོར་རམ ལྗང་སོན་ནམ

སང་ཉིན
རླབས་ལྟར་འཕྱུར་རམ སྤྲིན་པའི་ལྗན་ལྗིན་བཤལ་ཏམ
ཡི་གེ་དང་ཚེག་གི་ན་གཞུང་ནས
བྱིས་པ་འགས་ཀྱ་ཙེ་གོམ་ཙེ་སྤོས་ཡོང་ངམ
ཁྱོས་ཏན་ཏན་རྩིས་ཁྲིགས་སེར་བརྒྱབ་བམ

ཁྱོད་མི་ཚོགས་ཤར་ཤར་ཁྲོད་ཉུལ་ལམ
མཐའ་མར་བྱིས་སྒྲུང་གི་མལ་ཁྲིར་འཁྲེང་ངམ
གློ་རྡེག་ལ་གཉིད་ཀྱི་ཁ་བ་སྟུག་པོ་ཞིག་བབས་སམ

གྲོགས་པོ་ཁྱོད་གང་དུ་ཆས
ངས་གང་ནས་བཙལ་དགོས
ཀྱི་ཧུད ས་སྨུག་འདི་ཡང་སྟུག་པ་ལའང


6.27


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།