བོད་ཀྱི་མིང་བརྡའི་སྐོར་ལ་རགས་ཙམ་དཔྱད་པ།

ཧོར་ནག་པ་ཀླུ་སྨྱོན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-09-26

   ཡངས་ཤིང་མཐའ་ཀླས་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་ཐོག་མའི་དུས་སུ་བརྡ་དང་མིང་ཚིག་གང་ཡང་མེད། ཕྱིས་སུ་གནའ་མི་དག་གི་ཤེས་ངོ་ལ་བློ་གྲོས་ཀྱི་ཨིན་ཁུང་འགའ་བརྡོལ་བ་ན། ཕྱིའི་རི་ར་བ་ཁང་ཁྱིམ་སོགས་ལ་རི་དང་ར་བ་ལྟ་བུའི་མིང་རེ་བཏགས་ན་ངོས་འཛིན་བདེ་བ་དང་བརྡ་སྤྲོད་སླ་བ་སོགས་དགེ་མཚན་མང་བོ་ཡོད་པ་གཟིགས་ནས་ཀུན་ལ་དོན་ཅི་ཡང་གོ་རྒྱུ་མེད་པའི་འདོད་རྒྱལ་གྱི་མིང་རེ་སྦྱར། དེ་ནི་དོན་གྱིས་དགོས་དམིགས་རྒྱ་ཆེན་པོ་ལྡན་པས་ཡིན་ཏེ། ཞིབ་ཏུ་དཔྱད་ན་སྐབས་དེའི་འདོད་མིང་དེ་དག་ལ་ཁྱད་ཆོས་ཆེན་པོ་གསུམ་ཚང་། གཅིག གྲངས་ཉུང་བ་སྟེ། ཐོག་མའི་དུས་སུ་འདོད་མིང་འགའ་ལས་མེད། གཉིས། ཡུལ་མངོན་སུམ་དུ་སྣང་དུ་རུང་བ་སྟེ། གདགས་གཞིའི་ཆོས་མིག་གིས་མཐོང་ཐུབ་པ་ཞིག་གོ གསུམ། དོན་སྤྱི་བམ་པ་སྟོན་པ་ཤ་སྟག་སྟེ། ཞིབ་ཆ་མ་ཐོན་པའོ། དང་པོ་གཉིས་ཅུང་སླ་ལ་གསུམ་པ་ཅུང་མོག་པས་ངེས་པ་འདྲེན་པའི་སླད་དུ་དཔེའི་སྒོ་ནས་གསལ་བར་བྱས་ན། མིང་གི་ཐོག་མའི་དུས་སུ་དཔེར་ན་རི་ཞེས་པའི་སྤྱི་མིང་ཙམ་ལས་རིའི་རྩེ་མོ་དང་རིའི་སྐེད་པ་སོགས་ཀྱི་མིང་ཞིབ་ཆ་ཐོན་པ་ཅན་མེད། རྟིང་སོར་ཞིབ་ཆ་ཐོན་པ་ནི་རི་ཞེས་པའི་སྤྱི་ཙམ་མམ་བམ་ཙམ་སྟོན་པའི་མིང་འདི་གནའ་མི་དག་གིས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱས། ཉམས་མྱོང་བསགས་མཐར་རི་ཞེས་པའི་མིང་འདི་ཙམ་གྱིས་ད་དུང་ཤིན་ཏུ་འདང་གི་མེད་པ་ཤེས་ནས། རིའི་རྩེ་མོ་དང་སྐེད་པ་སོགས་ལ་གཏད་དེ་འདི་ནི་རིའི་རྩེ་མོའོ། འདི་ལ་རིའི་སྐེད་པ་ཟེར་རོ་ཞེས་འདོད་མིང་སྟེང་ལ་འདོད་མིང་བཞག་སྟེ་ཇེ་ཞིབ་ཏུ་བཏང་བ་ཙམ་མོ། དེ་བཞིན་དུ་ཐོག་མར་བ་གླང་ཞེས་པའི་བརྡ་བྱུང་། དེ་ནས་དུས་ཡུན་རིང་ཙམ་ཕྱིན་པ་ན་གཟོད་ནས་རྭ་ཅོ་དང་སྤུ། རྔ་མ་སོགས་བྱུང་བ་ཡིན་ནོ། དེ་ལྟར་ཆོས་གཞན་ཀུན་ལའང་རིགས་འགྲེའོ།།
   གོང་གསལ་གྱི་ཡུལ་ཕྱི་རུ་བསྟན་དུ་ཡོད་པ་དག་ལ་འདོད་རྒྱལ་གྱི་མིང་མང་བོ་བྱུང་བའི་རྗེས་སུ་རིམ་གྱིས་འཚོ་བའི་དགོས་མཁོ་ལ་གཞིགས་ཏེ་ཆེན་པོ་དང་རྒྱ་ཁྱོན། སྐྱོ་བ་ལྟ་བུའི་ཡུལ་མངོན་སུམ་དུ་སྣང་དུ་མེད་པ་དག་ལ་འདོད་མིང་མང་བོ་བྱུང་། དེ་དག་ནི་གོང་གི་ཡུལ་སྣང་འདོད་མིང་གི་རྒྱ་བསྐྱེད་དང་ཐོད་བརྒལ་ཞིག་ཏུ་བལྟས་ཆོག དེ་བས་ཁོ་བོས་མིང་གི་གདགས་པ་ཅི་ཡང་མ་མཛད་པའི་སྣང་རུང་གི་ཕྱིའི་ཆོས་ལ་ཐོག་མར་བརྡ་རེ་སྦྱར་བ་ནི་སྐད་ཆ་འབྱུང་བའི་གོ་རིམ་དང་པོ། དབང་བོ་ལྔའི་ཡུལ་དུ་སྣང་དུ་མ་གྱུར་བའི་ཆོས་ལ་ཡིད་ཀྱིས་མིང་རེ་རྟོག་པས་བཏགས་པ་ནི་སྐད་ཆའི་གོ་རིམ་གཉིས་པ་དང་། དེ་གཉིས་ལ་བརྟེན་ནས་རྗེས་གྲུབ་ཀྱི་མིང་བྱུང་བ་ནི་སྐད་ཆའི་གོ་རིམ་གསུམ་པར་འདོད་དོ།།
   དེ་ལྟར་འདོད་རྒྱལ་གྱི་མིང་མང་བོ་བསྟུད་མར་བྱུང་ནས་ཚད་ངེས་ཅན་ཞིག་ལ་ཐོན་པ་ན། འདོད་རྒྱལ་གྱི་མིང་དེ་དག་གཞི་རུ་བཞག་ནས་སྟེང་གི་བཀོད་པ་རྗེས་གྲུབ་ཀྱི་མིང་བྱུང་། དཔེར་ན། མཁས་ཞེས་པ་འཇོན་པའི་དོན་ཅན་གྱི་འདོད་མིང་དང་། ཆེན་པོ་སྟེ་ཚད་ཆེ་བའི་འདོད་མིང་གཉིས་འདུས་པ་ལས་མཁས་པ་ཆེན་པོ་ཞེས་པའི་རྗེས་གྲུབ་ཀྱི་མིང་བྱུང་བ་ལྟ་བུའོ། རྗེས་གྲུབ་ཅེས་པ་ཡང་གཙོ་བོར་འདོད་རྒྱལ་གྱི་མིང་གི་རྗེས་སུ་གྲུབ་པའམ་འདོད་རྒྱལ་གྱི་མིང་གི་རྨང་གཞིའི་སྟེང་ནས་བྱུང་བས་རྗེས་གྲུབ་དུ་འབོད་ལ། འདོད་རྒྱལ་གྱི་མིང་ཡིན་ན་རྒྱུ་མཚན་ཏིལ་འབྲུ་ཙམ་ཡང་བཤད་རྒྱུ་མེད་དགོས་པ་དང་རྗེས་གྲུབ་ཀྱི་མིང་ཡིན་ན་རྒྱུ་མཚན་ཏིལ་འབྲུ་ཙམ་ཞིག་ཅིས་ཀྱང་བརྗོད་རྒྱུ་ཡོད་དགོས་པའི་ཁྱད་པར་ཡང་འདུག་སྟེ། དཔེར་ན་ཅིའི་ཕྱིར་རི་ཟེར་ཅིའི་ཕྱིར་ཆུ་ཟེར་ཞེས་དྲིས་ན་མི་ཤེས་པས་འདོད་རྒྱལ་དང་། ཅིའི་ཕྱིར་སློབ་གྲྭ་ཟེར་ཞེས་ན་རྒྱུ་མཚན་ཕྲན་བུ་རེ་བཤད་དུ་ཡོད་པས་རྗེས་གྲུབ་བོ། དེ་ལྟར་འདོད་རྒྱལ་གྱི་མིང་ཉུང་ཙམ་ལས་མེད་པ་དག་སྐད་ཀྱི་འགྲོས་ལུགས་དང་བསྟུན་ཏེ་ཕན་ཚུན་སྦྱར་བ་ལས་རྗེས་གྲུབ་ཀྱི་མིང་མང་བོ་བྱུང་། དེ་ནས་འདོད་རྒྱལ་དང་རྗེས་གྲུབ། རྗེས་གྲུབ་དང་རྗེས་གྲུབ་ཀྱི་མིང་འདུས་པ་ལས་ང་ཚོ་ལ་མཁོ་བའི་མིང་མང་བོ་འདང་ངེས་སུ་བྱུང་བ་ཡིན་ནོ།།
   ཡང་རང་རེའི་སྐད་དུ་མིང་ལ་དངོས་མིང་བཏགས་མིང་གཉིས།། ཞེས་དང་དེ་ལ་འདོད་རྒྱལ་རྗེས་གྲུབ་སྒྲ།། ཞེས་ཁྱོན་བསྡོམས་བཞི་རུ་དབྱེ་བར་བྱེད། འདོད་རྒྱལ་དང་རྗེས་གྲུབ་གཉིས་གོང་དུ་ཅུང་ཟད་སྤྲོས་ཚར། དངོས་མིང་དང་བཏགས་མིང་གཉིས་ནི་ཁོ་བོའི་བསམ་ཚུལ་ཡིན་ན་གཙོ་བོ་དུས་སྔ་ཕྱི་ཙམ་སྟེ། དངོས་པོ་ཞིག་ལ་མིང་གང་ཡང་མེད་པའི་དུས་སུ་ཐོག་མར་ཁྱོད་ཀྱི་མིང་ལ་འདི་ཟེར་ཞེས་བརྡ་སྦྱར་བ་ནི་དངོས་མིང་དང་། དངོས་པོ་དེ་ལ་གཏན་ཆགས་ཀྱི་མིང་ཞིག་ཐོགས་ཟིན་པའི་རྗེས་སུ་སླར་ཡང་མིང་གང་རུང་ཞིག་བཏགས་པ་ནི་བཏགས་མིང་དུ་འདོད་དོ། དཔེར་ན་དགུང་གི་ཚ་དྲོད་ཅན་གན་ལ་མིང་གང་ཡང་མེད་པའི་དུས་སུ་ཉི་མ་ཞེས་བཏགས་ན་དེ་ནི་དངོས་མིང་ཡིན་ལ། ཉི་མ་ཞེས་པའི་མིང་ཞིག་སྔར་ནས་ཡོད་པའི་རྗེས་ལ་འོད་སྟོང་ཅན་དུ་བཏགས་པ་ནི་བཏགས་མིང་ངོ་། དེ་བས་མིང་དང་པོ་ཐམས་ཅད་ནི་དངོས་མིང་ཡིན་ལ། མིང་གཉིས་པ་དང་གསུམ་པ་སོགས་ནི་བཏགས་མིང་དུ་འདོད། དངོས་མིང་འདོད་རྒྱལ་དང་བཏགས་མིང་འདོད་རྒྱལ་སོགས་དེ་གཉིས་ལ་འདོད་རྗེས་གཉིས་གཉིས་སུ་དབྱེ་བ་ནི་མིང་དེ་དག་ལ་ནང་དོན་བཤད་རྒྱུ་ཡོད་མེད་ལ་བལྟས་པ་ཞིག་གོ དཔེར་ན་སྒྲོལ་མ་ལ་ཨན་ན་ཞེས་པའི་དབྱིན་ཇིའི་མིང་ཞིག་བཏགས་ཚེ་བུ་མོ་དེ་ལ་སྔ་ས་ནས་སྒྲོལ་མ་ཞེས་པའི་མིང་ཞིག་ཡོད་པས་ཨན་ན་དེ་དངོས་བཏགས་གཉིས་ལས་བཏགས་མིང་དང་། ཨན་ན་ལ་དོན་ཅི་ཡང་བཤད་རྒྱུ་མེད་པས་འདོད་རྗེས་གཉིས་ལས་འདོད་མིང་ངོ་། དེ་བས་ང་ཚོས་ཨན་ན་ལ་བཏགས་མིང་འདོད་རྒྱལ་ཟེར་ལ། ཡང་མི་བརྡར་མ་ཞིག་ལ་ཁྲོ་ཐུང་དུ་བཏགས་ཚེ་འདིར་མི་དེ་ལ་མིང་ཅི་ཡོད་ཚིག་ཟིན་དུ་མ་སྨྲས་ཀྱང་ང་ཚོས་མི་དེ་ལ་ཁྲོ་ཐུང་ཞེས་པའི་མཚང་མིང་འདི་མ་བཏགས་པའི་སྔོན་དུ་མིང་གཞན་ཞིག་ཡོད་པ་གསལ་བོར་དཔོག་ཐུབ་པས་ཁྲོ་ཐུང་དེ་དངོས་བཏགས་གཉིས་ལ་བཏགས་མིང་ཡིན་པ་ཤེས་ཐུབ། ཁྲོ་ཐུང་ལ་གོ་བ་གཞན་མེད་པས་འདོད་རྒྱལ་ལོ། འདི་ཙམ་གྱིས་ང་ཚོས་མིང་གི་དབྱེ་བ་ཕྱེ་ཚུལ་ཙམ་ཤེས་པར་བྱའོ།
   ད་ནི་ང་ཚོས་ང་ཚོ་བོད་ཀྱི་མིང་གི་འདོགས་སྟངས་ཐད་ཅུང་ཞིག་རྒྱུས་ལོན་པར་བྱ་སྟེ། བོད་རང་ན་མིང་གི་འདོགས་སྟངས་ལ་གཙོ་བོར་འདྲ་བ་རྒྱུ་མཚན་དུ་བཅས་ནས་འདོགས་པ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་འདོགས་པ་གཉིས་སུ་ཕྱེས་ཡོད། དེ་ནི་ཚན་རིག་གི་རང་བཞིན་ལྡན་པའི་དབྱེ་བ་བཅའ་སྟངས་ཤིག་ཡིན་ལགས་ཀྱང་། ཤེས་བྱ་ལ་དངོས་དང་དངོས་མིན་གཉིས་སུ་དབྱེ་བ་ལྟར་ཁྱབ་ཆེ་དྲགས་ནས་མ་རེད་ཅེས་ན་ཡིན་ནི་འདྲ་འདྲ། རེད་ཅེས་ན་གང་ཡིན་ངོས་མི་ཟིན་པའི་རྒན་པོ་འཆི་ཁ་མའི་ངག་ལྡབ་ལྡིབ་དང་འདྲ་བོ་འདུག དེ་ནི་དཔྱོད་པ་ལ་མི་དགའ་བའི་རང་ཅག་གི་ནད་རྟགས་ངོ་མ་རུ་འདུག་པས་དེ་འདྲའི་སྟབས་བདེ་ཚགས་ཆེན་པོར་མི་བསྐྱུར་བར། ཕྲ་ཞིབ་ཀྱི་དབྱེ་བ་གཞན་རིགས་ལྟར་གཏིང་ལོན་པ་ཞིག་ཕྱེ་རྒྱུ་ན་བོད་སྤྱིའི་སྒྲ་རིག་བརྡ་དག་གི་ནམ་འཕང་དགུང་དུ་བསྟོད་པར་གདོན་མི་ཟ་ལ། ཡང་ཚིག་གི་འཁྲུལ་བ་ཚར་གཅོད་པའི་རིག་པ་འདི་སྒྲ་རིག་ཙམ་མ་ཟད། ཐུན་མོང་ཐུན་མིན་གྱི་རིག་གནས་སྤྱི་དང་ཟས་གོས་སྡོད་གསུམ་གྱི་དཀྱུས་མའི་འཚོ་བ་ལའང་རྨང་གཞི་ལྟ་བུར་འདུག་པས་ཅི་ནས་ཀྱང་གལ་ཤིན་ཏུ་ཆེའོ།
   བར་སྐབས་སུ་མིང་གདགས་པའི་ཚུལ་ལུགས་འདི་ཙམ་དུ་དབྱེ་བར་བྱ་སྟེ། ཆེན་པོ་དྲུག་ཏུ་དབྱེ་བ་ལ། འདྲ་འབྲེལ་གཉིས་ཀྱི་སྟེང་། སྨོན་པ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་དང་གསུམ། བརྗོད་བདེའི་དབང་གིས་བྱུང་བའི་མིང་དང་བཞི། མ་དག་རྒྱུན་འབྱམས་ལས་བྱུང་བའི་མིང་དང་ལྔ། གཞན་སྐད་ཟུར་ཆག་ལས་བྱུང་བའི་མིང་དང་དྲུག ཐོག་མའི་འདྲ་འབྲེལ་གཉིས་ཀྱང་གཟུགས་སྒྲ་དྲི་རོ་རེག་བྱའི་སྒོ་ནས་ལྔ་རེ། གཟུགས་ཀྱང་དབྱིབས་དང་ཁ་དོག་གཉིས་སུ་ཕྱེས་ཏེ་བསྡོམས་པས་བཅུ་གཉིས་སོ།
འདྲ་འབྲེལ་གཉིས་ཀྱི་སྒོ་ནས་མིང་བཏགས་ཚུལ་རེ་ཞིག་བསྐྱུང་། སྨོན་པའི་སྒོ་ནས་མིང་བཏགས་ཚུལ་ནི་བཀྲ་ཤིས་དང་ཚེ་རིང་སོགས་བོད་ལུགས་ཀྱི་མིའི་མིང་ཕལ་ཆེ་བ་ཡིན། བརྗོད་བདེའི་དབང་གིས་བཏགས་པའི་མིང་ནི་དབུས་མ་ལ་དབུ་མ་དང་དགའ་ལུགས་ལ་དགེ་ལུགས་སུ་འབོད་པ་ལྟ་བུ་དང་། མ་དག་རྒྱུན་འབྱམས་ལས་བྱུང་བ་ནི་སྨིན་མ་ལ་རྫུ་མ་དང་སེན་མོ་ལ་སོར་མོར་འབོད་པའི་མིང་ལྟ་བུ། མི་རིགས་གཞན་གྱི་སྐད་ཟུར་ཆག་ནས་བྱུང་བའི་མིང་ནི་པད་མ་དང་གུར་གུམ། ཨུད་པལ་སོགས་ཡིན་ནོ། འདི་དག་རང་ཅག་གི་ཡི་གེར་བྱེད་དུས་ཀྱང་ཐོག་མར་ལེགས་སྦྱར་ལྟར་པདྨ་དང་གུངྒུམ། ཨུདྤལ་ཞེས་གོང་འོག་བརྩེགས་ནས་ཡོད་པ་ལ། ཕྱིས་སུ་བོད་མི་རང་གི་སེམས་ཁམས་དང་མཐུན་པའི་སླད་དུ་པད་མ། གུར་གུམ། ཨུད་པལ་སོགས་སུ་བྲིས་པ་ལྟ་བུའོ། གཞན་སྤར་ཁ་ལྟ་བུ་ནི་རྒྱ་ནག་སྐད་ཀྱི་八卦ཞེས་པ་འདི་ཚུར་ཟུར་ཆག་པ་ཞིག་མིན་ནམ་སྙམ། སྤར་ཁ་སྨེ་བའི་གླིང་སྐོར་ཞེས་བོན་ཆོས་རང་གི་རྩིས་ཀྱི་གཞུང་དུ་སྔ་ནས་བྱུང་བར་བཤད་མོད་ཀྱང་། སྲོང་བཙན་གོང་ནས་ཐ་སྙད་འདི་ཡོད་ན་ཞང་ཞུང་གི་ཡི་གེར་བྲིས་པ་ལས་འོས་མེད་ལ། ཞང་ཞུང་སྐད་དུ་ཡོད་ན་སྤར་ཁ་ཞེས་པའི་བརྡ་འདི་ཅི་ལྟར་ཐོན་ཡོད་ཚུལ་དང་འབྲི་སྟངས་དང་ཀློག་སྟངས་ཐད་ག་འདྲ་ཡིན་མིན་སོགས་ལ་དཔྱད་དགོས་ཤིང་། ཡང་རྒྱ་བོད་འབྲེལ་བ་ནི་གནམ་རི་ཡབ་སྲས་ཀྱི་རིང་ཙམ་ལ་བྱུང་བར་བཤད་པས། གལ་ཏེ་ཁོང་གི་ཡར་སྔོན་དུ་སྤར་ཁ་ཞང་ཡིག་ཏུ་བྱུང་ཡོད་ཚེ་ཕལ་ཆེར་བོད་མིང་དང་མེད་ན་ཟུར་ཆག་གི་སྐད་དུ་འདུག་གོ
ད་ནི་བྱེ་བྲག་གི་མིང་རེ་རེ་ཇི་ལྟར་བྱུང་ཚུལ་དང་གོ་དོན་ཇི་ལྟར་ཡིན་ལུགས་སྐོར་བཤད་པར་བྱ་བ་ལ། ཐོག་མར་ཤེས་དགོས་པ་ནི་མིང་གི་སྟེང་དུ་རྣམ་བཞག་ཆེ་མ་ཆུང་གསུམ་ཇི་ལྟར་མང་བོ་བརྩེགས་ཀྱང་ཐམས་ཅད་ཀྱི་རྩ་བ་ཉག་གཅིག་ནི་མིང་ཚིག་བྱེ་བྲག་པ་རེ་རེ་ཡིན་པས་བྱེ་བྲག་གི་མིང་རེ་རེ་ལ་ངེས་པ་ཐོན་པ་ནི་ཤིན་ཏུ་གལ་ལོ།
   དེ་ཡང་ཀ་བ་གདུང་ལྕམ་སོ་བཞིའི་ནང་རོལ་ན་རྒྱུགས་ཞེས་པ་ཞིག་ཡོད་པ་དེ་དོན་གྱིས་གཅིག་གི་རྗེས་ལ་གཅིག་བསྒྲིགས་པའི་བསྟར་ལ་བསྒྲིགས་པའི་བསྒྲིགས་ཡིན་པ་ལ་བརྡ་རྙིང་བར་ར་བཏགས་ཕལ་ཆེར་ཡ་རུ་ཀློག་པས་བསྒྱིགས་ཞེས་པ་རྒྱུགས་སུ་གྱུར་བ་ཞིག་མིན་ནམ་སྙམ། ཡང་དཀུ་ཞེས་པ་ཐོག་མར་འཕོངས་གི་མིང་ཡིན་པ་ལ། འཕོངས་འདི་ནས་ནར་མར་བཤང་གཅི་སོགས་འཛག་པར་བྱེད་པས་རྗེས་སོར་དེ་ཉིད་རྒྱུ་མཚན་དུ་བྱས་ནས་དཀུ་དེ་འཛག་པའི་དོན་ཅན་གྱི་མིང་དུ་ཚུར་འཕོས། བུ་མོ་དང་བུད་མེད་ཅེས་པ་ཡང་དོན་གཅིག་སྟེ་གནའ་མི་དག་གིས་རི་དྭགས་བཤོར་བ་ལ་ཕོ་རྣམས་རྒྱུགས་འགྱོགས་ཤིང་རྩལ་ཆེ་བས་རྒྱུན་དུ་ཕྱི་རུ་བུད་དེ་རི་དྭགས་རྔོན་དུ་འགྲོ་དགོས་པས་ཕོ་རྣམས་ལ་བུ་ཞེས་ཕྱིར་འབུད་པ་དང་བུད་པའི་དོན་ཅན་གྱི་མིང་ཐོགས་ལ། མོ་རྣམས་གནས་ཤིག་ཏུ་འདུས་ནས་ལས་ཙག་ཙིག་ཙམ་བྱས་ཏེ་ཕྱིར་མི་འབུད་པ་དང་བུད་མེད་པར་སྡོད་པས་བུད་མེད་དང་བུ་མོ་ལྟ་བུའི་མིང་བྱུང་། བག་ལྟ་བུ་འུར་སྒྲའི་མིང་ཡིན་ཏེ་དེང་སང་ཨམ་སྐད་དུ་ཡང་ཡོད། དེ་ལྟར་འུར་སྒྲ་ལ་དོགས་པ་དང་ཟོན་པར་བྱེད་པས་བག་ཟོན་དུ་འབོད་ལ། བག་ཟོན་མི་དགོས་པར་ཀུ་ཡངས་པོས་སྡོད་ཆོག་པས་བག་ཡངས་སུ་བརྗོད། ཐད་ཀར་ལྟ་བུ་ནི་རང་གི་དྲང་ཐད་ན་ཡོད་པས་ཐད་དང་ཁ་གཏད་ཡིན་པས་ཐད་ཁ་དང་ཐད་ཀ། ཐད་ཀ་རུ་ཞེས་པ་བསྡུས་པས་ཐད་ཀར་དུ་སོང་། སྙིང་ག་ནི་དོན་གྱིས་སྙིང་ཁ་སྟེ་བརྗོད་བདེ་བའི་དབང་གིས་སོ། སའི་གོ་ལ་ཡང་གོ་ལ་ཞེས་གོར་འདི་འགྱུར་ཏེ་གོ་ར་དང་དེ་འགྱུར་ཏེ་གོ་ལར་ཆགས། གཞན་གོར་ཏེ་ས་གནས་འགའ་རུ་ཀོར་གྱི་སྒྲ་རུ་ཀློག་ཅིང་ས་གནས་ལ་ལར་སྒོར་དུ་ཡང་ཀློག་པས་དེ་གཉིས་ཀྱང་རིམ་པར་བྱུང་། བསྐོར་དང་འཁོར་གཉིས་ཀྱང་དབྱིབས་གོར་གོར་བྱས་ཏེ་འགྲོ་བའི་དོན་ཡིན་པས་ཕལ་ཆེར་གོར་ལས་བྱུང་ཞིང་། དེ་མིན་དེང་གི་སྤྱིར་བཏང་རིན་མཉམ་དངོས་པོ་སྒོར་མོ་ཡང་གནའ་བོའི་དུས་ཀྱི་དོང་ཙེ་སོགས་དབྱིབས་སྒོར་སྒོར་ཡིན་པས་མིང་དེ་ལྟར་དུ་འབོད། ད་ལྟའི་ཤོག་སྒོར་ལ་སྒོར་མོ་ཞེས་པ་ནི་ནོར་བ་ཡིན་ཏེ། དོན་གྱིས་ནར་མོ་ཞེས་འབོད་དགོས་པ་ཡིན་ནོ། དེ་མིན་ད་ལྟའི་ང་ཚོའི་སྐད་ཀྱི་དལ་མོ་བྱོས་སོང་ཞེས་པ་འདི་ཡང་ཐོག་མར་མི་རྣམས་ཀྱིས་ལོ་ལོན་རྒན་པ་རྐང་ལག་མི་བདེ་མཁན་དང་ནད་ཀྱིས་གཟིར་བའི་ནད་པ་སོགས་ལ་སེམས་ཁུར་གནང་བའི་ཚིག་ཅིག་ཡིན་པ་ལ། ད་ལྟ་གུས་ཚིག་དང་གོམས་སྲོལ་ཞིག་ཏུ་གྱུར་ནས་ཆེ་ཆུང་རྒན་གཞོན་མེད་པར་སྨྲ་ཆོག་འདུག འདི་ནི་རྒྱ་ནག་གི་སྐད་དུའང་慢走ཞེས་གཅིག་མཐུན་གྱིས་ཡོད་པས་ཕལ་ཆེར་རྒྱ་ནག་ནས་ཚུར་ཟུར་ཆག་པ་ཞིག་ཡིན་པ་འདྲ། གཞན་དུ་རང་སྐད་ཀྱི་གཡུ་དང་རྒྱ་ནག་སྐད་ཀྱིགཉིས་ཀྱང་སྒྲ་དོན་གཉིས་ཆ་ནས་ཤིན་ཏུ་མཚུངས་ལ། བོད་རང་ན་སྔ་ས་ནས་གཡུ་ཐོག་དང་གཡུ་སྒྲ་ཞེས་ས་ཁྱབ་རྡོ་ཁྱབ་དུ་ཡོད་པས་འདི་ནི་ཕར་ཟུར་ཆག་སོང་བ་ཞིག་མིན་ནམ་སྙམ། དེ་མིན་རང་རེའི་ཉི་མ་དང་ཟླ་བ། རྒྱ་ནག་སྐད་ཀྱི་日月 སྤར་ཁ་དང་八卦སོགས་ལ་སྒྲ་དོན་གཉིས་ཆ་ནས་འདྲ་བ་མང་བོ་འདུག ཡང་གཤེན་རབ་མི་བོ་ཆེའི་དུས་སུ་རྒྱ་ནག་ན་མཁས་པ་ཆེན་པོ་ཀོང་ཙེ་འཕྲུལ་རྒྱལ་དང་ལེགས་བཏང་རྨང་བོ་སོགས་ཡོད་ལ། ཀོང་ཙེ་འཕྲུལ་རྒྱལ་ཁུང་ཕུའུ་ཙི་རེད་ཅེས་པ་བདེན་ན། ལེགས་བཏང་རྨང་བོ་ཡང་མི་གཅིག་གི་མིང་མ་ཡིན་པར་ལའོ་དང་མོ་ཞེས་ལའོ་ཙི་དང་མོ་ཙི་གཉིས་ཀྱི་བསྡུས་མིང་ཡིན་པར་ངེས། གབ་ཙེ་ཞེས་པ་ཡང་གབ་ནི་གསང་ཞིང་སྦས་པ་དང་ཙེ་ནི་རིག་པ་ཐམས་ཅད་ཀྱི་རྩེ་མོ་ཡིན་པ་སོགས་འབྲུ་འགྲེལ་ཡིད་ལ་ཤོང་དཀའ་བ་རེ་བྱས་ཏེ། ཉམ་ཐག་པའི་གབ་ཙེའི་ཁོག་པ་ལ་བློར་མ་ཤོང་བའི་རྩ་ཆེའི་གཟུངས་བཞུགས་འབུལ་རྐྱང་བྱེད་ཀྱང་ང་རང་གིས་གབ་ཙེ་ཞེས་པ་ནི་སྐར་རྩིས་ཀྱི་སྒྲ་ཙམ་སྟེ། བོད་པ་ཞིག་དང་རྒྱ་ནག་པ་གཉིས་ལྷན་དུ་འདུས་པ་ལ། རྒྱ་བཟས་བསྣམས་པའི་རྩིས་ཀྱི་དཔེ་ཆ་ལ་བལྟས་ཏེ་བོད་པ་དེས་སྐར་རྩིས་ཞེས་བརྗོད་པ་ན། རྒྱ་ནག་པས་ཧ་མ་གོ་བར་མཛུབ་མོས་རྩིས་དཔེ་ལ་བསྟན་ཏེ་གབ་ཙེ་ཞེས་ཐེ་ཚོམ་གྱིས་དྲིས་པ། བོད་མི་དེས་རྒྱ་ཚོས་རྩིས་ཀྱི་མིང་ལ་གབ་རྩེ་རུ་འབོད་པར་འཁྲུལ་ནས་རྒྱ་ནག་གི་རྩིས་ཀྱི་མིང་ལ་གབ་ཙེ་རུ་བཏགས་པ་ཡིན་ནོ། དེ་ནས་རྒན་ལྟ་བུ་ནི་རྒ་བ་དང་ན་བ་མང་བའི་དུས་ཡིན་པས་རྒ་ན་བསྡུས་ཏེ་རྒན་དུ་བཏགས། ན་ཞེས་པ་ཡང་ཨ་ན་ཞེས་འབོད་པའི་ངུ་ཟུག་གི་སྒྲ་བསྡུས་པ་ཙམ་ཡིན། གཞོན་ནི་རྟ་སོགས་བཞོན་པའི་དུས་དང་ལུས་སྟོབས་མ་རྒྱས་པ་ཞན་པའི་དུས་ཡིན་པས་གཞོན་དུ་བཏགས། ལྗོན་ཤིང་ཞེས་པ་ནི་ཤིང་སྡོང་ལྗང་ཞིང་སྣུམ་པ་བྱིས་པ་གཞོན་སྐྱེས་ཤིག་དང་འདྲ་བས་གཞོན་ཤིང་དུ་མིང་བཏགས་པ་ལ་ཕྱིས་སུ་གཞོན་སྒྲ་འགྱུར་ཏེ་ལྗོན་ཤིང་དུ་སོང་། དར་མའི་དར་ཡང་ད་ལྟའི་ཚིག་བསྡུས་ཙམ་སྟེ། ད་ལྟ་ད་ལྟ་ཞེས་འགྱོགས་པོར་བཏོན་ན་དར་ཡིག་གཉིས་བསྟུད་མར་བཀླགས་པ་དང་འདྲ། དབྱར་དགུན་སྟོན་དཔྱིད་ཅེས་པ་ནི་བྱིས་པའི་དུས་དང་འདྲ་བས་བྱིས་སམ་དཔྱིད། ཡར་འཕེལ་བཞིན་པས་ཡར་རམ་དབྱར། དར་བའི་དུས་ཡིན་པས་དར་རམ་སྟོན། རྒན་ནམ་རྒུད་པའི་དུས་ཡིན་པས་རྒན་ནམ་རྒུད་དམ་དགུན་ཞེས་འབོད། ཡང་རིགས་ཞེས་རྒྱུ་མཚན་བཤད་ན་དོན་མ་གོ་བ་གོ་བ་དང་རིག་པར་བྱེད་པས་རིགས། བསྟོད་པའི་ཚེ་ངག་ནས་ཡང་ཡང་བརྗོད་པས་ངག་གམ་བསྔགས། གསེར་གྱི་མདོག་སེར་བོ་ཡིན་པས་གསེར་རམ་སེར། ཉེ་ནི་བར་ཐག་ཐུང་བའི་དོན་ཏེ། བར་ཐག་ཐུང་བའི་མི་ལ་ཉེའམ་གཉེན། གཉེན་སྒྲིག་ནི་བར་ཐག་ཐུང་བའི་མིར་སྒྲིག་པ། མཉེས་ཡང་རང་དགའ་སའི་མི་རང་དང་སེམས་དང་ཁ་ཐག་ཉེ་བས་ཉེའམ་མཉེས། ཆུང་མ་ནི་ལོ་ཆུང་བའི་བུད་མེད་ཀྱི་མིང་ཡིན་པ་ལ་རིམ་གྱིས་རང་གི་བཟའ་ཟླ་མོ་ལ་སོང་ཞིང་དང་རྒན་མོ་ནི་ལོ་ཆེ་བའི་བུད་མེད་ཡིན་ཡང་སྐབས་འགར་རང་གི་ཆུང་མ་ལ་གོ་རྒྱུ་འདུག ཡང་བོང་བུ་དང་བུང་བ་ལྟ་བུ་ནི་སྐད་ཀྱི་སྟེང་ནས་མིང་བཏགས་ཤིང་། རི་བོང་ནི་ཁ་དོག་སྐྱ་བོའི་ཆ་ནས་བཏགས། གཏིང་དང་རྟིང་ཡང་དོང་ཟབ་པས་དོང་གི་མིང་ལས་ཕར་བཏགས་པར་འདོད་ལ། ལྤགས་དང་པགས་གཉིས་ནི་བརྗོད་བདེའི་དབང་གིས་ཏེ། རྗེས་ན་ཡི་གེ་གཞན་མེད་ན་ལྤགས་དང་ཡོད་ན་པགས་སྤྱོད། དེ་མིན་བ་ཟུར་རྣམས་ལས་ཤྭ་ལྟ་བུ་ནི་ཤ་བའི་རྗེས་ཀྱི་བ་བསྡུས་པ་ཙམ་དང་། དྭགས་ནི་དགས་དང་ཀློག་མི་ནོར་བའི་ཆེད། ཀྭ་དང་ཁྭ་ལྟ་བུ་ནི་བཀྭའ་ལྟ་བུའི་སྒྲའི་ཞིབ་ཆ་ཐོན་པའི་ཆེད། ཞྭ་དང་ཉྭ་ལྟ་བུ་ནི་ཞ་བའི་ཞ་དང་ཉ་མོའི་ཉ་སོགས་དང་གོ་བ་མི་ནོར་བའི་ཆེད་ཡིན་ནོ། བ་ཟུར་ཕལ་ཆེ་བའི་དགོས་པ་ནི་རིགས་ཕྱི་མ་འདིའི་ཁོངས་སུ་གཏོགས། འདི་ལ་སྟ་མ་སྟེའུ་ལྟ་བུ་ནི་དམིགས་བསལ་ཏེ་རྟེའུ་ཕྲུག་གི་རྟེའུ་དང་གོ་བ་མི་ནོར་བའི་ཆེད་དུ་སྟ་རེའི་སྒྲ་སྟ་མ་སྔུན་དུ་སྦྱར་བའོ།
   རོལ་མོ་དང་ཡོ་བྱད། བྱ་སོགས་ཀྱི་སྐོར་ལས་ཁྭ་ཏ་དང་སྐྱ་ཀ། གག་པ་སོགས་བྱ་ཕལ་ཆེ་བ་ནི་སོ་སོའི་སྐད་ཀྱི་ཁྱད་པར་ལས་མིང་བཏགས་ཤིང་། ཕོ་རོག་ལྟ་བུ་ལ་མཚོན་ན་རོག་ནི་ཁ་དོག་གི་ཆ་ནས་ཡིན་པའི་ཚུལ་དུ་སྣང་ཡང་དོན་གྱིས་སྒྲ་ལས་བྱུང་བ་སྟེ། ཕོ་རྐྱང་བས་ཕོ་རོག་གི་སྐད་ཆ་ཚང་བ་མི་ཡོང་བར་ངེས། དེ་ན་ཕོ་རོག་ནི་ཕོ་ཨོག་ཅེས་ཕོ་རོག་གི་སྐད་འབྱིན་སྟངས་དངོས་ཡིན་པ་ལ་བརྗོད་བདེ་དང་ཉན་ཚུལ་མ་འདྲ་བས་ཕོ་རོག་ཏུ་བཏགས། གསོར་འབིག་ནི་འབིག་བཀོལ་བའི་ཚེ་གསུར་གསུར་དང་གསོར་གསོར་ཞེས་སྒྲ་གྲགས་པས་ཡིན་ལ། སོག་ལེའི་སོག་དང་སྟ་རེའི་སྟ། ཟོར་བའི་ཟོར་སོགས་ཚང་མ་ནི་དེ་དག་ལས་ཐོན་པའི་སྒྲ་ཁོ་ན་ཡིན་ནོ། དེ་བཞིན་སྦུག་ཆལ། སིལ་སྙན། དུང་། ཏིང་ཤགས་སོགས་སྒྲ་ལས་མིང་སྦྱར་ཞིང་། པི་ཝང་ནི་པང་ཞེས་པའི་རྒྱུད་སྐུད་ཀྱི་སྒྲ་དང་། གདུགས་ནི་ཉི་མའི་ཟེར་མ་ལ་བལྟས་ཏེ་བཏགས། གླུ་ནི་ལྷ་སའི་སྐད་དུ་ལུའུ་ཞེས་ཀློག་ཅིང་ལི་ལི་ཞེས་པའི་སྒྲ་ལས་ཐོན་པར་ངེས། ཤག་ནི་མིའི་ཤག་ཏུ་བསྡད་ནས་གླུ་ལེན་པའམ་ཀུན་ལ་ཤག་ཤག་ཅེས་བཞད་གད་བསླངས་ཡོང་བས་ཤག་ཅེས་ཟེར། བྲོ་ནི་སྔོན་དུས་མནའ་བོར་བའི་དོན་ཡིན་པ་ལ། མནའ་བོར་བའི་ཚེ་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་ཡོད་པ་དག་རིམ་གྱིས་འགྱུར་བ་ལས་དེང་སྐབས་ཀྱི་བྲོ་བྱུང་བར་ངེས་ཏེ། ཡོ་རོབ་ཀྱི་ཞིབ་འཇུག་པ་དག་གི་གྲས་ནའང་གླུ་ནི་མཆོད་སྦྱིན་སྐབས་ཀྱི་ཚིག་གྱེར་སྟངས་དང་བྲོ་ནི་མཆོད་སྦྱིན་དུས་ཀྱི་ལུས་ཀྱི་འཁྲབ་སྟངས་ལས་བྱུང་བར་འདོད་པའི་ལྟ་ཚུལ་འདུག འཆམ་ནི་མཁས་པ་ཁ་ཤས་ཀྱིས་ཕར་འགྱིང་ཚུར་འགྱིང་བྱས་ནས་འགྲོ་བའི་དོན་དུ་བཤད་ཀྱང་དོན་གྱིས་སེམས་ཅན་གཞན་ལ་ལད་མོ་བྱེད་པའི་བྲོ་ཞིག་ཏུ་འདོད་དེ། སྔོན་དུས་རི་དྭགས་རྔོན་དུ་འགྲོ་བའི་ཚེ་སྐད་ཆའི་མ་ལག་ཆ་ཚང་བ་ཞིག་མེད་པས་མ་སོང་སྔོན་ལ་མི་ལ་ལ་རྔོན་བྱའི་སེམས་ཅན་དེ་རུ་རྫུས། མི་ལ་ལ་རྔོན་མཁན་བཅས་ནས་རི་དྭགས་རྔོན་པའི་གོ་རིམ་ཐེངས་ཤིག་འཁྲབ་པ་དང་། དགའ་སྟོན་སོགས་ཀྱི་སྐབས་སུ་དགའ་སྤྲོའི་དཔལ་གྱིས་ཁེངས་ནས་རང་ཉིད་ཀྱིས་རི་དྭགས་ཅི་ལྟར་རྔོན་ཚུལ་འཁྲབ་ནས་ངོམ་སོ་བྱེད་པ་སོགས་བརྒྱུད་དེ་རིམ་གྱིས་བྱུང་། རྔོན་བྱའི་རི་དྭགས་འབྲོང་ཡིན་ན་འབྲོང་མགོ་བཟུང་ནས་འཁྲབ་པ་དང་སྟག་ཡིན་ན་སྟག་མགོ་བཟུང་ནས་འཁྲབ། དེ་དག་ནི་འཆམ་གྱི་ཐོག་མའི་འབྱུང་ཁུངས་སུ་འདོད་དོ།།
   གོང་གསལ་གྱི་ཐ་སྙད་འདི་དག་ནི་དཔེ་མཚོན་ཙམ་སྟེ། ཞིབ་པར་བཀོད་ན་མཐའ་ཡས་པ་ཡོད་ཀྱང་། ད་ནི་དེ་ཙམ་གྱིས་འཐུས་པར་བྱའོ།
   གཞན་བོད་ཀྱི་བརྡ་སྤྲོད་ཕྱོགས་ན་མུན་ནག་གི་གསང་བ་ཆེ་ཞིག་ཡོད་པ་ནི་ཐུ་བྷོད་བཙན་པོའི་དུས་སུ་སློབ་དཔོན་ཆེན་མོ་ཐོན་མིས་བརྩམས་པའི་བརྡ་སྤྲོད་པའི་བསྟན་བཅོས་ཆེན་པོ་བརྒྱད་ཅེས་པ་དེ་རེད། དེ་དག་ཀུན་ཀྱང་བོད་ཀྱི་བརྡ་སྤྲོད་ལ་ཉེ་བར་མཁོ་བ་གདོན་མི་ཟ་ཡང་། ད་ལྟ་དུས་ཀྱི་གཞན་དབང་དུ་གྱུར་ནས་སུམ་རྟགས་གཉིས་ལས་མི་སྣང་། ང་ཚོས་སུམ་རྟགས་གཉིས་ལ་བལྟ་དུས་ཀྱང་དེ་གཉིས་ཀྱི་ཆ་ཚང་བའི་མ་ལག ཕྲ་ཞིང་ཞིབ་པའི་དབྱེ་བ་སོགས་ལས་གལ་ཏེ་བརྡ་སྤྲོད་ཀྱི་བསྟན་བཅོས་ཆེན་པོ་བརྒྱད་དེ་མ་ནུབ་པར་ད་ལྟའང་མིག་གི་ལམ་དུ་བཞུགས་རྒྱུ་ན་ཅི་འདྲ་ཞེས་བློ་ཡིད་ལས་འདས་པ་ཞིག་ཏུ་བསམ་ཡོང་ཡང་། རྒྱ་གར་འཕགས་པའི་ཡུལ་དང་བསྒྲུན་ཏུ་ཨེ་བཏུབ་སྙམ། ཡང་རྒྱ་གར་གྱི་སྒྲ་མདོ་ཆེན་པོ་བརྒྱད་ནི་དུས་ཡུན་རིང་བོའི་ནང་དུ་ཞིབ་འཇུག་དང་སྦྱངས་པ་མཛད་དེ་གང་ཟག་མི་འདྲ་བ་སོ་སོས་ཕན་ཚུན་གྱི་བརྩམས་ཆོས་རྨང་གཞིར་བཟུང་བའི་སྟེང་ནས་ད་གཟོད་བརྩམས་པ་ཡིན་པས། སློབ་དཔོན་ཐོན་མི་མི་གཅིག་གིས་ལོ་བདུན་ཙམ་ལ་སྒྲ་བསླབས་པ་ལས་དེ་དག་ལས་འགོངས་པའི་བརྩམས་ཆོས་ཤིག་རྩོམ་ཨེ་ཐུབ་སྙམ་ལ། དེ་མིན་ཐམས་ཅད་སུམ་རྟགས་གཉིས་ཁོ་ནས་ཕྱོགས་ནས་བརྩམ་ཨེ་ཡོང་སྙམ། དེ་བས་ང་རང་གི་བསམ་ཚུལ་ཡིན་ན་གལ་ཏེ་དངོས་གནས་བརྡ་སྤྲོད་ཀྱི་བསྟན་བཅོས་ཆེན་མོ་བརྒྱད་བརྩམས་ཡོད་ཚེ། དེ་དག་སུམ་རྟགས་ཀྱི་ཕྱོགས་གཅིག སྐད་ཀྱི་བྱུང་ཚུལ་དང་འགྱུར་ཚུལ། འཇིག་ཚུལ་སོགས་ལ་དཔྱད་པའི་སྐོར་གཅིག ས་གནས་སོ་སོའི་སྐད་ཀྱི་ཁྱད་བསྡུར་གྱི་སྐོར་གཅིག དག་ཡིག་གི་སྐོར་གཅིག་སོགས་བརྗོད་བྱ་སུམ་རྟགས་གཉིས་ཁོ་ན་མ་ཡིན་པར་བརྡ་སྤྲོད་ཀྱི་ཁྱབ་ཁོངས་ཕལ་ཆེ་བ་འཚུད་པ་ཞིག་ཡིན་ཤས་ཆེ་སྙམ།
   གང་ལྟར་དུས་རབས་༢༡པའི་སྒང་འདིར་ང་ཚོས་སུམ་རྟགས་ཀྱི་བཟོ་བཀོད་ཆེན་པོ་འདི་རེ་ཞིག་ལོགས་སུ་བསྐྱུར་ནས་མི་ལོ་སྟོང་དུ་སྟོང་ཆར་ལུས་ཟིན་པའི་བརྡ་སྤྲོད་ཀྱི་ཆ་ཐམས་ཅད་སྔོག་པ་ཡིན་ན། ནམ་ཞིག་རང་རེའི་བོད་ལའང་མི་རིགས་གཞན་ལྟར་བརྡ་སྤྲོད་ཀྱི་མ་ལག་ཆ་ཚང་བ་ཞིག་འབྱུང་བར་མ་ཟད། འཕེལ་རྒྱས་སོར་གང་ཡང་མ་ཕྱིན་པའི་སུམ་རྟགས་གཉིས་ཀྱང་ཐོད་བརྒལ་གྱི་དུས་རིམ་གསར་བ་ཞིག་ཏུ་སླེབ་ཐུབ་པར་ཁོ་བོ་སྙིང་ཁོང་རུས་པའི་གཏིང་ནས་ཡིད་ཆེས་སོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་མིང་བརྡའི་སྐོར་ལ་རགས་ཙམ་དཔྱད་པ།

2013-09-26 ཧོར་ནག་པ་ཀླུ་སྨྱོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།