ངག་རིག་བྱེ་མ་བརྡོལ་བའི་ཆུ་མིག

རུས་རྐང་དྭངས་མ།(ཁྲི་འདུ) 琼迈文学网 2025-08-25

  ཚངས་སྲས་དབྱངས་སྙན་སྟུག་པོ་མ་ལ་ཡའི། །
  དཔལ་འགྲན་སྙན་ངག་སྨྲ་བར་གུས་བཏུད་དེ། །
  སྙན་ཚིག་སྒྲ་རྒྱན་སིལ་མ་ཉེར་འཁྱུད་ནས། །
  སྡེབ་སྦྱོར་ཚིག་གི་བག་མ་འདི་ནས་བསུ། །

  བརྡ་ཆད་གཙོ་བོ། སྙན་ངག་གི་གོ་རིམ། དར་ཚུལ། ཁྱད་པར། བཙན་པོའི་མགུར་གླུ། རྒྱན་གྱི་དཔེར་བརྗོད།

  དེ་ཡང་མི་རྒྱུད་ལྷ་ལས་མཆེད་ཅིང་གདུང་རྒྱུད་གངས་ལ་ཐུག་པའི་ཁ་བ་རི་བོ་འདི་ནི་ཆོས་སྲིད་ལུགས་གཉིས་ཀྱི་དཔལ་ཡོན་དར་བ་ནས་བཟུང་བོད་ཅེས་པ་འདི་ཡང་སུམ་གཉིས་ས་ཡི་དབང་བསྒྱུར་གྱི་བདག་པོར་གྱུར་ཅིང་ལུགས་གཉིས་བསླབ་བྱ་ཡི་བང་མཛོད་ཅིག་ཏུ་གྱུར། དུས་དེ་ནས་བཟུང་མགུར་དང་གླུ་ཡིས་བསྟོད་ན་མཛེས་པ། གཏམ་དང་ངག་གིས་མཆོད་ན་སྙན་པ། ཚིག་དང་དབྱངས་ཀྱིས་བསྡེབས་ན་ལྟ་ན་སྡུག་པའི་བོད་རང་གཤིས་ཀྱི་སྙན་དངགས་འདི་དར་བ་ཡིན་འདུག དེ་བས་སྙན་ངག་ནི་ནང་སེམས་ཀྱི་ཚོར་བ་ཕྱི་རུ་མངོན་བྱེད་ཀྱི་རིགས་ལམ་ཡག་ཤོས་དེ་ཡིན་པས་བོད་གདོད་མའི་སྐབས་ནས་ད་ལྟའི་བར་དུ་མི་ལོ་དུ་མའི་རིང་གི་བཞུར་རྒྱུན་ཡོད་པ་དང་དེ་ལས་ཀྱང་དབྱངས་གསལ་གྱི་གཟི་བྱིན་གངས་རིར་འབར་བ་ནས་བཟུང་ཡིག་ཐོག་གི་སྙན་ངག་ཀྱང་དབུ་བརྙེས་པ་ཡིན་ལ་དེས་འཛམ་གླིང་ཀུན་ཏུ་མཚན་བླ་ན་མེད་པ་ཞིག་བཞག་ཡོད་པ་བདེན་དཔུང་བྱས་ཡོད། འདི་དང་བྲལ་བ་ཡིན་ན་མཁས་པའི་གཞུང་ལ་འཇུག་ཀྱང་སྐྱེ་བོ་རྣམས་ཀྱི་ཡིད་མགུ་བར་མི་ནུས་པས་ཅི་ནས་ཀྱང་འདི་ཉིད་ཤེས་པར་བྱ་དགོས། དེ་ཡང་སྙན་ངག་མེ་ལོང་མ་ནི་རྒྱ་གར་གྱི་སྙན་ངག་སྨྲ་བ་སློབ་དཔོན་དཎྜི་མཆོག་གིས་མཛད་པ་ཡིན་ཞིང་སྙན་ངག་འདི་ཉིད་བོད་འགྱུར་ཐོག་མར་དུས་རབས་བཅུ་གསུམ་པའི་དུས་འགོར་ས་པཎ་ཀུན་དགའ་རྒྱལ་མཚན་གྱི་༼ མཁས་པ་ལ་འཇུག་པའི་སྒོ་ ༽ ཞེས་བྱ་བའི་བསྟན་བཅོས་སུ་སྙན་ངག་མེ་ལོང་མ་བོད་ལ་ཐོག་མར་མཚམས་སྦྱོར་བྱས་ཤིང་དེ་དུས་ཆ་ཚང་བོད་ཡིག་ཏུ་བསྒྱུར་མེད། ཕྱིས་སུ་ལོ་ཙྭ་བ་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་སོགས་ཀྱིས་རྫོགས་པར་བསྒྱུར་བར་མཛད། དེའི་རྗེས་དཔང་ལོ་བློ་གྲོས་བརྟན་པས་འགྱུར་བཅོས་ལེགས་པར་མཛད། དེའི་རྗེས་རྒྱལ་དབང་ལྔ་པ་མཆོག་གིས་༼ སྙན་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས་ ༽ ཞེས་བྱ་བ་བྱུང་། ཕྱིས་སུ་བོད་མཁས་ཀྱི་སྙན་འགྲེལ་དང་དཔེ་བརྗོད་བསྟན་བཅོས་༼ སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས ༽ ཤེས་བྱ་བ་ནི་རྩ་བ་རང་ལ་གཏུགས་ཏེ་བྲིས་ཡོད། དེའི་རྗེས་ད་ལྟ་ཁམས་སྡེ་དགེའི་བཀའ་འབུམ་ཁྲོད་དུ་བཞུགས་པའི་སི་ཏུ་བསྟན་པའི་ཉིན་བྱེད་ཀྱིས་མཛད་པའི་༼ མེ་ལོང་མའི་སྐད་གཉིས་ཤན་སྦྱར ༽ ཞེས་པ་བྱོན། དེའི་རྗེས་ཁམས་སྤྲུལ་གྱི་སྙན་འགྲེལ་༼ དབྱངས་ཅན་ངག་གི་རོལ་མཚོ་ ༽ དང་འདི་ནི་སི་ཏུ་པཎ་ཆེན་ཚང་གི་ཁྲིད་རྒྱུན་རྨ་མེད་པ་ཉིད་ཡིན་པས་བོད་དུ་ཧ་ཅང་མཐོང་ཆེན་བྱེད་ཁུ་ཡོད་པ་དང་སྙན་འགྲེལ་འདི་ཉིད་ནི་ཆོས་ཀྱི་སྣང་བས་ཞལ་ཆབ་དྲོན་མོ་མ་ཉམས་པར་ཡི་གེའི་རིས་སུ་བཏབ་པ་ཡིན་ཞེས་གྲུབ་དབང་སྒྲུབ་བརྒྱུད་རིན་པོ་ཆེ་སོགས་ཀྱིས་བཞེད་པ་ཡིན། ཕྱིས་སུ་འཇུ་མི་ཕམ་མཆོག་གི་སྙན་འགྲེལ་༼ དབྱངས་ཅན་དགྱེས་པའི་རོལ་མཚོ་ ༽ དང་ཨ་ཁུ་དམུ་དགེ་ཚང་གི་སྙན་འགྲེལ་༼ ཡང་གསལ་སྣང་མཛོད། ༽ ཅེས་མང་དུ་བྱུང་། འདི་ནི་ལེའུ་གསུམ་གྱི་བདག་ཉིད་ཅན་ཞིག་ཡིན་ཞིང་ལེའུ་དང་པོར་ལུས་གཙོ་བོ་དང་ལེའུ་གཉིས་པར་རྒྱན་དང་ལེའུ་གསུམ་པར་སྐྱོན་སེལ་གཙོ་བོར་བསྟན་ཡོད། ལུས་ལ་ནི་བཅད་ལྷུག་སྤེལ་གསུམ་དང་རྒྱན་ལ་ཐུན་མོང་དང་ཐུན་མིན་གྱི་རྒྱན། ཐུན་མོང་གི་རྒྱན་ལ་དོན་རྒྱན་དང་སྒྲ་རྒྱན། གབ་ཚིག་གི་རྒྱན་ནོ། ། ཐུན་མིན་གྱི་རྒྱན་ལ་རྒྱ་གར་གྱི་དབང་དུ་བྱས་པའི་ཤར་ལྷོའི་སྙན་ངག་དག་ཡིན། སྐྱོན་སེལ་ལ་ནི་སྙན་ངག་གི་སྐྱོན་བཅུའོ། ། འདི་ཉིད་ནི་སྔོན་གྱི་རྒྱ་གར་གྱི་སྙན་ངག་ཀུན་གྱི་དོན་འདུས་ཤིང་སྦྱོར་བ་རྣམས་ཀྱང་སྔོན་དང་ཉེ་བར་མཚོན་ཡོད་པས་ན་རྩ་བ་རང་ལས་བརྩམ་པར་དམ་བཅའི་སྐབས་སུ། བསྟན་བཅོས་སྔ་མ་རྣམས་བསྡུས་ཤིང་། ། སྦྱོར་བ་རྣམས་ཀྱང་ཉེར་མཚོན་ཏེ། ། ཇི་ལྟར་ནུས་བཞིན་བདག་གི་ནི། ། སྙན་ངག་དག་གི་མཚན་ཉིད་བྱ། ། ཞེས་ཀྱང་ངོ་། །ད་ནི་དངོས་ལ་འཇུག་པར་བྱ་སྟེ་དེ་ལ་སྙན་ངག་གི་གོ་དོན་བཤད་པ་དང་ལེའུ་དང་པོ་བཤད་པ་དང་། ལེའུ་གཉིས་པ་བཤད་པ། ལེའུ་གསུམ་པ་བཤད་པ་བཞི་ལས་དང་པོ་ནི།

  སྙན་ངག་གི་གོ་དོན་བཤད་པ་ལ་སྤྱི་སྙན་ངག་གི་དར་ཚུལ་བཤད་པ་དང་བྱེ་བྲག་ཏུ་ངག་ཐོག་དང་ཡིག་ཐོག་གིསྙན་ངག་བཤད་པ། རོང་མོས་དང་སྲོལ་རྒྱུན་སྙན་ངག་བཤད་པ། གནའ་དེང་སྙན་ངག་བཤད་པ་བཅས་བཞི་ལས་དང་པོ་ནི། སྙན་ངག་ཞེས་པ་འདི་ལ་བོད་སྔ་ཕྱིའི་མཁས་པ་རྣམས་ཀྱི་བཞེད་པ་འདྲ་མིན་མང་དུ་མཆིས་ཏེ་མཁས་མཆོག་དམུ་དགེ་བསམ་གཏན་ཚང་དང་དུང་དཀར་ཚང་སོགས་ཀྱིས་བརྗོད་བྱའི་དོན་གསལ་ཞིང་རྗོད་བྱེད་ཀྱི་ཚིག་རྣ་བར་སྙན་ཞིང་འཇེབས་པའི་ཚིག་སྦྱོར་ཡིད་དུ་འོང་བ་ཞིག་ལ་འདོད་པ་དང་ཕྱིས་སུ་འགས་སྙན་ངག་ལ་ཡངས་དོག་གཉིས་སུ་བཤད་པ་སོགས་མང་དུ་མཆིས་ཀྱང་དོན་དུ་ནི་རྗོད་བྱེད་ཀྱི་ཚིག་ཕྲེང་དེ་དག་རྣ་བར་སྙན་ཞིང་ཡིད་དུ་འོང་བ་ཞིག་ལ་འདོད་ན་མི་ཆོག་པ་མེད། སྙན་ངག་མེ་ལོང་མའི་བོད་དུ་མ་དར་བའི་ཡར་སྔོན་དུ་བོད་རང་ལ་སྙན་ངག་ཨེ་ཡོད་ཅེ་ན་ཡོད་དེ་གདོད་མའི་སྙན་ངག་ཅེས་པ་དེ་ནི་དམངས་ཁྲོད་ལས་དར་བ་ཡིན་ཏེ་བཙན་པོ་དུས་སྐབས་ཀྱི་མགུར་གླུ་དེ་དག་དང་བར་དུ་བྱུང་བའི་རྗེ་བཙུན་མི་ལའི་རྣམ་མགུར་ལྟ་བུར་མཚོན་བཞག་པ་ཡིན་ན་བརྗོད་བྱ་དང་རྗོད་བྱེད་གང་གི་འཐད་ནས་ཀྱང་སྙན་ཞིང་འཇེབས་པ། ཡིད་དུ་འོང་བ། ཚིག་སྦྱོར་ཡག་པ་བཅས་ཀྱི་ཕུན་སུམ་ཚོགས་པའི་སྙན་ངག་ཅིག་ཡིན། དེ་དུས་ནི་ཚིག་སྦྱོར་དེ་དག་ཕྱོགས་གཅིག་ཏུ་བསྡེབས་པའི་གཞུང་ཞིག་མེད་པ་ཙམ་དུའོ།། དེའི་ཕྱིར་བོད་རང་ལ་མཚོན་ན་སྙན་ངག་ཅེས་པ་དེའང་ཐོག་མར་དམངས་ཁྲོད་དུ་དར་བ་ལས་རྒྱ་གཞུང་མེ་ལོང་མ་ལས་དར་བ་མིན་པས་མེ་ལོང་མ་བོད་དུ་མ་འཁྲུངས་པའི་སྔོན་དུ་བོད་ལ་སྙན་གཞུང་མེད་པ་ལས་སྙན་ངག་ཡོད་ཅེས་འདོད་དགོས་སོ། ། འོ་ན་སྙན་ངག་དང་སྙན་ངག་གི་གཞུང་ལ་ཁྱད་པར་གང་འདྲ་མཆིས་ཞེ་ན་འདི་ལྟར་ཏེ་སྙན་ངག་ཅེས་པ་ནི་མེ་ལོང་མ་མ་དར་གོང་གི་མགུར་མ་དང་ལ་གཞས། གླུ་ཤགས་དང་སྒྲུང་གཏམ་དག་ནི་སྙན་ངག་འབའ་ཞིག་ཡིན་ལ་སྙན་གཞུང་ཞེས་པ་ནི་མེ་ལོང་མ་རང་ཉིད་དང་

  ཡང་ན་ཕྱིས་སུ་མཁས་པ་རྣམས་ཀྱིས་གཞུང་དེ་ཉིད་ལ་བསྟེན་ནས་མཛད་པའི་འགྲེལ་བ་དེ་དག་གོ། ། སྙན་ངག་དང་སྙན་གཞུང་ལ་མུ་བཞིར་ཡོད་དེ་སྙན་ངག་ཡིན་ལ་སྙན་གཞུང་མ་ཡིན་པ་ནི་སྔོན་གྱི་བཙན་པོའི་མགུར་གླུ་སོགས་དང་སྐྱེས་རབས་སོ་བཞི། ཡང་ན་དཔག་བསམ་འཁྲི་ཤིང་དང་དེང་གི་རྩོམ་པ་པོ་གྲགས་ཅན་འཇུ་སྐལ་བཟང་གི་སྙན་ངག་དུང་སེམས་རླབས་ཀྱི་ཟེགས་མ་ལྟ་བུ། སྙན་གཞུང་ཡིན་ལ་སྙན་ངག་མ་ཡིན་པ་ནི་སློབ་དཔོན་དབྱུག་པ་ཅན་གྱི་སྙན་ངག་མེ་ལོང་མ་ལྟ་བུ། གཉིས་ཀ་ཡིན་པ་དབྱངས་ཅན་དགྱེས་གླུ་དང་གཉིས་ཀ་མིན་པ་ནི་མང་དུ་མཆིས་སོ། ། གཉིས་པ་ད་ལྟ་ངག་ཐོག་གི་སྙན་ངག་དང་ཡིག་ཐོག་གི་སྙན་ངག་ཅེས་གཉིས་སུ་དབྱེ་ནས་བཤད་ན་དང་པོ་དེ་ནི་གདོད་མ་ནས་རང་རིགས་ལ་ཡོད་པའི་སྐད་ཀྱི་ཆ་ལས་བྱུང་བའི་ཚིག་སྦྱོར་དེ་དག་དང་གཉིས་པ་དེ་ནི་ད་ལྟའི་ང་ཚོའི་བགོ་སྐལ་དུ་འཁྲུངས་པའི་མཁས་གྲུབ་རིམ་བྱོན་རྣམས་ཀྱི་ཤེས་རབ་ཀྱི་སྟོབས་ལས་རྒྱས་ཤིང་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པའི་སྙན་ངག་དེ་དག་ཡིན། ཡང་སྙན་ངག་མེ་ལོང་མར་མ་བསྟན་པའི་སྙན་ཚིག་རྣམ་གཞག་ཀྱང་བོད་ལ་མང་དུ་མཆིས་པ་གྲུབ་དབང་སྒྲུབ་བརྒྱུད་རིན་པོ་ཆེའི་བཞེད་པ་ལྟར་དུ་སྔོན་གྱི་ལྡེའུའི་ངག་ཚིག་གི་བརྗོད་པ་ལྟ་བུ་དང་རང་དབང་སྙན་དངགས་ཞེས་པའི་ཚིག་རྐང་དོ་མི་སྙོམ་པའི་ངག་ཏུ་གང་བདེར་བརྗོད་ཆོག་པ་དག་ལ་བྱེད་དོ། ། གསུམ་པ་འདི་ལ་ཡོངས་གྲགས་སུ་རང་མོས་སྙན་ངག་དང་སྲོལ་རྒྱུན་སྙན་ངག་ཅེས་གཉིས་སུ་བྱུང་། ༡༩༨༣ལོའིསྦྲང་ཆར་དེབ་གསུམ་པའི་ཤོག་ངོས་སུ་རང་གྲོལ་ལགས་ཀྱིས་བརྩམས་པའི་ལང་ཚོ་རྦ་ཆུ་ཞེས་པ་དེ་བཀོད་པ་ནས་བཟུང་བོད་ཁམས་ཀུན་ཏུ་དེའི་འབྲི་སྲོལ་གསར་པ་དེས་ཁྱབ་ཅིང་དེ་ཡང་རང་མོས་སྙན་ངག་གི་ཐོག་མར་ཡིན་པ་བཤད་པ་དང་རྗེས་སུ་ཡང་ལྗང་བུའི་སྙན་ངག་ང་རང་སྦར་ཆོག་ཅེས་པ་དང་གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས་ཞེས་པ། གཅན་མེ་སྟག་གི་སྙན་ངག་ལྷོ་བཞུད་ཀྱི་ཆུ་འཛིན་དང་རི་ཟླ་རི་བོའི་སྙན་ཚིག འཇུ་སྐལ་བཟང་གི་སྙན་ངག་རང་ཁྱིམ་དང་མཁའ་འགྲོའི་གཟུགས་རིས་ཞེས་པ་སོགས་འབྲི་སྲོལ་གོང་དང་མཐུན་པ་མང་དུ་བྱུང་། འོན་ཀྱང་རང་མོས་སྙན་ངག་གི་་ཐོག་མ་ལང་ཚོ་རྦབ་ཆུ་ཡིན་ཟེར་བ་ཐད་པར་མ་མཐོང་ཏེ་སྔོན་གྱི་ཚིག་རྐང་ཆ་མི་འདྲ་བའི་མགུར་དང་གླུ་དེ་དག་ཀྱང་རང་མོས་སྙན་ངག་ཡིན་པར་འདོད། རྒྱུ་མཚན་གང་ཞེ་ན། བཙན་པོ་དུས་སྐབས་ཀྱི་མགུར་གླུ་དེ་དག་སྐྱེ་བོ་ནང་སེམས་ཀྱི་ཚོར་བ་དག་ཕྱི་རུ་མངོན་ཡོད་པས་དེའི་དུས་ཡིག་ཐོག་ཏུ་མེད་ཀྱང་ངག་ཐོག་གི་སྙན་ངག་སྟེ་རང་མོས་སྙན་ངག་འདི་ཉིད་ཡིན་པ་འདོད་ཆོག ཡང་མགུར་ཞེས་པ་འདིའང་སྙན་ངག་གི་ཁོངས་སུ་ཇི་ལྟར་འདུས་ཞེ་ན་འཇུ་སྐལ་བཟང་གིས་སྙན་ངག་ཅེས་པ་རྩོམ་ལུས་འདི་ལ་འཇུག་ཚུལ་ལའང་ཁྱབ་ཆེ་ཆུང་མི་འདྲ་བ་གཉིས་ཡོད་དེ་མེ་ལོང་མའི་རང་ལུགས་ལྟར་བརྩམས་པའི་སྙན་ངག་ཁོ་ནར་འཇུག་པ་དང་། མགུར་ལེགས་བཤད་དང་བཅས་པའི་སྙན་ངག་སྤྱི་ལ་འཇུག་པའོ། ། ཞེས་གསུངས་པས་སོ། ། སྲོལ་རྒྱུན་སྙན་ངག་ནི་ཚིགས་བཅད་གཞིར་བཟུང་བའི་སྙན་ངག་མེ་ལོང་མའི་རྩོམ་གཤིས་དང་མཐུན་པར་ཞིག་ཏུ་འདོད་ཆོག་པར་སྙམ། དེ་ནི་ཇི་ལྟར་ཡིན་ཞེ་ན་མཁས་་དབང་དགེ་ཆོས་མཆོག་གི་སྙན་ངག་དེ་དག་དང་བོད་མཁས་པའི་སྙན་ངག་ཡིད་ཀྱི་ངང་མོ་རྣམ་རྩེན་ལྟ་བུ་ལ་བྱེད། བཞི་པ་གནའ་དེང་སྙན་ངག་འདོད་ཚུལ་ལ་གནའ་དེང་ཞེས་པ་འདིའང་ཕན་ཚུན་ལྟོས་འཇོག་གི་ཚུལ་དུ་གྲུབ་སྟེ་འགའ་ཞིག་གིས་གནའ་རབས་སུ་རྩོམ་པའི་སྙན་ངག་དག་གནའ་རབས་སྙན་ངག་དང་། དེང་གི་བརྩམས་པའི་སྙན་ངག་དག་དེང་རབས་སྙན་ངག་ཅེས་འབོད། དེ་ཙམ་གྱིས་མི་ཐད་དེ་གནའ་རབས་ཀྱི་རྩོམ་དེ་དག་ལའང་ཚིག་གི་སྦྱོར་བ་དང་དོན་གྱི་གོ་བ། ཚོར་བའི་ཉམས་འགྱུར་སོགས་རྩོམ་རང་གི་ཁྱད་ཆོས་རེ་ཡོད་པས་དེང་སྐབས་སུ་དེ་ལྟར་དུ་ཁྱད་ཆོས་ལྡན་པའི་རྩོམ་རེ་བྲི་ཐུབ་ན་དེའང་གནའ་རབས་སྙན་ངག་ཏུ་འདོད་ཆོག་ལ་དེང་རབས་སྙན་ངག་ཀྱང་དེ་དང་དེ་བཞིན་ནོ། ། འོ་ན་དེ་དག་གི་ངོ་བོ་དང་ཁྱད་ཆོས་ཅི་ལྟར་འབྱེད་ཅེ་ན་ནི་གནའ་རབས་སྙན་ངག་ཅེས་ནི་མཚོན་དོན་གང་ཡང་མེད་པ་ཐད་ཀར་བརྗོད་པ་ཞིག་སྟེ་དཔེར་ན་རྗེ་བཙུན་མི་ལའི་རྣམ་མགུར་ལྟ་བུ་ལ་སོགས་པའོ། ། དེང་རབས་སྙན་ངག་ཅེས་ནི་དུས་རབས་ཉི་ཤུ་ལོ་རབས་བརྒྱད་ཅུའི་སྐབས་སུ་དར་བའི་རང་གྲོལ་ལགས་ཀྱིས་ལང་ཚོ་རྦབ་ཆུ་བརྩམས་པ་ནས་བཟུང་དར་བ་ཡིན། དེ་ནི་མཚོན་དོན་དང་སྒྱུ་རྩལ་གྱིས་ཕྱུག་པའི་སྙན་ངག་ཅིག་ཡིན་ལ་ཕྱིས་སུ་དེ་དང་མཚུངས་པར་གཅན་མེ་སྟག་གི་ཉི་ཟླ་རི་བོའི་སྙན་ཚིག་ལྟ་བུ་དང་ཉི་མ་བཟང་པོའི་སྙན་ངག་ཉི་མ་དང་ཟླ་བ་ལྟ་བུ་འདི་འདྲ་བའི་རིགས་ལ་དེང་རབས་སྙན་ངག་རེད་འདུག་པ་སྙམ་མོ། ། སྙན་ངག་གི་རྒྱན་ལས་ཀྱང་རྒྱ་གར་ཤར་པའི་ལུགས་དང་ལྷོ་པའི་ལུགས་བཅས་གཉིས་སུ་ཡོད་ཀྱང་འོག་ནས་འཆད་པར་འགྱུར་བས་འདིར་མ་སྤྲོས་སོ། །

  ལེའུ་དང་པོ་ལ་སྙན་ངག་གི་ལུས་བཤད་པ་དང་རྒྱ་གར་ལྷོ་ཤར་གྱི་སྙན་ངག་གི་ཁྱད་པར་བཤད་དང་གཉིས་ལས་དང་པོ་ནི་འདི་ཉིད་དུ་གཙོ་བོ་སྙན་ངག་གི་ལུས་བསྟན་ཡོད་པ་ལས་རྩ་བ་རུ། ལུས་ནི་རེ་ཞིག་འདོད་པ་ཡི། ། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། ། དེ་ཡང་ཚིགས་བཅད་ལྷུག་པ་དང་། ། སྤེལ་མ་རྣམ་གསུམ་ཉིད་དུ་གནས། ། ཞེས་གསུངས་པ་བཞིན་དུ་སྙན་ངག་གི་ལུས་ཞེས་པ་ནི་བརྗོད་པ་འདོད་པའི་དོན་གྱི་ཁྱད་པར་བྱས་པའམ་རྣམ་པར་བཅད་པའི་ཚིག་གི་ཕྲེང་བ་ཞིག་སྟེ། དེ་ལ་ནི་ཚིགས་བཅད་དང་ཚིག་ལྷུག་དང་བཅད་ལྷུག་སྤེལ་མ་བཅས་གསུམ་མོ། ། འདི་ལ་རྩ་བའི་ཤོ་ལོ་ཀ་བརྒྱ་དང་ལྔ་བསྟན་ཡོད་པ་རེད། སྐབས་འདིར་འགའ་རེས་རྒྱུན་ཆགས་ཞེས་པ་དེ་ཉིད་ལུས་གསུམ་པར་འདོད་ཅིང་རྐང་པ་མ་བཅད་པ་དེ་ཉིད་རྒྱུན་ཆགས་སུ་འདོད་པ་ལ་སྡེབ་སྦྱོར་གྱི་ཚོམས་ལས། རྐང་པ་དག་གིས་མ་བཅད་ཅིང་། ། གང་ལ་ཡི་གེ་སྦྲེལ་ལེགས་ཡོད། ། བྱ་བའི་ཚིག་གིས་གསལ་བྱས་པ། ། དེ་ནི་རྒྱུན་ཆགས་ལས་གཞན་མིན། ། ཞེས་གསུངས་ཀྱང་དེ་ལྟར་ན་ལུས་གཉིས་པ་ཚིག་ལྷུག་ཀྱལ་དེར་ཐལ་བ་འགྱུར་བ་དང་བསྟན་བཅོས་ཆེན་པོ་རྣམས་དང་འགལ་བ་ཞེས་དཔང་ལོ་ཆེན་པོས་གསུངས། ལུས་དང་པོ་ཚིགས་བཅད་དེ་ལ་འགའ་རེས་མངོན་པ་ལས་གསུངས་པ་ལྟར་དུ་རྐང་པ་གཅིག་པ་ནས་དྲུག་པའི་བར་དུ་འདོད་མོད་ཀྱི་སྙན་ངག་གི་ལུགས་ལ་ནི་དེ་ལྟར་མིན་པར་རྐང་པ་གཅིག་ནས་བཞི་པའི་བར་དུ་སྟེ་རྩ་བར། ཚིགས་བཅད་རྐང་བཞི་པ་དེ་ཡང་། ། བྲྀ་ཏྟ་ཛཱ་ཏི་ཞེས་རྣམ་གཉིས། ། དེ་ཡི་སྤྲོས་པ་མཐའ་དག་ནི། ། སྡེབ་སྦྱོར་གཞུང་དུ་ངེས་པར་བསྟན། ། རིག་དེ་སྙན་ངག་རྒྱ་མཚོ་ནི། ། ཟབ་མོར་འཇུག་འདོད་རྣམས་ཀྱི་གྲུ། ། ཞེས་པས་སོ། ། ཚེག་བར་ནི་དྲུག་ནས་ཉེར་བདུན་གྱི་བར་དུ་ཡིན་ཚིགས་བཅད་པ་སྙན་ངག་གི་ལུགས་སོ། ། དེ་ལས་དར་ཁྱབ་ཆེ་བ་ནི་ཚེག་བར་བདུན་པ་དང་དགུ་པ་ཡིན་ཞིང་དེ་ཡང་རྐང་པ་བཞི་ཀ་ལ་འདྲ་མཉམ་ཅན་དགོས་པ་གྲུབ་དབང་སྒྲུབ་བརྒྱུད་པའི་བཞེད་པ་ཡིན། དེ་ལ་སྦྱོར་ཚུལ་གྱི་སྒོ་ནས་གྲོལ་བ་དང་རིགས་དང་མཛོད་དང་འདུས་པ་སྟེ་བཞིར་དབྱེ་ཡོད་དེ་རྩ་བ་ལས། གྲོལ་བ་དང་ནི་རིགས་དང་མཛོད། ། འདུས་པ་ཞེས་བྱ་དེ་འདྲ་ཡི། ། ཞེས་འབྱུང་ངོ་། །དེ་ལས་གྲོལ་བ་ཞེས་པ་ནི་ཚིགས་བཅད་གཅིག་གི་ནང་དུ་བརྗོད་བྱའི་དོན་གཅིག་ཚིག་གཞན་ལ་མ་ལྟོས་པར་རྫོགས་པ་དགོས་པ་ཞིག་སྟེ།རྒྱལ་བའི་སྐྱེས་རབས་ལས།གཞན་དོན་སྤྱོད་པ་གང་གིས་ཡོན་ཏན་བསྒྲུབས་པ་ཕུན་ཚོགས་རྣམས། །རང་དོན་ལ་ཆེར་འབད་རྣམས་ཀྱིས་ཀྱང་རྗེས་འགྲོ་མིན་པ་ཉིད། །ཐམས་ཅད་མཁྱེན་ཞེས་ཕྱིན་ཅི་མ་ལོག་ཡི་གེའི་དྲེགས་པ་བསལ། །ནམཉམ་མེད་དེ་ནི་ཆོས་དང་དགེ་འདུན་བཅས་ལ་གཙུག་གིས་འདུད། །ཅེས་པ་ལྟ་བུའོ། །རིགས་ནི་ཚིགས་བཅད་དུ་མའི་མཐར་བྱ་ཚིག་གཅིག་གིས་དོན་དེ་ཉིད་རྫོགས་པར་བྱེད་པ་སྟེ། གཙུག་ན་ནོར་བུའི་རྟོགས་བརྗོད་ཡལ་འདབ་ལས། མཛེས་མ་དེས་ཀྱང་མི་བདག་ནི། ། ཞེས་པ་ནས་ཡ་མཚན་དབང་དུ་རབ་ཏུ་གྱུར། ། ཅེས་པའི་བར་དུ་ལྟ་བུ་ཚིགས་བཅད་དུ་མའི་མཐར་རབ་ཏུ་གྱུར་ཅེས་བྱ་ཚིག་གཅིག་གིས་དོན་རྫོགས་པར་བྱེད་པ་ལྟ་བུའོ། ། མཛོད་ནི་བརྗོད་བྱ་སྣ་ཚོགས་པ་དང་རྗོད་བྱེད་དང་གཅོད་མཚམས། ཤོ་ལོ་ཀ་དང་བྱ་ཚིག་སོགས་ཅི་རིགས་ཡོད་པ་སྟོན་པ་སྟེ། ཡལ་འདབ་དང་པོ་རབ་གསལ་གྱི་རྟོགས་བརྗོད་ལས། ནམ་ཞིག་ས་ཡི་དབང་ཕྱུག་དེ། ། མདུན་སར་བཞུགས་ལ་གླང་པོ་ཡི། ། ནགས་ཀྱི་བདག་པོ་མངོན་ཕྱོགས་ཏེ། ། པུས་མོ་ས་ལ་བཙུགས་ནས་སྨྲས། ། ལྷ་གཅིག་ཁྱོད་གྲགས་ཐོས་གྱུར་ན། ། ས་སྲུང་ས་ལ་འོང་བ་ལྟའི། ། གླང་ཆེན་མཆོག་ཏུ་མཛེས་པ་ནི། ། རྨད་དུ་བྱུང་བ་བདག་གིས་བཟུང་། ། སྐབས་གསུམ་པར་འོས་སོ་གཉིས་པ་འདི། ། སྒོ་ན་གནས་སོ་རབ་ཏུགཟིགས། ། གང་ཕྱིར་ཇོ་བོས་གཟུགས་གྱུར་ན། ། གཡོག་འཁོར་ཡོངས་ངལ་འབྲས་དང་བཅས། ། དེ་དག་ཐོས་ནས་མི་བདག་ནི། ། བློན་ལ་ཡང་དག་བགྲོས་ནས་སོང་། ། ཞེས་པ་ལྟ་བུ་ནི་མཛོད་དོ། ། འདུས་པ་ནི་བརྗོད་བྱ་གཅིག་ལ་བྱ་ཚིག་དང་ཚིགས་བཅད་དུ་མས་སྟོན་པ་ཞིག་སྟེ། ཡལ་འདབ་དང་པོར། གཟི་བརྗིད་ལ་བརྟེན་ལྷ་རྣམས་ཀྱིས། ། གང་གི་གྲགས་པ་མངོན་མཆོད་པ། ། རབ་གསལ་ཞེས་བྱའི་ས་བདག་དེ། ། དེར་ནི་ས་ཡི་ཐིག་ལེར་གྱུར། ། གང་གི་གྲགས་པའི་མེ་ཏོག་གི། ། དོག་པ་ཡོན་ཏན་དྲི་བཟང་ཚོགས། ། ཕྱོགས་ཀུན་རི་དྭགས་མིག་ཅན་མའི། ། རྣ་བ་ཡི་ནི་རྒྱན་དུ་གྱུར། ། ཐབས་ཤེས་ལྡན་པ་གང་གི་བཀའ། ། ས་སྐྱོང་མགོ་ཡི་ཚོགས་རྣམས་ལ། ། གསེར་གྱི་མེ་ཏོག་དྲི་མེད་ཀྱི། ། ཕྲེང་བ་བཞིན་དུ་རབ་ཏུ་བརྗིད། ། ཞེས་པ་ལྟ་བུའོ། ། མདོར་ན་དེ་དག་གི་ཁྱད་པར་ནི་སྒྲུབ་བརྒྱུད་པའི་སྙན་ངག་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་ལས། དེ་ལྟར་རིགས་དང་འདུས་པ་གཉིས་ལ་ཚིགས་བཅད་འགའ་ཡོད་པར་འདྲ་ཡང་རིགས་བྱ་ཚིག་གཅིག་གིས་བསྡུས་པ་དང་འདུས་པར་བྱ་ཚིག་དུ་མས་བསྟན་པའོ། ། མཛོད་དང་འདུས་པར་བྱ་ཚིག་མང་བར་འདྲ་ཡང་མཛོད་ལ་ཚིགས་བཅད་མང་པོ་དགོས་པའི་ངེས་པ་མེད་ལ་འདུས་པར་མང་པོ་དགོས་པར་ངེས་སོ། ། ཞེས་གསུངས་པས་སོ། ། འདིར་འཇུག་པའི་སྒོ་གསུམ་ཡོད་དེ་སྒོ་དང་ བརྟེན་གཞི་དང་རྩོམ་ཚུལ་བཅས་སོ། ། དེ་ལ་སྒོ་ནི་རྩ་བ་ལས། ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། ། ངེས་པར་བསྟན་པའང་དེ་ཡི་སྒོ། ། གསུངས་པ་བཞིན་དུ་བསྟན་བཅོས་ཀྱི་ཐོག་མར་ཤིས་བརྗོད་འགོད་པ་དང་བསྟོད་ཡུལ་གང་ཡིན་པ་དེ་ལ་ཐོག་མར་ཚིག་འགོད་པ་དང་བསྟན་བཅོས་ཀྱི་རྣམ་གཞག་གང་དང་མཐུན་པ་ཡིན་ན་དེ་དང་མཐུན་པར་བརྗོད་པ་དངོས་པོ་ངོས་བསྟན་པ་བཅས་ནི་བསྟན་བཅོས་ཀྱི་སྒོ་ཡིན་ནོ། ། གཉིས་པ་བརྟེན་གཞི་ནི་གང་ལ་བརྟེན་པའི་གཏམ་གཞིའི་དབང་དུ་མཛད་པ་སྟེ་རྩ་བར་། སྔོན་བྱུང་གཏམ་ལས་གྱུར་པའམ། ། ཅིག་ཤོས་ལེགས་པ་ལ་བརྟེན་པ། ། སྡེ་བཞིའི་འབྲས་བུའི་དབང་གྱུར་དང་། ། མཁས་ཤིང་རྒྱ་མཚོ་འདྲེན་པ་ཅན། ། ཞེས་པ་སྟེ་སྔོན་བྱུང་བའི་གཏམ་སྐྱེས་རབས་ཕྲེང་བ། རིག་བྱེད་ལས་བྱུང་བའི་གཏམ་རྒྱུད། འཇིག་རྟེན་ལ་གྲགས་པའི་སྒྲུང་རྒྱུད་དག་སྔོན་བྱུང་ངོ་མཚར་གྱི་གཏམ་ལས་གྱུར་པ་དང་། བོད་མཁས་པ་མཆོག་གི་དཎྜིའི་དགོངས་རྒྱན་ལས་སྦྱར་བའམ་སྔོན་བྱུང་བའི་གཏམ་གྱི་ཅིག་ཤོས་ཏེ་ད་ལྟའི་གཏམ་བརྗོད་པར་འོས་ཤིང་ལེགས་པ་དག་ཀྱང་བརྗོད་བྱར་བྱས་ནས་དེ་ལ་བརྟེན་པའི་ཚིག་སྦྱོར་འགོད་ལ་ཞེས་གསུངས་པ་ལྟ་བུ་དང་སྡེ་བཞི་སྟེ་ཆོས་དང་ཐར་པ་དང་འདོད་པ་དང་ནོར་བཅས་ནི་སྐྱེས་བུ་དོན་གྱི་ངོ་བོ་དང་བསྒྲུབ་པར་བྱ་བ་ཡིན་པས་འབྲས་བུ་དེ་དག་གི་དབང་དུ་བྱས་པས་གྱུར་པ་དང་ཤེས་བྱའི་གནས་ལ་མཁས་ཤིང་ཡིད་དུ་འོང་བས་ཡོན་ཏན་རྒྱ་ཆེ་འདྲེན་པ་ཅན་བཅས་ནི་བརྟེན་གཞིའོ། ། རྩོམ་ཚུལ་ནི་རྩ་བ་ལས་བཞིན་གྲོང་ཁྱེར་དང་རྒྱ་མཚོ་རི་དུས་ལ་སོགས་པ་ཞིག་ལ་བསྔགས་པ་ཞིག་གོ། ། རྐང་པ་མེད་པའི་ཚིག་རྒྱུན་ནི། ། ལྷུག་པ་་་་། ཞེས་པ་ནི་གང་ཞིག་རྗོད་བྱེད་ཀྱི་ཚིག་དེ་དག་ཚིག་རྐང་ཚིག་རྐང་དུ་མ་བཅད་པའམ་ཡང་ན་ཚིག་གི་རྒྱུན་མ་ཆད་པའི་ངག་གི་ཕྲེང་བ་ཞིག་ལ་ལྷུག་པ་ཡིན། དེ་ལ་རྩ་བ་ལས། བརྗོད་པ་དང་ནི་གཏམ། ཞེས་པ་དེ་ཡི་རབ་དབྱེ་གཉིས། ། གསུངས་པ་བཞིན་དུ་ལྷུག་པ་ལ་ནི་བརྗོད་པ་དང་གཏམ་གཉིས་སུ་དབྱེའོ། ། གསུམ་པ་བཅད་ལྷུག་སྤེལ་མ་ནི་རྐང་པ་བཅད་དང་མ་བཅད་ལ་ཟེར་ཞིང་རྩ་བར། སྤེལ་མ་ཟློས་གར་ལ་སོགས་ཏེ། ། དེ་དག་རྣམས་ནི་གཞན་ན་རྒྱས། ། ཞེས་པ་བཞིན་ཏེ་སྤེལ་མ་ནི་སྐད་རིགས་བཞི་ཚང་བའི་ཀླུ་ཀུན་ཏུ་དགའ་བའི་ཟློས་གར་དཔེ་ན་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་དང་རྗེ་བཙུན་མི་ལ་རས་པའི་རྣམ་མགུར་དག་ནི་ཚིག་ལྷུག་ལ་བསྟེན་མི་སྣ་ཕན་ཚུན་གྱི་སྦྱོར་བ་དང་ཚིགས་བཅད་ལ་བསྟེན་ཕན་ཚུན་གྱིས་གཏམ་གླེང་བྱས་ཡོད་པ་ལྟ་བུ་ནི་སྤེལ་མར་འདོད་དོ། །གཉིས་པ་རྒྱ་གར་ཤར་ལྷོའི་སྙན་ངག་གི་ཁྱད་པར་བཤད་པ། ད་ནི་རྒྱན་གྱི་བསྟན་བཅོས་ལས་ཐུན་མིན་གྱི་རྒྱན་བཤད་པ་ལ་སྦྱར་བ་སོགས་རྒྱན་བཅུ་ཡོད་པ་དང་དེ་ལ་ནི་རྒྱ་གར་ཤར་པའི་ལུགས་དང་ལྷོ་པའི་ལུགས་གཉིས་སུ་ཡོད་དེ་རྩ་བར། དེ་ལ་བཻ་དརྦྷ ། ། གཽ་ཌའི་ཁྱད་པར་གསལ་བར་བརྗོད། ། ཅེས་པ་སྟེ་བྱེ་བཻ་དརྦྷ ཞེས་་ལྷོ་ཕྱོགས་ཀྱི་མཁས་པ་དང་གཽ་ཌ་ཞེས་ཤར་ཕྱོགས་ཀྱི་མཁས་པ་དང་དེ་གཉིས་ཀྱི་སྙན་ངག་གི་ལུགས་ལ་ཁྱད་པར་ཡོད་པ་ཡིན། འདིར་ཐུན་མིན་དང་ཐུན་མོང་གི་རྒྱན་ཞེས་འབྱུང་ས་དེ་ཡང་རྒྱ་གར་ཤར་ལྷོའི་མཁས་པ་དག་ལ་ལྟོས་ཏེ་འཇོག་པ་ཡིན། དེས་ན་རྒྱ་གར་ཤར་ལྷོ་གཉིས་ཀྱི་སྙན་ངག་གི་ཁྱད་པར་ཇི་ལྟར་འཇོག་ཅེ་ན་བརྗིད་ཉམས་གཙོར་འདོན་བྱེད་ཅིང་ཅུང་ཟད་གོ་དམ་པ་དེ་ཉིད་རྒྱ་གར་ལྷོ་པའི་ལུགས་ཏེ་དེ་ལ་སློབ་དཔོན་དཔའ་བོ་སོགས་ཡིན། སྙན་ཉམས་གཙོར་འདོན་བྱེད་ཅིང་གོ་སླ་བ་ནི་རྒྱ་གར་ཤར་པའི་ལུགས་ཏེ། དེ་ནི་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པའོ། །འོ་ན་ཤར་ལྷོའི་སྙན་ངག་གི་ཁྱད་པར་ཇི་ལྟར་འབྱེད་ཅེ་ན་སྙན་འགྲེལ་ཁག་ཏུ་འདི་ལ་སྲོག་ཆེན་དང་སྲོག་ཆུང་གི་ཤུགས་ཆེ་ཆུང་ལ་ལྟོས་ཏེ་འབྱེད་པ་ཡིན་འདུག དེ་ནི་དོན་དུ་ཡི་གེའི་སྒྲ་གདངས་འཇམ་རྩུབ་ལས་བྱུང་ཡིན་ཞིང་འོན་ཀྱང་འཇམ་པའི་ཡི་གེ་ཡིན་ཡང་མགོ་འདོགས་ཅན་དང་འཕུལ་བརྟེན་མིང་གཞི་ཕྲད་ཚུལ་གྱི་དབང་གིས་རྩུབ་པར་འགྱུར་བ་ཡོད་པ་ཤེས་དགོས། སྐབས་འདིར་རྒྱས་པའི་བསྟན་བཅོས་བྷ་ར་ཏ་ལས་བསྟན་པ་ལྟར་ཐུན་མིན་གྱི་རྒྱན་བཅུ་ཡོད་པ་ལས་དོན་གསལ་གྱི་ཡོན་ཏན་དང་ཏིང་ངེ་འཛིན་གྱི་ཡོན་ཏན། རྒྱ་ཆེ་བའི་ཡོན་ཏན་བཅས་གསུམ་ནི་རྒྱ་གར་ལྷོ་ཤར་གཉིས་ཀའི་ཐུན་མོང་དུ་འདོད་པ་ཡིན་པས་དེ་དེའི་ཁོངས་སུ་བསྡུས་ན་མི་རིགས་སོ་ཞེ་ན་དེ་ལ་ལན་འདི་ལྟར་འདེབས་པར་བྱ་སྟེ། རྩ་བའི་གནས་སྐབས་སུ། འདི་དག་ཕལ་ཆེར་ལྡོག་པས་ནི། ། གོོ་ཌའི་ལམ་དག་མཚོན་པ་ཡིན། ། ཞེས་འབྱུང་བས་ན་རྒྱན་བཅུ་པོ་འདི་དག་གི་ལྡོག་ཕྱོགས་ཕལ་ཆེར་ཤར་པའི་ལུགས་ཡིན་པ་ལ་མཐའ་གཅིག་ཏུ་ནི་མ་ངེས་པའི་དོན་ཡིན་པ་དང་། བོད་མཁས་སྙན་འགྲེལ་དུ་ཡང་དོན་གསལ་གྱི་ཡོན་ཏན་སྐབས་སུ་དངོས་གཉིས་ཀ་འདོད་པ་དང་ལྡོག་པ་འགའ་ཞིག་འདོད་པ་ཞེས་གསུངས་པས་འདིར་འགའ་རེས་མ་གཏོགས་མང་ཤོས་དེ་འགལ་བ་ཡིན་པས་ན་ཐུན་མིན་གྱི་རྒྱན་ཞེས་དེ་ལྟར་བཏགས་པ་ཡིན་ནོ་སྙམ།

  ལེའུ་གཉིས་པ་ལ་དཔེ་རྒྱན་ལས་རྫས་རང་བཞིན་བརྗོད་པ་བཤད་པ་དང་། གཏན་འབེབས་ཀྱི་དཔེ་བཤད་པ་དང་། གཟུགས་ཅན་གྱི་རྒྱན་བཤད་པ་དང་གསུམ་ཡོད་པ་དང་འདིར་གཙོ་བོ་ཐུན་མོང་གི་རྒྱན་བསྟན་ཡོད་པ་དང་དེ་ལས་ཀྱང་ལེའུ་འདི་ཉིད་དུ་རང་བཞིན་བརྗོད་པའི་རྒྱན་བཞི་དང་དཔེ་རྒྱན་སོ་གཉིས་ཀྱིས་གྲུབ་ནས་ཡོད། དང་པོ་རྫས་རང་བཞིན་བརྗོད་པ་ལ་ཅུང་ཙམ་དཔྱད་པར་བྱ་སྟེ་འདི་ལ་རྩ་བའི་དཔེར་བརྗོད་ནི་མགྲིན་སྔོན་ལག་ན་ཐོད་པ་ནི། ། གནས་པ་ཟླ་བའི་ཅོད་པན་དང་། ། སྣུམ་ཞིང་དམར་བའི་རལ་པ་ཅན། ། ཁྱུ་མཆོག་རྒྱལ་མཚན་གསལ་བར་གྱུར། ། ཅེས་གསུངས་ལ་སྔོན་གྱི་ལོ་ཙྭ་བ་དག་གིས་ཁྱུ་མཆོག་རྒྱལ་མཚན་འཁྲུངས་པར་འགྱུར་ཅེས་བསྒྱུར་ཡོད་ཅིང་དེའི་འགྲེལ་བའི་གནས་སྐབས་ན་ལྷ་དབང་ཕྱུག་དེ་ཉིད་བསོད་ནམས་ཀྱི་བགོ་སྐལ་དུ་བབ་པའི་ཚེ་འཁྲུངས་པར་གྱུར་ཏོ་ཅེས་འཆད། ཕྱིས་སུ་སི་ཏུ་ཉིན་བྱེད་མཆོག་དང་འབྲུག་ཁམས་སྤྲུལ་སོགས་ཀྱི་སྙན་འགྲེལ་དུ་འདི་ལ་གསལ་བར་གྱུར་ཅེས་ན་འགྱུར་ལེགས་པ་ཡིན་པ་འདོད་ཅིང་འགྲེལ་བའི་སྐབས་སུའང་ཁྱད་གཞི་དེ་ཁྱད་ཆོས་ཀྱིས་གསལ་བར་གྱུར་པ་ཡིན་ཞེས་པ་ལ་འཐད་པར་མངོན། འདིའི་དཔེར་བརྗོད་དུ་ལ་ལས་ཁྱད་གཞི་གང་ཟག་དེའི་ཡོན་ཏན་དེ་ཉིད་རྒྱན་གཉིས་པ་དང་མི་འདྲ་བར་ཁྱད་གཞི་དང་ཁྱད་ཆོས་གཉིས་ཀ་གསལ་བར་སྟོན་པ་ཞིག་ལ་འདོད་པ་དང་། ལ་ལས་ཁྱད་གཞི་གང་ཟག་དེར་ཡོད་པའི་རྫས་ཀྱི་ཆོས་སམ་དངོས་པོ་ཞིག་ལ་རྫས་དང་དེ་ཇི་ལྟར་ཡོད་པ་དེ་ལྟར་དུ་དྲང་པོར་བརྗོད་པ་ཞིག་ལ་རྫས་རྒྱན་དུ་འདོད་པའང་ཡོད། དང་པོ་དེ་ནི་འབྲུག་ཁམས་སྤྲུལ་གྱི་སྙན་འགྲེལ་དབྱངས་ཅན་ངག་གི་རོལ་མཚོར། རྩོད་པའི་དུས་འདིར་བདུད་བཏུལ་ནས། ། མངོན་པར་སངས་རྒྱས་ཆོས་འཁོར་བསྐོར། ། བསྟན་པས་འཇིག་རྟེན་གསལ་མཛད་པའི། ། སྟོན་པ་ཤཱཀྱ་སེངྒེའོ། ། ཞེས་བདུད་བཏུལ་བ་དང་ཆོས་འཁོར་བསྐོར་བ་དང་འཇིག་རྟེན་གསལ་བར་མཛད་པ་དེ་ནི་སྟོན་པ་གོང་ཉིད་དོ་ཞེས་བྱ་བ་དངོས་ཁྱད་གཞིར་གྱུར་པ་ཞིག་གསལ་བར་སྟོན་ཅིང་ཁྱད་གཞི་དང་ཁྱད་ཆོས་གཉིས་ཀ་དངོས་སུ་སྨོས་པ་དེ་ཡིན། འོ་ན་བྱ་བ་རང་བཞིན་བརྗོད་པའང་དེ་དང་འདྲ་བའི་ཐལ་ལོ་ཞེ་ན་མ་ཡིན་ཏེ་ཁོང་གིས་དེ་མ་ཐག་ཏུ་བྱ་བར་འགྱུར་མ་འགྱུར་ཁྱད་གཞི་ཁོ་ན་གཙོ་ཆེ་སྟེ་ཞེས་ཀྱང་གསུངས་སོ། །གཉིས་པ་ནི་བོད་མཁས་པའི་སྙན་འགྲེལ་དཎྜིའི་དགོངས་རྒྱན་དུ། ཤེས་རབ་རལ་གྲི་འབར་བའི་མཚོན་འཕྱར་ཞིང་། །ཨུཏྤལ་ལྟེ་བར་སྙོམས་ཞུགས་གླེགས་བར་འཆང་། །མཐིང་སྔོན་ཟུར་ཕུད་ལྔ་བཅིངས་རིན་པོ་ཆེའི། །རྒྱན་ལྡན་བརྟན་པའི་འཁོར་ལོ་ཞིང་འདིའི་དཔལ། ། ཞེས་གསུངས་ལ་ཁྱད་གཞི་འཇམ་དཔལ་དབྱངས་དེ་ཉིད་ལ་ཁྱད་ཆོས་ཤེས་རབ་རལ་གྲིའི་མཚོན་འཕྱར་བ་དང་ལྟེ་བར་གླེགས་བ།་འཛིན་པ་དང་ཟུར་ཕུད་ལྔ་པ་བཅིངས་པ་དང་རིན་པོ་ཆེའི་རྒྱན་དང་ལྡན་པ་བཅས་ཀྱིས་དྲང་པོར་བརྗོད་ལྟ་བུ་ཞིག་གོ། ། དུང་དཀར་ཚང་དང་མཁས་མཆོག་དམུ་དགེ་བསམ་གཏན་གྱིས་སྙན་འགྲེལ་ཡང་གསལ་སྣང་མཛོད་དུའང་དེ་དང་མཐུན་པར་འཇོག་ཡོད། སྒྲུབ་བརྒྱུད་པའི་སྙན་ངག་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས་སུ། མཐོན་པོ་དགུང་ལ་བསྙེག་པའི་དབེན་གསུམ་བྲག་གི་རང་བྱུང་ཕུག་པ་རུ། ། ཤ་རུས་བྲལ་དུ་ཆ་བའི་ཡན་ལག་དག་ཀྱང་རིད་ཅིང་ཕྲ་བས་འཆག་ལ་ཉེ། ། འཇིགས་ཡེགས་སྐྲ་ཡི་ལོ་མ་དང་ནི་སྔོ་ཟིང་བ་སྤུས་ལུས་ལ་ཁེངས། ། རས་རྐྱང་རལ་པོ་གོས་སུ་བརྟེན་པའི་

  བརྟུལ་ཞུགས་ཅན་དེ་མི་ལ་རྗེ། ། ཞེས་པ་འདི་ཉིད་རྫས་བརྗོད་དུ་གསུངས་ཡོད། དེ་ལ་རྫས་ཀྱི་ངོས་འཛིན་ཚུལ་ནི་སྒྲུབ་བརྒྱུད་པས་ཁྱད་གཞི་རྗེ་བཙུན་ཆེན་པོ་མཆོག་དང་ཁྱད་ཆོས་དེར་ལྡན་པའི་རྫས་ཀྱི་ཆ་ཡན་ལག་ཕྲ་བ་དང་སྐྲ་ལོ་དང་བ་སྤུ་དང་རས་རྐྱང་རལ་པོ་སོགས་ཇི་ལྟར་ཡོད་པ་དྲང་པོར་བརྗོད་པས་ན་ལུགས་འདི་འདིར་རྫས་རྒྱན་དུ་འཇོག་པ་ངེས་པར་དུ་གང་ཟག་གང་རུང་བ་ཞིག་གི་ཕྱག་ཏུ་ཅི་བཟུང་ཡོད་པར་མཐའ་གཅིག་ཏུ་ངེས་དགོས་པའི་དོན་མེད་དོ། ། སྐབས་འདིར་ཁ་ཅིག་སུམ་ཅུ་པའི་རྩ་བ་རུ། དགར་དང་སྡུད་པའང་དེ་བཞིན་ཡིན། ། ཞེས་པའི་སྐབས་ནས་བསྟན་པའི་རིགས་བྱ་བ་ཡོན་ཏན་བཅས་ལ་དགར་བྱ་དང་དགར་བྱེད་གསལ་བོར་འགྲེལ་བ་ཁག་ཏུ་གསུངས་ཡོད་ཅིང་དེ་ལས་ཁ་ཅིག་གིས་རྫས་ཀྱང་དེའི་ཁྲོད་དུ་འཇོག་དགོས་པ་དང་མ་ཚད་དེའི་དཔེར་བརྗོད་དུའང་བུམ་པ་ལས་གསེར་བུམ་དང་ཡང་ན་ལྷའི་ནང་ནས་རྡོ་རྗེ་རྩེ་བརྒྱ་འཛིན་པ་ནི་བརྒྱ་བྱིན་ནོ་ཞེས་བཤད་ཀྱང་འཐད་པ་མ་མཐོང་སྟེ། ཐོག་མར་དགར་སྒྲའི་སྐབས་སུ་རྫས་དགར་བ་འདོད་པ་ཞིག་འཕགས་ཡུལ་གྱི་མཁས་པ་གང་གིས་ཀྱང་མ་གསུངས་པའི་ཕྱིར་དང་དཔེར་བརྗོད་དུ་གཞིག་ནའང་དང་པོ་དེ་ཁྱད་པར་འབྱེད་བྱེད་གསེར་ཡིན་པ་དང་དགར་གཞི་དགར་བྱ་བུམ་པ་ཡིན་པས་རིགས་དགར་བར་སོང་། གཉིས་པ་དེའང་དེ་བཞིན་ནོ། ། ཡང་ལ་ལས་དབྱུག་གུ་ཅན་ལས་ཕྲེང་བ་ཅན་མཛེས་ཞེས་པ་དེ་རྫས་དགར་བར་བཞེད་ཀྱང་དེ་ཡང་མ་ཡིན་ཏེ་རྫས་དེ་ཉིད་ཕྲེང་བ་མ་གཏོགས་དགར་གཞི་ནི་གང་ཟག་དེ་ཡིན་པས་སྔར་བཞིན་རིགས་དགར་བར་སོང་ཡོད། ད་ནི་དཔེ་རྒྱན་ལ་དབྱེ་ན་སོ་གཉིས་ཡོད་པ་དང་འདིའི་སྐབས་སུ་མེ་ལོང་མའི་དངོས་བསྟན་གྱི་སྒྲ། བཞིན། ལྟར། ལྟ་བུ། ཇི་ལྟ། མཐུན། མཚུངས་སོགས་སྒྲ་དྲུག་ཅུ་རྩ་ལྔ་ཡོད་པ་དང་བོད་ཀྱི་བསྟན་བཅོས་རྣམས་སུ་དེ་ལས་ཀྱང་མང་བ་མཆིས། འོན་ཀྱང་འདི་དག་ཡིན་ན་མཐའ་གཅིག་ཏུ་རྒྱན་འདིའི་དཔེར་བརྗོད་དུ་དངོས་སུ་སྨོས་དགོས་པའི་དགོས་པ་མེད་པ་དང་སྐབས་ཀྱི་རྒྱན་དང་པོ་དང་གཉིས་པ་གཉིས་ནི་མཚུངས་གསལ་གྱི་སྒྲ་དངོས་སུ་ཡོད་པའི་རྒྱན་ཡིན་པ་ངེས་དགོས་སོ། ། གཉིས་པ་རྒྱན་བཅུ་གསུམ་པ་གཏན་འབེབས་ཀྱི་དཔེ་ལ་ཅུང་ཙམ་དཔྱད་དེ་མེ་ལོང་མའི་དཔེར་བརྗོད་དུ། ཟླ་བ་སྐྱེངས་བྱེད་འཛེས་པ་འདི། ། ཟླ་བས་ཚར་གཅོད་པདྨ་མིན། ། དེ་ཕྱིར་ཁྱོད་ཀྱི་གདོང་ཉིད་དོ། ། ཞེས་འབྱུང་ལ་དེའི་གོ་དོན་ནི་དཔེ་དངོས་དང་དཔེ་འཕར་མ་གཉིས་ཕྱེས་ཏེ་ཟླ་བ་སྐྱེངས་པར་བྱེད་པའི་མཛེས་པ་དེ་དང་དཔེ་ཅན་མཛེས་མའི་གདོང་དེ་གཉིས་སོ་སོར་མ་འབྱེད་པ་ཐེ་ཚོམ་ཟ་བའི་དོན་དུ་སོང་བ་གཞིར་བཞག་སྟེ་དཔེ་འཕར་མ་ཤུགས་ཀྱིས་དཔེར་སོང་བ་ལ་ཟླ་བས་པདྨ་ཚར་བཅད་པར་བྱས་པ་དེ་ཉིད་སྦྱར་ནས་ཟླ་བ་ངོ་ཚ་བར་བྱས་པའམ་སྐྱེངས་པར་བྱས་པ་པདྨ་མིན་ཏེ་དེ་ནི་ཟླ་བས་ཀྱང་ཚར་བཅད་པས་སོ། ། དེས་ན་འདི་མཛེས་མའི་གདོང་དུ་ངེས་སོ་ཞེས་ཐེ་ཚོམ་ཟློག་པར་བྱེད་པའི་མཚུངས་པ་བརྗོད་པ་ལྟ་བུ་ལ་བྱེད་དགོས་ཏེ། འོན་ཀྱང་འདིའི་སྙན་འགྲེལ་ཁག་ཏུ་དཔེ་འཕར་མ་ཤུགས་ཀྱིས་དཔེ་རུ་འགྲོ་དགོས་པ་ཞིག་ཁ་གསལ་མེད་པ་དང་དཔེ་དངོས་དང་དཔེ་ཅན་གཉིས་ཀྱང་སོམ་ཉི་ཟ་བའི་དོན་དུ་སོང་བ་མི་བཞག་པ་སོགས་ཀྱི་སྐྱོན་ཡོད་པས་སྒྲུབ་བརྒྱུད་པས་གཏན་འབེབས་ཀྱི་དཔེ་སྦྱོར་སྐབས། རྒྱན་འདི་བོད་ཀྱི་སྙན་འགྲེལ་ཀུན་གྱིས་གནད་ལེགས་པར་མ་བཀྲལ་བའི་དབང་གིས་དེང་དུས་མཐོང་ཡུལ་དུ་གྱུར་ཏོ་ཅོག་གིས་འདི་དང་འདི་འདྲ་བའི་དཔེར་བརྗོད་དུ་བཀོད་འདུག་ཀྱང་རྒྱན་ཐོག་ཏུ་མ་སོང་པ་མངོན། ཞེས་གསུངས་སོ། ། གོང་ཉིད་ཀྱིས་དཔེར་བརྗོད་ལ། གངས་སེང་ང་རོ་ཟིལ་གྱིས་གནོན་པ་འདི། ། འཕྲོག་བྱེད་དབང་པོའི་གད་རྒྱངས་གཟི་ཤུགས་ཀྱིས། ། མ་བཟོད་ཐང་དུ་ལྷུང་བའི་འབྲུག་སྒྲ་མིན། །དེ་ཕྱིར་རྒྱལ་བའི་ཚངས་པའི་གསུང་དབྱངས་ཉིད། ། ཅེས་བཀོད་ཡོད། ཡང་འགའ་རེས་དཔེ་རྒྱན་དེ་དག་ཡིན་ན་མཐའ་གཅིག་ཏུ་མཚུངས་གསལ་གྱི་སྒྲ་དངོས་སུ་ཡོད་པའི་ཁྱབ་ཟེར་ན་དེ་ནི་གཅིག་བྱས་ན་ཐ་སྙད་ལ་རྨོངས་པའི་རྟགས་དང་གཉིས་བྱས་ན་རྩ་བའི་དཔེར་བརྗོད་ལ་བསམ་གཞིག་མ་བཏང་པའི་སྐྱོན་ཏེ་རྩ་བའི་དཔེར་བརྗོད་ཟླ་བོ་དངོས་པོའི་དཔེར། རྒྱལ་པོ་རྣམས་ནི་སྐྱེས་གྱུར་ཀྱང་། ། ད་ལྟ་ཁྱོད་འདྲ་གཅིག་ཀྱང་མེད། ། ཡོངས་འདུ་དག་གི་རྐང་ཐང་ནི། ། གཉིས་པར་ངེས་པ་ཡོད་མ་ཡིན། ། ཞེས་པ་མཚོན་ན་མཚུངས་གསལ་གྱི་སྒྲ་འདི་ཡིན་ཞེས་དངོས་སུ་མེད་ཀྱང་དོན་གྱི་གོ་བ་ལས་ཤེས་དགོས་སོ། ། ཡང་དཔེར་བརྗོད་འདི་ཉིད་བོད་མཁས་ཀྱི་སྙན་འགྲེལ་དུ། ཡོངས་འདུ་དག་ལ་རྐང་འཐུང་ནི། ། ཞེས་དང་། ཁམས་སྤྲུལ་གྱི་སྙན་འགྲེལ་དུ། ཡོངས་འདུ་དག་གི་རྐང་འཐུང་ནི། ། ཞེས་དང་གཞན་འགའ་ཞིག་ཏུའང་རྐང་འཐུང་དག་ལ་ཡོངས་འདུ་ནི། ། ཞེས་འབྱུང་ཡང་འདི་དག་ནི་འགོས་ལོའི་འགྱུར་དང་ཕྱིས་ཀྱི་ལོ་ཙྭ་བ་རྣམས་ཀྱི་འགྱུར་དག་ནི་མི་འདྲ་བས་དེའི་དབང་གིས་ཡིན་པ་སྙམ། དེ་བཞིན་དུ་ཁྱད་པར་གྱི་དཔེ་དང་རབ་བཏགས་ཀྱི་དཔེ་ལ་སོགས་པ་འགའ་ལ་མཚུངས་པར་དོན་གྱིས་གོ་བའི་ངག་དོན་ཅན་དཔེ་ཡིན་ལ་མཚུངས་གསལ་གྱི་སྒྲ་དངོས་ནི་མེད་དོ། ། གསུམ་པ་གཟུགས་ཅན་གྱི་རྒྱན་ལས་མི་མཉམ་པའི་གཟུགས་ཅན་ལ་དཔྱད་པར་བྱ་སྟེ། འདི་དཔེར་བརྗོད་འཇོག་སྐབས་འགའ་རེས་རྟེན་དང་བརྟེན་པ་ལ་གཟུགས་སུ་བཀོད་པ་ཙམ་དུ་འདོད་མོད་ཀྱི་དེ་ལྟར་ན་རྩ་བའི་དཔེར་བརྗོད་དང་འགལ་བ་ཡིན་ཏེ། རྩ་བར། མྱོས་པའི་མཁུར་ཚོས་རབ་དམར་ཞིང་། ། སྨིན་པའི་འཁྲི་ཤིང་གར་བྱེད་པ། ། ཁྱོད་གདོང་ཟླ་བ་ཡིད་སྲུབས་ཀྱིས། ། འཇིག་རྟེན་གསུམ་པོ་གཞོམ་པར་ནུས། ། ཞེས་གསུངས་ཡོད་ལ་དེ་རྒྱན་དུ་འགྲོ་ཚུལ་ནི་བརྟེན་པ་འཁུར་ཚོས་དམར་བ་དེ་ཉིད་གང་ཡང་གཟུགས་སུ་མ་བཀོད་ཅིང་། བརྟེན་པ་སྨིན་མ་དེ་རྟེན་འཁྲི་ཤིང་གི་གཟུགས་སུ་བཀོད་པ་དང་དེའང་གཟུགས་ཅན་འཕར་མ་གར་མཁན་གྱི་གཟུགས་སུ་བཀོད་པ། དཔེ་ཅན་གྱི་རྟེན་གདོང་དེ་ཉིད་ཟླ་བའི་གཟུགས་སུ་བཀོད་པ་དང་དེའང་འཕར་མ་ཡིད་སྲུབས་ཀྱི་གཟུགས་སུ་བཀོད་པ་དང་ཐམས་ཅད་གཞོམ་པར་ནུས་པ་དེ་གང་ཡང་གཟུགས་སུ་མ་བཀོད་པ་ལྟ་བུ་ནི་དཔེ་དང་དཔེ་ཅན་མ་ཟད་གཟུགས་ཅན་འཕར་མ་ཞིག་ཀྱང་ཡོད་པའི་ཕྱིར་རོ། ། ཡང་གཟུགས་ཅན་གྱི་རྒྱན་ཐམས་ཅད་ནི་བསྡུས་པའི་གཟུགས་ཅན་དང་མ་བསྡུས་པའི་གཟུགས་ཅན། དེ་གཉིས་ཚོགས་སུ་འདུས་པའི་ཚོགས་པ་གསུམ་པོ་གང་རུང་ཡིན་པའི་ཁྱབ་པ་གྲུབ་ནས་ཡོད། ཅིའི་ཕྱིར་དུ་ཞེ་ན་གཟུགས་ཅན་གྱི་རྒྱན་ཞིག་ཡིན་ཕྱིན་ཆད་དཔེ་དང་དཔེ་ཅན་གཉིས་ངོ་བོ་གཅིག་ཏུ་སོང་བ་ལྟར་འགོད་དགོས་པ་དང་དེའི་གཉིས་མཚམས་སྦྱོར་བྱ་བ་ལ་རྐྱེན་འབྲེལ་སྒྲ་ཁོ་ནར་ཐོབ་པ་ངེས་པས་བསྡུས་མ་བསྡུས་ཞེས་པའང་ཕྲད་དེ་ལ་གོ་དགོས་པའི་ཕྱིར། འདི་འང་སྤྱིའི་ཁོག་འབུབས་སུ་གནས་པ་ཞེས་བདག་གི་བླ་མ་སྒྲུབ་བརྒྱུད་པའི་བཞེད་པ་ཡིན་ནོ། །

  ལེའུ་གསུམ་པ་ནི་གཙོ་བོ་སྒྲ་རྒྱན་དང་གབ་ཚིག་གི་རྒྱན། སྐྱོན་སེལ་བཅས་བསྟན་ཡོད་ཅིང་། དེ་ལས་སྒྲ་རྒྱན་ལ་ཅུང་ཙམ་དཔྱད་པར་བྱ་སྟེ་སྤྱིར་སྒྲ་རྒྱན་ཞེས་པ་ནི་སྒྲ་དོན་གཉིས་ལས་སྒྲའི་སྦྱོར་ཚུལ་གྱིས་བརྗོད་བྱའི་དོན་ལ་ནང་དོན་ཡོད་པ་དང་རྗོད་བྱེད་ཚིག་ལ་གསོན་ཉམས་དོད་པ་བཅས་ཀྱིས་གྲུབ་པ་ཞིག་དགོས། མེ་ལོང་མ་བོད་དུ་མ་བྱོན་གོང་གི་ཡ་སྔོན་དུའང་སྒྲ་རྒྱན་གྱི་སྙན་ངག་འདི་ཉིད་བོད་དུ་ཡོད་ལ་དཔེར་ན། ཏུན་ཧོང་ཡིག་རྙིང་ལས། ཆབ་ཆབ་ནྀ་ཕ་རོལ་ན། ཡར་ཆབ་ཎི་ཕ་རོལ་ན། ཞེས་པ་འདི་འདྲ་བའི་རིགས་ལོ་མང་པོ་ཡར་སྔོན་ནས་ཀྱང་བོད་དུ་དར་ནས་ཡོད་པ་དང་གཞན་ཡང་སློབ་དཔོན་རིན་པོ་ཆེ་མཆོག་གིས་རྒྱལ་པོར་ཕུལ་བའི་ཡི་གེ་ད་ལྟ་ཐོན་མིའི་ཡིག་ཕུད་ཅེས་གྲགས་པ་དེ་ཉིད་ཀྱང་སྒྲ་རྒྱན་དབྱངས་ངེས་པའི་ཁོངས་སུ་གཏོགས་ལ་དེའང་མེ་ལོང་མ་བོད་དུ་མ་དར་བའི་གོང་རོལ་ཏུ་བྱུང་བ་ཡིན་པ་ཤེས་དགོས་སོ། །ཡང་ཁ་ཅིག་སྒྲ་རྒྱན་གྱི་ཟུང་ལྡན་འདོད་ཚུལ་ལ་མཛེས་མཛེས་དང་སྙན་སྙན་ཞེས་ལྟ་བུ་ལ་མི་འདོད་པར་འཇིག་རྟེན་འཇིག་རྟེན་དང་ཐམས་ཅད་ཐམས་ཅད་ཅེས་པ་ལྟ་བུ་ཟུང་ལྡན་དུ་སྨོས་ཀྱང་། དེ་ནི་རྒྱ་དཔེར། མ་ད་ནོ་མ་ད་ནོ། ། ཞེས་ཡོད་པ་ལ་བསམ་ཏེ་འདོད་པ་ཡིན་པ་སྙམ་པས་དེ་ལྟར་འདོད་མི་རིགས་ཏེ་ཅིའི་ཕྱིར་ཞེ་ན་བོད་སྐད་ཀྱི་ཚིག་འབྲུ་རེ་རེ་རྒྱ་སྐད་ཀྱི་ཚིག་འབྲུ་གཉིས་གསུམ་ཡོད་པ་ཡོད་དེ་དཔེར་ཆོས་ལ་དྷ་རྨ་དང་ནོར་ལ་བཱ་སུ་ལྟ་བུ་མང་དུ་ཡོད་པས་མཐའ་གཅིག་ཏུ་གོང་ལྟར་དུ་ངེས་དགོས་ནི་མེད་དོ། ། གཞན་ཡང་དབྱངས་ཅན་ངག་གི་རོལ་མཚོར། ཟུང་ལྡན་དངོས་རྒྱ་སྐད་ལ་ཚིག་འབྲུ་གསུམ་རེ་ཡོད་པ་དང་བསྟུན་ནས་རབ་དཀར་དེ་རབ་དཀར་དེ་ཞེས་པ་དང་། རབ་མཛེས་མཆོག་རབ་མཛེས་མཆོག་ཅེས་པ་ལ་སོགས་པའི་དཔེར་བརྗོད་མཛད་ཀྱང་གཅོད་མཚམས་མི་བདེ་ཞིང་རྐང་པ་གཞན་གྱི་འགྲོས་དང་མི་མཐུན། བརྗོད་འདོད་ཀྱི་སྙིང་པོས་ཀྱང་སྟོང་པ་སོགས་ཀྱིས་ལེགས་པ་མ་ཡིན་ཞིང་། ཞེས་སོགས་གསུངས་པས་ཕྱིར་རོ། །

  དཔྱད་གཞིའི་ཡིག་ཆ།

   སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༨་ལོའི་ཟླ་༥པར་དཔར་ཐེངས་བརྒྱད་པ་དཔར།
     སྙན་དངགས་ཀྱི་སྤྱི་དོན་སྒྲ་དབྱངས་རྒྱ་མཚོའི་འཇུག་ངོགས། སྒྲུབ་བརྒྱུད་ཤེས་རིག་ཉམས་གསོ་ཁང་གིས་དཔར་བསྐྲུན་ཞུས།
     རྒྱན་གྱི་བསྟན་བཅོས་དབྱངས་ཅན་ངག་གི་རོལ་མཚོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
     སྙན་འགྲེལ་ཡང་གསལ་སྣང་མཛོད།
     སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཟླ་༨པར་དཔར་ཐེངས་བཅུ་གསུམ་པ་དཔར།
     སྙན་ངག་སྤྱི་དོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ངག་རིག་བྱེ་མ་བརྡོལ་བའི་ཆུ་མིག

2025-08-25 རུས་རྐང་དྭངས་མ།(ཁྲི་འདུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།