དཔལ་ལྡན་ཁྲི་ཚོ་དགོན་གྱི་ཁོ་ར་ཁོར་ཡུག་གི་སྣོད་བཅུད་བཀོད་པ་ཟུར་ཙམ་བརྗོད་པ་སྲིད་ཞིའི་མཛེས་པ་གཅིག་བསྡུས་སྒྲ་དབྱངས་ལྷ་མོའི་འཕུར་ལྡིང་ཞེས་བྱ་བ།

ལྷ།(འཇོ་མདའ) 琼迈文学网 2025-08-25
ཤར་ཕྱོགས་གངས་ཅན་ཕྲེང་བའི་མུ་ཁྱུད་དབུས།། 
ས་འཛིན་ལྗོན་པའི་དཔངས་ལས་རབ་བརྗིད་པའི།།
ལུངས་རིགས་ཤེལ་དཀར་རྩེག་པའི་རལ་བ་ཡིས།།
གླིང་བཞི་ཉི་ཟླའི་ཟིལ་ཡང་འཕྲོག་པར་བྱེད།།

སྙིང་རྗེའི་སྟོབས་ཀྱིས་འགྲོ་རྣམས་འདྲེན་པའི་སྤྱན་གཟིགས་ལྷ་ཡི་དཀྱུས་རིང་གིས།།
གསེར་བཟང་དྲི་ཟའི་བུང་བ་འཁོར་བའི་གཞུང་ལུགས་རྒྱ་མཚོའི་གེ་སར་འཛིན།།
འཛམ་གླིང་འཛིན་མའི་གཙུག་ན་མཛེས་པའི་འཇའ་ཚོན་པདྨའི་བསིལ་གྲིབ་ཀྱིས།།
སྐྱེ་འགྲོར་ངལ་གསོའི་གནས་མལ་སྦྱིན་པར་སྙིང་ནས་དད་པའི་དགའ་བ་བསྐྱེད།།

སྲོད་དུས་མཚམས་སྤྲིན་གསར་མའི་འཕུར་ལྡིང་གིས།།
བགྲོད་པར་མ་ནུས་ངལ་བས་དུབ་པ་ཡི།།
ཤར་ནུབ་སེང་ལྡེང་རི་བོའི་རྩེ་མོའི་མཐོངས།།
ཁ་བའི་ན་བཟའ་བསྐྱོད་པའི་ངང་ཚུལ་མཛེས།།

གཟུགས་མཛེས་ཉམས་ཀྱིས་དགོད་པར་རྩོམ་པའི་ཡིད་འཕྲོག་པདྨའི་ལྟེང་ཀ་རུ།།
གནོད་སྦྱིན་ནོར་གྱི་ཕོ་བྲང་བརྗིད་པ་ཤེལ་དཀར་རྩེག་པའི་མཆོད་རྟེན་གསལ།།
ཆུ་འཛིན་ལྷ་ཡི་ན་བཟའ་ཀླུབ་པ་ངང་པའི་འགྲོས་བཅས་དལ་བུར་བསྐྱོད།།
གཡུང་དྲུང་རི་མོ་ཐགས་སུ་བྲེས་པའི་ཆོས་དུང་དཀར་པོ་རྒྱང་ནས་གྲགས།།

ཕྱི་སྣོད་མི་འགྱུར་བཀྲ་ཤིས་རྟེན་གྱི་མཆོག།
བྲག་དཀར་རྡོ་རྗེ་ནམ་མཁར་ཕྱར་བ་ཡི།།
ཀ་དག་འོད་གསལ་དྷི་ཡིག་དམར་སེར་གྱིས།།
འཁྱུད་པའི་ངོ་མཚར་སྲིད་ཞིའི་སྙིང་པོ་ལེན།།

ནང་བཅུད་བདེ་བཤེགས་ངུར་སྨྲིག་གོས་ཀྱིས་ཏིང་འཛིན་ཞི་བའི་ནགས་ཚལ་སྲུང་།།
འཆི་མེད་རྒྱལ་བའི་རྔ་ཆེན་རྡུང་བས་འཁོར་འདས་འོད་ཀྱི་གྲོང་ཁྱེར་བསྐྲུན།།
སྒྲ་མེད་དབེན་པར་སྐྱིལ་མོ་ཀྲུང་བཅས་ཕྱིར་མི་བཟློག་པའི་དཀའ་བ་སྤྱད།།
སྙིང་རུས་བྲག་གི་སྒོ་ཆེན་ཕྱེ་བས་སྒྲུབ་བརྒྱུད་བསྟན་པའི་ཆུ་མགོ་ཚུགས།།

ལི་ཁྲིའི་འཕྱང་འཕྲུལ་དམར་སེར་བུང་བ་ཡིས།།
ཀུན་བཟང་ཡིད་ཀྱི་འཁོར་ལོ་རྫོགས་བྱེད་པའི།།
ཐུབ་བསྟན་གསུང་གི་རོལ་མོ་འཁྲོལ་བ་ཡི།།
ཉིན་མཚན་དགའ་བའི་ཆོས་ཀྱི་སྒྲ་དབྱངས་སྒྲོག།

མི་ནུབ་ཆོས་ཀྱི་རྒྱལ་མཚན་སྒྲེང་བའི་དཀར་ཕྱོགས་ལྷ་ཀླུའི་རྫུ་འཕྲུལ་གྱིས།།
ཕུན་ཚོགས་ལྔ་ལྡན་རི་བོའི་འཕྲེང་ལས་དགོས་འདོད་ལྗོན་པའི་ཡལ་ག་རྒྱས།།
དགེ་ལེགས་མཁའ་ལྡིང་དབང་པོའི་གར་གྱིས་ཕྱོགས་བཞིའི་སྙན་པ་གཅིག་བསྡུས་པ།།
ཁྲི་དགོན་ཞེས་བྱ་རྒྱལ་བའི་དབྱུག་གུས་རིགས་ངན་ཀླ་ཀློར་དབུགས་དབྱུང་སྩོལད།།

སྙན་བརྒྱུད་མན་ངག་ནོར་བུའི་བང་མཛོད་ཀྱིས།།
ཕྱུག་པའི་ལུང་རིགས་རྒྱ་མཚོའི་གཏེར་མངའ་བ།།
འཇིགས་མེད་གདོང་ལྔས་བཏེགས་པའི་ཁྲི་ཡི་འཕང་།།
འཁོད་པའི་མཁས་གྲུབ་བྱེ་བའི་བསྟི་གནས་ཆེ།།

ལྔ་རིག་འབྲས་བཟང་ཁུར་གྱིས་དུད་པའི་བྱང་ཆུབ་ལྗོན་པའི་སྐྱེད་ཚལ་དུ།།
རྣམ་དཔྱོད་རིགས་པའི་སྐྱོ་བསང་ཕེབས་མཛད་ཐུབ་བསྟན་གསལ་བའི་ལྷ་ཚོགས་ཀྱི།།
རྟེན་འབྲེལ་ངག་གི་གླུ་སྐད་སྙན་མོས་སེམས་ཀྱི་མུན་པ་དབྱིངས་སུ་ཞི།།
སྐྱོབས་པ་མཆོག་གྱུར་ངུར་སྨྲིག་སྡེ་ལ་དྭངས་བའི་ཡིད་ཀྱིས་ཕྱག་འཚལ་ལོ།།

ཐོ་རངས་སྐར་མའི་འོད་ཀྱི་བྱིན་རླབས་ལ།།
བསྟེན་བཞིན་ཕྱི་རོལ་ལྗོན་པའི་ཤིང་དྲུང་དུ།།
དཔེ་ཀློག་སྐྱོར་སྦྱོང་སྙན་པའི་ཆོས་སྒྲ་ལ།།
བྱིང་རྨུགས་མུན་པ་གསལ་བའི་ཚན་ཁ་འབར།།

ཕྱོགས་བཞིར་སེང་ལྡེང་ནགས་ཀྱི་རི་བོ་མུ་ཁྱུད་གཙང་བོའི་ཁུག་པ་རྐྱོང་།།
བཅུ་དྲུག་ན་ཆུང་རི་དྭགས་ཕོ་མོ་བག་ཡངས་ཞི་བདེའི་དགའ་ཚལ་སྙེག།
གསེར་སྦྲང་འདབ་བཟང་གླུ་སྐད་དང་བཅས་ཨུཏྤལ་ཆུང་ངུའི་སྟེང་དུ་འབབ།།
རླུང་བུ་ལྡང་ཤུལ་ཨུཏྤལ་འདར་བས་གེ་སར་བྱེ་བ་གང་སར་འཐོར།།

ངོ་མཚར་སྙན་ཚིག་ནོར་བུའི་ཟླ་ཤེལ་ངོས།།
བཏབ་པའི་ཆག་ཆག་བདུད་རྩིའི་ཟིལ་མངར་ལས།།
འཁྲུངས་བའི་མེ་ཏོག་དམར་སེར་རི་མོ་ཡིས།།
འཁྱུད་པའི་ངག་རིག་གསེར་གྱི་རྫིང་བུ་འདྲེན།།

སྣ་ཚོགས་རྒྱུ་སྐར་གྲངས་ཀྱིས་མི་ཁེབས་ལེགས་བྲིས་ཚངས་པའི་པིར་གྱི་ཞལ་ལས་འཁྲུངས་པའི་ངོ་མཚར་རྨ་བྱའི་སྒྲོ་མདངས་འཇའ་ཚོན་འཁྱུད་པའི་སྒྱུ་རྩལ་གྱིས།།
འཆི་མེད་འོད་གསལ་གཤོག་འགྱུར་སྟོང་གིས་དབྱངས་ཅན་ཕྱག་གི་གཙང་བོ་བརྒལ་ཞིང་གཟུགས་འགྱུར་དྲི་ཟའི་ཤ་ཁྱུ་འདེད་ལ་སྒྲ་མེད་ངག་གི་ལུང་བསྟན་གསལ།།
སྒྲ་དབྱངས་ཉི་ཟླའི་ཕྲེང་བས་རབ་བརྒྱན་རིག་བྱེད་གཞོན་ནུའི་གདོང་གི་པད་ཚལ་ཆུ་འཛིན་དགའ་མ་དལ་བུར་བསྐྱོད་པའི་མཛའ་གཅུགས་སྙིང་གི་གླུ་སྐད་ཀྱིས།།
བག་ཆགས་ཤེལ་གྱི་ལྕུག་ཕྲན་འདར་ཤུལ་རང་བྱུང་སེམས་ཀྱི་མུན་པ་དྭངས་ཕྱིར་དམ་ཚིག་གཡང་ཊིའི་ཆང་ཕོར་འདེགས་པའི་ཉམས་ཀྱི་སྣང་བ་ཅུང་ཙམ་གསོ།།

ཡིད་འོང་ལྗོན་པའི་ནགས་ཚལ་གོས་སྔོན་གྱིས་གཡོག་པའི།།
དབྱངས་ཅན་རི་དྭགས་འཚོ་བའི་དྲང་སྲོང་གི་དབེན་གནས།།
སྙན་དབྱངས་དྲི་ཟའི་གླུ་སྐད་མཚམས་སྤྲིན་དང་འདྲེས་པའི།།
ཨེ་མ་དགའ་ལྡན་ཞིང་ཁམས་མིག་ཡུལ་དུ་གྱུར་སོང་།།

ཚང་ཚིང་གཡུ་ལོ་བཀོད་པའི་རྩི་ལྗོངས་ཀྱི་དགའ་ཚལ།།
བསིལ་འཇམ་ཧ་རི་ལྗོན་པ་དྲི་བཟང་གིས་ཀླུབ་པའི།།
སྐལ་ལྡན་བསོད་ནམས་བགོས་པའི་ཕྲིན་ལས་ཀྱི་གསོས་སུ།།
སྨིན་པའི་ཆོས་ཀྱི་སྐྱིད་གྲོང་མཇལ་བ་འདི་དགའ་བྱུང་།།

འབྲུ་དྲུག་བདུད་རྩིའི་སྙེ་མ་ཆར་ཀླུང་གིས་བསྒུལ་བས།།
སྒེག་ལྡན་ལྗང་མདོག་གཡུ་ལོ་ཀེམ་ཀེམ་གྱིས་གཡོ་བ།།
བྱེའུ་ཆུང་རྩི་རྐྱང་མགོ་ནས་འཕུར་སྙམ་ཀྱིས་བྲེལ་བའི།།
བཀོད་ལེགས་མུ་ཁྱུད་དྲ་བ་ཞིང་གྲོང་གི་གཡས་གཡོན།།

རྒྱ་མཐོངས་པདྨའི་འདབ་གཤོག་མུ་ཏིག་གིས་སྦྲེལ་བའི།།
སྒོམ་ལ་གཡེར་བའི་རྩིག་པ་མཐའ་ཡས་ཀྱིས་བརྗིད་པ།།
ཀ་བས་གདུང་མ་འདེགས་ལ་གངས་སེང་ཀྱི་མཆོང་སྣང་།།
འཇའ་ཚོན་འོད་ཀྱིས་སྦྲིད་པའི་ཁང་ལྕམ་གྱི་གཟུགས་རིས།།

དབྱིབས་ལེགས་ལྟ་སྡུག་ཁང་པ་ཁང་ཆེན་གྱི་དྲ་བས།།
འཁྱུད་པའི་ཕང་དང་ཕང་བར་རྒྱུ་སྐར་གྱི་འཁོར་ལོ།།
གང་ཚེ་མིག་སྟོང་ལྡན་ཡང་ཡུལ་འཁོར་དང་བཅས་ཏེ།།
གནས་འདིར་རྒྱུ་བའི་ལྟད་མོ་ཨེ་མ་རང་མཚར་བ།།

སྤྲིན་དཀར་འཁོར་ལོ་རྩེག་པའི་བྱིན་རླབས་ཀྱི་རི་མོ།།
འཁོད་པའི་ལོ་ཡག་སྙེ་མའི་ཉམས་སངས་ཀྱི་སྤྲོ་དགའ།།
གཡུ་སྦྲང་བུང་བ་འདར་བའི་དངོས་གྲུབ་ཏུ་སོང་བ།།
དུས་ཀྱི་མཛེས་པ་བསྐྱེད་པའི་རྟེན་འབྲེལ་དུ་བྱུང་ངོ་།།

བསོད་ནམས་གངས་ཀྱི་རི་བོའི་ལྟོ་བ་རུ་སྦྲུམ་པའི།།
ལེགས་ཚོགས་བདུད་རྩི་སྔོན་མོའི་ཟླ་གསར་གྱི་རྫིང་བུ།།
དེང་འདིར་སྒྲ་དབྱངས་ལྷ་མོའི་གཤོག་སྟབས་སུ་དྲངས་ནས།།
ངག་རིག་མགྲིན་པ་གསོ་བའི་ཆོ་ག་རུ་བཤམས་ཡོད།།

སྐལ་བཟང་ས་ལ་འཕོས་པའི་ཐུབ་བསྟན་གྱི་ལང་ཚོའི།།
ལུང་རིགས་གར་གྱི་ཉམས་དགུའི་རྗེས་བཏབ་ཀྱི་ཤུལ་ལ།།
ན་ཆུང་སྣང་བ་དགྱེས་པའི་སྐྱིད་གླུ་འདི་ཕུལ་བས།།
རིག་བྱེད་དོ་ཧ་འཛིན་པའི་རྟེན་འབྲེལ་དུ་སྨོན་ནོ།།
  ཅེས་པ་འདི་གང་དེའི་གྲལ་མཐར་གནས་པ་རིག་བྱེད་ལ་སྤྲོ་བའི་དགེ་སློང་ངག་དབང་མཐུ་སྟོབས་སེང་གེ་འབོད་པས་གནམ་ལོ་སྦྲུལ་གྱི་ཡར་ཚེས་ལ་བྲིས་པ་དགེ་ལེགས་འཕེལ། །

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔལ་ལྡན་ཁྲི་ཚོ་དགོན་གྱི་ཁོ་ར་ཁོར་ཡུག་གི་སྣོད་བཅུད་བཀོད་པ་ཟུར་ཙམ་བརྗོད་པ་སྲིད་ཞིའི་མཛེས་པ་གཅིག་བསྡུས་སྒྲ་དབྱངས་ལྷ་མོའི་འཕུར་ལྡིང་ཞེས་བྱ་བ།

2025-08-25 ལྷ།(འཇོ་མདའ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།