སྟོན་ཁ་དང་སྙན་ངག

འོད་འཛིན་མ།(ཆབ་མདོ) 琼迈文学网 2025-10-16
སྤྲིན་པའི་ལུག་ཁྱུ་གངས་རིའི་ལ་ཐོད་གྱུར།།
སྨུག་པའི་ཡོ་ལང་རྒྱ་མཚོའི་འཇིངས་སུ་བབས།།
འཛིན་མའི་ཁ་དོག་གསེར་གྱི་མདངས་ལ་འགྲན།།
ད་ཡང་སྟོན་ཁའི་སྒྱུ་རྩལ་དལ་གྱིས་མཐོང་།།
 
ནགས་ཀྱི་མཛེས་ལྗོངས་སྟག་མོའི་གཞིས་སུ་བཏབ།།
མགྲིན་བཟང་ཁུ་བྱུག་ལྷོ་མོན་རོང་ལ་ཆས།།
དཀར་དམར་མེ་ཏོག་གྲུག་པའི་ས་གཞིའི་ལྟོར།།
དངུལ་དཀར་ཟིལ་བའི་མུ་ཏིག་ཁྲོམ་ཁྲོམ་གཡོ།།
 
ངོ་མཚར་འཇའ་ཚོན་རི་མོ་དབྱིངས་སུ་བཀྲ།།
ཉི་མའི་འཛུམ་ཟེར་རི་བོའི་སྙིང་ལ་འཁྱུད།།
སྟོན་རླུང་ཡན་མོས་འཕྱག་པའི་ཤིང་ལོ་ཡང་།།
ངེས་མེད་གནས་སུ་ཡིབ་པའི་སྟ་གོན་བྱེད།།
 
ནམ་ཟླ་བསིལ་ཞིང་གྲང་བའི་སྐབས་དང་བསྟུན།།
རབ་དཀར་རྫ་རིའི་ཞལ་ངོ་ཁ་བས་བརླན།།
རི་སྐྱེས་སྲོག་ཆགས་རི་ལུང་ཐང་གསུམ་ཉུལ།།
ཁྲུང་ཁྲུང་གཤོག་རྡང་བསྒྲིགས་ཏེ་ལྷོ་རུ་འཕུར།།
 
འབྲས་ལྡན་ལྗོན་པའི་ཚལ་དག་ཤིན་ཏུ་དུད།།
རྐང་དྲུག་ཟིར་ངག་བསྡོམས་ཏེ་ཚང་མལ་ཉལ།།
ཕུ་ཆུ་མྱུར་བཞུད་རོལ་དབྱངས་སྙན་མོའི་སྒྲ།།
གང་གི་རྣ་བའི་འཁྲིས་སུ་ལྷང་ལྷང་གྲགས།།
 
ལོ་ཡག་སྙེ་མའི་མགོ་ལྕོག་སྨིན་དང་ལྷན།།
འཁོར་བའི་མི་ཚོགས་སྟོན་ཀའི་ལས་ལ་གཞོལ།།
ངས་ཀྱང་སོར་མོའི་བར་གྱི་སྙན་ངག་དང་།།
རང་སེམས་སྨྱོན་པ་འདི་གཉིས་གཅིག་ཏུ་བྲིས།།
 
རྩྭ་ལྗང་གསེར་མདོག་ལྷུང་བའི་ཟློ་གར་ལས།།
གྱེས་བྲལ་གདུང་བའི་ན་ཟུག་མ་ཚོར་མོད།།
ཡོད་ཚད་འགྱུར་བའི་རང་གཤིས་ངོམ་པའི་ཚེ།།
སུ་ལའང་ཡིད་རྟོན་བྲལ་བའི་ངེས་ཤེས་རྙེད།།
 
ཟླ་འདི་ཚངས་སྲས་བུ་མོའི་མངོན་བརྗོད་ཏེ།།
བརྒྱ་ཕྲག་རི་ཆུས་བསྐལ་བའི་སྙན་ངག་མཁན།།
སྟོན་མཚན་ཟླ་བའི་མདངས་ལ་སྔར་ལས་ཅེར།།
ཁྱོད་ནི་སྟོན་ཟླ་བསུ་བའི་ཕོ་ཉར་བྱས།།
 
སྤང་རྒྱན་ཁེར་སྐྱེས་དགོད་པའི་སྟོན་མཇུག་ཏུ།།
བདག་སེམས་སྲབ་མེད་རྟ་ཕོ་གཤོག་ཐོཊ་བཞིན།།
ཚོར་བའི་རི་ལུང་ཉུལ་བའི་ངང་ཚུལ་གྱིས།།
ད་དུང་རེ་བའི་མདུན་ལྗོངས་དུ་མ་བསྐྲུན།།
 
དུས་བཞིའི་འགྲོས་ལ་འཁྱུད་པ་ང་ཡི་ལས།།
དུས་གསུམ་ཚིག་ལ་དཀྲི་བ་ང་ཡི་གཤིས།།
དུས་ཚོད་སྐར་ཆའི་བར་སྟོང་རེ་རེ་ལའང་།།
དུས་ཀྱི་ཆོས་ཉིད་འབྲི་ལ་རབ་ཏུ་མོས།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྟོན་ཁ་དང་སྙན་ངག

2025-10-16 འོད་འཛིན་མ།(ཆབ་མདོ) ཀློག་གྲངས། མཆན ཡོད།
སྤྲིན་པའི་ལུག་ཁྱུ་གངས་རིའི་ལ་ཐོད་གྱུར།།
སྨུག་པའི་ཡོ་ལང་རྒྱ་མཚོའི་འཇིངས་སུ་བབས།།
འཛིན་མའི་ཁ་དོག་གསེར་གྱི་མདངས་ལ་འགྲན།།
ད་ཡང་སྟོན་ཁའི་སྒྱུ་རྩལ་དལ་གྱིས་མཐོང་།།
 
ནགས་ཀྱི་མཛེས་ལྗོངས་སྟག་མོའི་གཞིས་སུ་བཏབ།།
མགྲིན་བཟང་ཁུ་བྱུག་ལྷོ་མོན་རོང་ལ་ཆས།།
དཀར་དམར་མེ་ཏོག་གྲུག་པའི་ས་གཞིའི་ལྟོར།།
དངུལ་དཀར་ཟིལ་བའི་མུ་ཏིག་ཁྲོམ་ཁྲོམ་གཡོ།།
 
ངོ་མཚར་འཇའ་ཚོན་རི་མོ་དབྱིངས་སུ་བཀྲ།།
ཉི་མའི་འཛུམ་ཟེར་རི་བོའི་སྙིང་ལ་འཁྱུད།།
སྟོན་རླུང་ཡན་མོས་འཕྱག་པའི་ཤིང་ལོ་ཡང་།།
ངེས་མེད་གནས་སུ་ཡིབ་པའི་སྟ་གོན་བྱེད།།
 
ནམ་ཟླ་བསིལ་ཞིང་གྲང་བའི་སྐབས་དང་བསྟུན།།
རབ་དཀར་རྫ་རིའི་ཞལ་ངོ་ཁ་བས་བརླན།།
རི་སྐྱེས་སྲོག་ཆགས་རི་ལུང་ཐང་གསུམ་ཉུལ།།
ཁྲུང་ཁྲུང་གཤོག་རྡང་བསྒྲིགས་ཏེ་ལྷོ་རུ་འཕུར།།
 
འབྲས་ལྡན་ལྗོན་པའི་ཚལ་དག་ཤིན་ཏུ་དུད།།
རྐང་དྲུག་ཟིར་ངག་བསྡོམས་ཏེ་ཚང་མལ་ཉལ།།
ཕུ་ཆུ་མྱུར་བཞུད་རོལ་དབྱངས་སྙན་མོའི་སྒྲ།།
གང་གི་རྣ་བའི་འཁྲིས་སུ་ལྷང་ལྷང་གྲགས།།
 
ལོ་ཡག་སྙེ་མའི་མགོ་ལྕོག་སྨིན་དང་ལྷན།།
འཁོར་བའི་མི་ཚོགས་སྟོན་ཀའི་ལས་ལ་གཞོལ།།
ངས་ཀྱང་སོར་མོའི་བར་གྱི་སྙན་ངག་དང་།།
རང་སེམས་སྨྱོན་པ་འདི་གཉིས་གཅིག་ཏུ་བྲིས།།
 
རྩྭ་ལྗང་གསེར་མདོག་ལྷུང་བའི་ཟློ་གར་ལས།།
གྱེས་བྲལ་གདུང་བའི་ན་ཟུག་མ་ཚོར་མོད།།
ཡོད་ཚད་འགྱུར་བའི་རང་གཤིས་ངོམ་པའི་ཚེ།།
སུ་ལའང་ཡིད་རྟོན་བྲལ་བའི་ངེས་ཤེས་རྙེད།།
 
ཟླ་འདི་ཚངས་སྲས་བུ་མོའི་མངོན་བརྗོད་ཏེ།།
བརྒྱ་ཕྲག་རི་ཆུས་བསྐལ་བའི་སྙན་ངག་མཁན།།
སྟོན་མཚན་ཟླ་བའི་མདངས་ལ་སྔར་ལས་ཅེར།།
ཁྱོད་ནི་སྟོན་ཟླ་བསུ་བའི་ཕོ་ཉར་བྱས།།
 
སྤང་རྒྱན་ཁེར་སྐྱེས་དགོད་པའི་སྟོན་མཇུག་ཏུ།།
བདག་སེམས་སྲབ་མེད་རྟ་ཕོ་གཤོག་ཐོཊ་བཞིན།།
ཚོར་བའི་རི་ལུང་ཉུལ་བའི་ངང་ཚུལ་གྱིས།།
ད་དུང་རེ་བའི་མདུན་ལྗོངས་དུ་མ་བསྐྲུན།།
 
དུས་བཞིའི་འགྲོས་ལ་འཁྱུད་པ་ང་ཡི་ལས།།
དུས་གསུམ་ཚིག་ལ་དཀྲི་བ་ང་ཡི་གཤིས།།
དུས་ཚོད་སྐར་ཆའི་བར་སྟོང་རེ་རེ་ལའང་།།
དུས་ཀྱི་ཆོས་ཉིད་འབྲི་ལ་རབ་ཏུ་མོས།།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།