བསྟོད་ཚིག་མེ་ཏོག་ཆུན་པོ།

བྱང་གླིང་བུ།(ལྷ་ས) 琼迈文学网 2025-10-18

             
               ---དགེ་སློང་ཟླ་བ་ཡེ་ཤེས་ལ་ཕུལ་བ།

མཁྱེན་པའི་ཟླ་བའི་དཀྱིལ་འཁོར་ལྷུན་གྱིས་རྫོགས།། 
བརྩེ་བས་འགྲོ་ལ་ཡེ་ཤེས་གྲིབ་བསིལ་བསྩལ།། 
གང་དེར་བཞུགས་པའི་གནས་དེར་བྱམས་བརྩེས་བརླན།། 
མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་བསྙེན།།

འཇམ་དབྱངས་མཁྱེན་པའི་འཛུམ་རྒྱ་སྙིང་ནས་གྲོལ།། 
ཚངས་དབྱངས་སྙན་པའི་རོལ་མོ་ངག་ནས་བཀྲོལ།། 
ཞི་སྐུ་དགེ་བའི་ལྗོན་པ་ཅི་ཡང་མཛེས།། 
མཚུངས་མེད་འགྲོ་བའི་དེད་དཔོན་རྒྱལ་གྱུར་ཅིག།

བྱིས་པའི་དུས་ནས་དགེ་བའི་བག་ཆགས་སད།། 
ཉམ་ཆུང་འགྲོ་ལ་སྙོམ་པར་གཅིག་ཏུ་བྱམས།།
ཀུན་དང་མཐུན་ཞིང་ཀུན་ལས་ལྷག་པའི་ཁྱེད།། 
འུ་ཅག་མགོན་དུ་བྱོན་འདི་དྲིན་རེ་ཆེ།། 

གྲུབ་པའི་ཁྱུ་མཆོག་འཁྲུལ་ཞིག་ཡབ་སྲས་གསུམ།། 
ཡུལ་འདིར་བཞུགས་པའི་སྐལ་བཟང་རྫོགས་ན་ཡང་།། 
གང་གི་ཞལ་སྐྱིན་བསྟན་པའི་བདག་པོ་ཁྱེད།།
སློབ་མའི་སེམས་རྟེན་བཞུགས་འདིས་རབ་ཏུ་འཚེངས།།

རྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་ལས།།
སྨིན་གྲོལ་བདུད་བརྩིའི་དགའ་སྟོན་འགྱེད་མཁས་པ།།
སྐལ་བཟང་གདུལ་བྱའི་རེ་སྐོང་ཡིད་བཞིན་ནོར།། 
དཔལ་ལྡན་བླ་མ་སྲིད་འདིར་མངོན་པར་འཕགས།། 

གང་ཐུགས་གངས་ཀྱི་རི་ལས་འབབ་པ་ཡི།། 
དགོངས་རྒྱུད་གདམས་པའི་ལྷ་ཆབ་སྔོན་མོ་དེ།། 
དམ་ལྡན་སློབ་མའི་བསོད་ནམས་ཞིང་ས་ལ།།
བྲན་པའི་འཕྲིན་ལས་སྣང་བ་ཅི་འདྲའི་མཛེས།། 

ན་ཚོད་ལང་ཚོ་ཕྲ་བའི་གཞོན་རབས་དང་།། 
ཕྱི་མར་གོམས་ཐག་ཉེ་བའི་རྒན་པོ་ལ།།
ལུགས་གཉིས་བླང་དོར་གསལ་བའི་སྒྲོན་མེ་མཆོག།
མཚུངས་མེད་ཟླ་བའི་མཚན་ཅན་ཞིང་འདིའི་རྒྱན།།

ལྷག་པའི་ལྷ་ལ་བསྙེན་པའི་རྟགས་ཚད་རྫོགས།།
ཟབ་ཆོས་བྱིན་ཅན་དགོངས་པའི་ཀློང་ལས་རྡོལ།།
དུས་སུ་བབས་པའི་སྒྲུབ་ཆོག་རིན་ཆེན་གཏེར།།
རིག་འཛིན་སློབ་དཔོན་ཆེན་མོ་དད་པའི་ཡུལ།། 

མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐའ་ལ།།
མཁྱེན་པའི་ཤེས་རབ་དགོངས་པའི་ཀློང་ནས་ཤར།།
ཐ་ན་འཇིག་རྟེན་སྲོལ་གྱི་ཤེས་བྱའི་གྲངས།། 
མཁྱེན་པའི་སྤྱན་གྱིས་ཁེབ་པའི་བླ་མ་རྗེ།། 

ཐུན་མིན་མན་ངག་འོད་གསལ་རྫོགས་པ་ཆེ།། 
འཇའ་ལུས་ཆོས་སྐུར་གཤེགས་པའི་ཕ་ཆོས་ལ།། 
ཡིད་ཆེས་དད་པའི་སྤོབས་པ་ནང་ནས་རྙེད།། 
གྲུབ་པའི་ཕ་མཐར་བསྙེག་པ་ཁྱེད་མིན་སུ།། 

དགྱེས་པའི་ཞལ་ལ་བརྩེ་བའི་འཛུམ་རྒྱ་བཞད།།
གུས་པའི་ཉམས་ཀྱི་འགྲོ་ལ་གཅིག་ཏུ་ཆགས།། 
བསྟན་པའི་ཁུར་ཆེན་ཕྲག་ཏུ་བཞེས་པའི་གཉེན།། 
ཁྱེད་སྐུ་བསོད་ནམས་ཕུང་པོ་བརྗིད་རེ་ཆགས།།

མཐོན་པོའི་མི་ལ་ངོ་སྲུང་སྤྲེལ་ལད་མེད།།
དམའ་མོའི་འགྲོ་ལ་སྙད་པའི་འདུན་པ་བྲལ།།
སུ་དང་འགྲོགས་ན་ཡིད་དུ་འོང་བ་ཞིག།
ཕྱི་ཡི་སྤྱོད་པ་ཙམ་ཡང་སུ་ལས་ལྷག།

དག་དང་མ་དག་ཞིང་ཀུན་ཉུལ་ཚུལ་སོགས།། 
ལྐོག་གྱུར་ཆོས་ཀུན་གཟིགས་པའི་ཁ་ཕོ་མེད།། 
ལས་འབྲས་མིག་བཞིན་སྲུང་པའི་སྤྱོད་པ་ཡིས།།
མཁས་བླུན་ཀུན་ལ་དང་བའི་ས་བོན་འདེབས།། 

རྒྱུད་ལུང་མན་ངག་ཀུན་ལ་ཐོས་བསམ་འཕགས།། 
ཟབ་གསང་གནད་ཀྱི་དོན་ལ་རྟོགས་པ་མཐོ།། 
དམ་པའི་སྐྱེས་ཆེན་མང་པོའི་ཐུགས་ཀྱི་བུ།།
ཐུབ་བསྟན་མཛེས་པའི་རྒྱན་ཁྱེད་བརྟན་བཞུགས་གསོལ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

བསྟོད་ཚིག་མེ་ཏོག་ཆུན་པོ།

2025-10-18 བྱང་གླིང་བུ།(ལྷ་ས) ཀློག་གྲངས། མཆན ཡོད།

             
               ---དགེ་སློང་ཟླ་བ་ཡེ་ཤེས་ལ་ཕུལ་བ།

མཁྱེན་པའི་ཟླ་བའི་དཀྱིལ་འཁོར་ལྷུན་གྱིས་རྫོགས།། 
བརྩེ་བས་འགྲོ་ལ་ཡེ་ཤེས་གྲིབ་བསིལ་བསྩལ།། 
གང་དེར་བཞུགས་པའི་གནས་དེར་བྱམས་བརྩེས་བརླན།། 
མགོན་པོ་གང་གི་ཞབས་རྡུལ་སྤྱི་བོས་བསྙེན།།

འཇམ་དབྱངས་མཁྱེན་པའི་འཛུམ་རྒྱ་སྙིང་ནས་གྲོལ།། 
ཚངས་དབྱངས་སྙན་པའི་རོལ་མོ་ངག་ནས་བཀྲོལ།། 
ཞི་སྐུ་དགེ་བའི་ལྗོན་པ་ཅི་ཡང་མཛེས།། 
མཚུངས་མེད་འགྲོ་བའི་དེད་དཔོན་རྒྱལ་གྱུར་ཅིག།

བྱིས་པའི་དུས་ནས་དགེ་བའི་བག་ཆགས་སད།། 
ཉམ་ཆུང་འགྲོ་ལ་སྙོམ་པར་གཅིག་ཏུ་བྱམས།།
ཀུན་དང་མཐུན་ཞིང་ཀུན་ལས་ལྷག་པའི་ཁྱེད།། 
འུ་ཅག་མགོན་དུ་བྱོན་འདི་དྲིན་རེ་ཆེ།། 

གྲུབ་པའི་ཁྱུ་མཆོག་འཁྲུལ་ཞིག་ཡབ་སྲས་གསུམ།། 
ཡུལ་འདིར་བཞུགས་པའི་སྐལ་བཟང་རྫོགས་ན་ཡང་།། 
གང་གི་ཞལ་སྐྱིན་བསྟན་པའི་བདག་པོ་ཁྱེད།།
སློབ་མའི་སེམས་རྟེན་བཞུགས་འདིས་རབ་ཏུ་འཚེངས།།

རྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་ལས།།
སྨིན་གྲོལ་བདུད་བརྩིའི་དགའ་སྟོན་འགྱེད་མཁས་པ།།
སྐལ་བཟང་གདུལ་བྱའི་རེ་སྐོང་ཡིད་བཞིན་ནོར།། 
དཔལ་ལྡན་བླ་མ་སྲིད་འདིར་མངོན་པར་འཕགས།། 

གང་ཐུགས་གངས་ཀྱི་རི་ལས་འབབ་པ་ཡི།། 
དགོངས་རྒྱུད་གདམས་པའི་ལྷ་ཆབ་སྔོན་མོ་དེ།། 
དམ་ལྡན་སློབ་མའི་བསོད་ནམས་ཞིང་ས་ལ།།
བྲན་པའི་འཕྲིན་ལས་སྣང་བ་ཅི་འདྲའི་མཛེས།། 

ན་ཚོད་ལང་ཚོ་ཕྲ་བའི་གཞོན་རབས་དང་།། 
ཕྱི་མར་གོམས་ཐག་ཉེ་བའི་རྒན་པོ་ལ།།
ལུགས་གཉིས་བླང་དོར་གསལ་བའི་སྒྲོན་མེ་མཆོག།
མཚུངས་མེད་ཟླ་བའི་མཚན་ཅན་ཞིང་འདིའི་རྒྱན།།

ལྷག་པའི་ལྷ་ལ་བསྙེན་པའི་རྟགས་ཚད་རྫོགས།།
ཟབ་ཆོས་བྱིན་ཅན་དགོངས་པའི་ཀློང་ལས་རྡོལ།།
དུས་སུ་བབས་པའི་སྒྲུབ་ཆོག་རིན་ཆེན་གཏེར།།
རིག་འཛིན་སློབ་དཔོན་ཆེན་མོ་དད་པའི་ཡུལ།། 

མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་མཐའ་ལ།།
མཁྱེན་པའི་ཤེས་རབ་དགོངས་པའི་ཀློང་ནས་ཤར།།
ཐ་ན་འཇིག་རྟེན་སྲོལ་གྱི་ཤེས་བྱའི་གྲངས།། 
མཁྱེན་པའི་སྤྱན་གྱིས་ཁེབ་པའི་བླ་མ་རྗེ།། 

ཐུན་མིན་མན་ངག་འོད་གསལ་རྫོགས་པ་ཆེ།། 
འཇའ་ལུས་ཆོས་སྐུར་གཤེགས་པའི་ཕ་ཆོས་ལ།། 
ཡིད་ཆེས་དད་པའི་སྤོབས་པ་ནང་ནས་རྙེད།། 
གྲུབ་པའི་ཕ་མཐར་བསྙེག་པ་ཁྱེད་མིན་སུ།། 

དགྱེས་པའི་ཞལ་ལ་བརྩེ་བའི་འཛུམ་རྒྱ་བཞད།།
གུས་པའི་ཉམས་ཀྱི་འགྲོ་ལ་གཅིག་ཏུ་ཆགས།། 
བསྟན་པའི་ཁུར་ཆེན་ཕྲག་ཏུ་བཞེས་པའི་གཉེན།། 
ཁྱེད་སྐུ་བསོད་ནམས་ཕུང་པོ་བརྗིད་རེ་ཆགས།།

མཐོན་པོའི་མི་ལ་ངོ་སྲུང་སྤྲེལ་ལད་མེད།།
དམའ་མོའི་འགྲོ་ལ་སྙད་པའི་འདུན་པ་བྲལ།།
སུ་དང་འགྲོགས་ན་ཡིད་དུ་འོང་བ་ཞིག།
ཕྱི་ཡི་སྤྱོད་པ་ཙམ་ཡང་སུ་ལས་ལྷག།

དག་དང་མ་དག་ཞིང་ཀུན་ཉུལ་ཚུལ་སོགས།། 
ལྐོག་གྱུར་ཆོས་ཀུན་གཟིགས་པའི་ཁ་ཕོ་མེད།། 
ལས་འབྲས་མིག་བཞིན་སྲུང་པའི་སྤྱོད་པ་ཡིས།།
མཁས་བླུན་ཀུན་ལ་དང་བའི་ས་བོན་འདེབས།། 

རྒྱུད་ལུང་མན་ངག་ཀུན་ལ་ཐོས་བསམ་འཕགས།། 
ཟབ་གསང་གནད་ཀྱི་དོན་ལ་རྟོགས་པ་མཐོ།། 
དམ་པའི་སྐྱེས་ཆེན་མང་པོའི་ཐུགས་ཀྱི་བུ།།
ཐུབ་བསྟན་མཛེས་པའི་རྒྱན་ཁྱེད་བརྟན་བཞུགས་གསོལ།།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།