དཔྱིད་ཀའི་མཛེས་པ།(ཞར་བཀོད་གསུམ་ཡོད)

དབྱངས་རྡེའུ།(བྲག་གཡབ) 琼迈文学网 2025-10-18

ནམ་ཟླ་དྲོད་ཀྱི་ཚན་ཁ་འབར་བའི་སྟབས།། 
རི་ཀླུང་སྤང་ཁུད་ཁངས་དཀར་འཁྱག་དར་ཚོགས། །
རྩྭ་ལྗང་རྩི་ཤིང་བརྟས་པའི་སེམས་བསྐྱེད་ཚུལ། ། 
དབྱིག་འཛིན་རི་སྒང་པང་དུ་རླན་གཤེར་སྟོབ། ། 

ལྷོད་དབྱངས་རྫོཊ་ལྡན་དཔྱིད་མགོའི་ཟིམ་ཟིམ་ཆར། །
ནོར་འཛིན་དགའ་མའི་ཞལ་ངོགས་ཐལ་བའི་རྡུལ།  །
དག་བྱེད་བྱབས་ཁྲུས་ཆོ་གའི་མཐོང་སྣང་གིས། །
དགུན་གྱི་སྨན་ཤར་སྒེག་མོ་གནས་དབྱུང་བྱས། །

ལང་ལོང་བསང་དུད་འཁྲིགས་པའི་ཞིང་ཁ་རུ། ། 
སྐྲ་དཀར་ཁུག་པ་ལྷས་པའི་བསམ་དཀར་རྒན། ། 
ཁ་གཡང་སྨོན་འདུན་སྒྲོག་པའི་སྒྲ་དབྱངས་ཀྱིས། །
སོ་ནམ་ལས་ཀྱི་འགོ་མའི་དབུ་ཁྱུད་བྲིས། ། 

གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོ་རུ། །
ཞིང་ཁ་རེའུ་མིག་གྲུ་བཞི་སྟར་བསྒྲིགས་པར། །
རོང་གི་སྒེག་ལྡན་མཛངས་མས་དགའ་ཚོར་གྱིས། །
མ་འདྲེས་འབྲུ་དྲུག་རེ་ལྟོས་ས་བོན་འདེབས། །

ཚངས་ཐིག་སྐུད་པ་ལས་དྲང་ལམ་འགྲམ་གྱི། །
མེ་ཏོག་འཛུམ་ཞལ་ལྷོད་པའི་ཁམ་སྡོང་གསེང་། །
རང་བྱུང་དྲི་ཞིམ་སོ་མ་སྐྱི་སེར་རླུང་། །
ལམ་ཆེན་ལམ་ཕྲན་མ་ལུས་འཐུལ་བར་བྲན། །

ལུ་གུས་རྩེད་གར་རོལ་པའི་སྤང་ཐང་ན། །
གསར་སྐྱེའི་རྩྭ་ཕྲན་བསྒྲུགས་པའི་བལ་དཀར་ལུག །
འབའ་དབྱངས་ལྷང་ལྷང་འཐེན་པའི་དབྱངས་འགྲོས་ཀྱིས། །
སྨན་ཤར་རྫི་གླུ་འགུག་པར་རམ་འདེགས་བགྱིས། །

གཤོག་འགྱུར་ལྡེམ་ལྡེམ་གཡོ་བའི་ངང་སེར་ཁྱུས། །
དགུན་གསུམ་ལས་ཀྱིས་བྱེས་པའི་མཚོའི་མོའི་པང་། །
ཡིད་དགའི་ཆུ་རྩེད་རོལ་བའི་མཐོང་སྣང་ལས། །
མ་བཅོས་བརྩེ་འདང་མེ་ལོང་གསལ་བར་སྟོན། །

ཆར་སྤྲིན་བ་གམ་བརྩེགས་པའི་ཁང་བཟང་ལས། །
དཔྱིད་མགོའི་དིར་དིར་འབྲུག་སྐད་གསར་མའི་སྒྲས། །
བག་འཁུམས་གཉིད་དུ་ཡུར་བའི་ན་རོ་སྤུན*། །
མཐོང་སྣང་འཇིག་རྟེན་མཛེས་པར་ལྟད་མོར་བསུས། །
*ན་རོ་སྤུན་ནི་ཡུལ་སྐད་ལ་ན་རོ་སྤུན་དགུ་ཞེས་པར་གོ་བར་བྱ་འོ།།

མཐོ་སྒང་གི་དབྱར་ཟླ་དྲུག་པ།

རིག་བྱེད་ལྷ་མོའི་ཡིད་འཕྲོག་དབྱར་ཀའི་དཔལ་ཡོན། །
ཚོགས་དྲུག་ལོངས་སུ་སྤྱོད་པའི་བགོ་སྐལ་བཟང་བས། །
མྱོང་ཤེས་རླབས་ཀྱིས་བསྒུལ་བའི་ཚིག་རིས་ཆུ་སྐྱེས། །
དབྱངས་གསལ་ཉི་མའི་ཟེར་གྱིས་འཛུམ་ཁ་ལྷོད་ན། །

རབ་དཀར་ཆུ་འཛིན་དབུ་ཞྭ་མནབས་པའི་གངས་རྩེ། ། 
དྲི་མེད་སྨུག་པའི་གོས་འོག་བག་ཕེབས་གཟིམས་ཤིང་། །
ཟིམ་ཆར་མུ་ཏིག་ཕྲེང་རྡོག་འཐོར་བའི་ལྗོན་འདབ། ། 
བསིལ་འཇམ་རླུང་བུའི་ཕོན་གྱིས་ཡོམ་ཡོམ་སྐྱོམ་པ། །

ནེའུ་གསིང་པད་མ་ར་གཱའི་མདངས་ཀྱིས་བརྒྱན་པར། །
སྣ་བརྒྱའི་དཀར་དམར་མེ་ཏོག་ཕྲ་རྒྱན་བཀླུབས་པས། །
གྲེ་འགྱུར་སྙན་པའི་མགུལ་འཁྲིལ་ཁུ་བྱུག་འཇོལ་མོ། །
མ་བོས་མགྲོན་དུ་འཁྱོལ་པའི་དབྱར་ཟླ་དྲུག་པ། །

ཀུན་དགའི་ཆར་སྤྲིན་སོ་མ་དབྱིངས་ནས་རྒྱུ་བས། །
དིར་དིར་འབྲུག་སྒྲའི་སྟོང་གིས་བསུ་ཕྲེང་བཤམས་ཤིང་། ། 
སྤུ་སྡུག་བྱ་བྱེའུའི་མགྲིན་པའི་འོ་མཚོ་ངོགས་ནས། ། 
ཀི་ཀི་ཀྱུར་ཀྱུར་སྒྲ་སྙན་རླབས་བཞིན་འཁྱིལ་བ། །

འཆར་ཀའི་ཉི་གཞོན་འཛུམ་དཀར་ཤར་ནས་འཛུམ་པས། །
མཚར་སྡུག་ལང་ཚོའི་དཔལ་དུད་ཆུ་སྐྱེས་བུ་མོས། །
འདབ་མཛེས་ཕྱག་སོར་བརྐྱངས་ནས་གར་སྟབས་འཁྱུག་པའི། །
མཐོང་སྣང་ཚོར་ཤེས་མཛེས་པ་སྨྲ་བསམ་བརྗོད་འདས། །

དྭངས་མའི་གཙང་ཆབ་བཞུར་བའི་སྤང་གཞོངས་ཕང་བར། །
གཡང་དཀར་སྤྲིན་གྱི་རྫི་བོའི་མགྲིན་པའི་འཕྲེང་གླིང་། ། 
རི་གླུ་སེང་སེང་གྱེར་ཚེ་ནུབ་རིའི་ཉི་གཞོན། །
ཞེན་ཆགས་མཚོ་མོ་ཕྱིར་མིག་རླབས་ཀྱིས་བསྲུབས་པ། །

རུ་སྡེའི་ཞིང་ས་དཔལ་བེའུ་རེ་མིག་གསེང་དུ། །
འབྲུ་དྲུག་སྙེ་མའི་རླབས་རིས་གཡོ་བའི་སེང་སྒྲ། །
རོང་གི་ཨ་ཅེ་གསེར་སྒྲོན་ལ་གཞས་རེ་ལ། ། 
རིང་གནས་མཛའ་བའི་གྲོགས་ཀྱིས་དབྱངས་རྟ་བསྐུར་འདྲ། །

རྩྭ་ལྗང་ཟིལ་བ་ཁྲོམ་པའི་གཡེར་མོ་ཐང་ཆེན། །
རབ་མཛེས་དཀར་དམར་རྩི་ཐོག་ཉིང་བཅུད་རེ་རེ། ། 
གཡང་གི་འབྲི་མོའི་ལྗགས་ཀྱི་ལོངས་སུ་འཕོས་པས། །
འདོད་པའི་མཁུར་ཚོས་ཆ་ལ་དམར་ཁ་ཚ་བའི། །

གངས་རིའི་མཛངས་མ་གཞོན་ནུས་སྲོད་ཀྱི་ཟླ་བ། །
མཛའ་བའི་གྲོགས་སུ་བསྟེན་ནས་བཞོ་དབྱངས་སྙན་པས། །
འབྲོག་ཐང་མཚན་གཞུང་རི་ཆུའི་ལྷིང་འཇགས་དཀྲོགས་པའི། །
ཡིད་འོང་འབྲོག་སྡེའི་དབྱར་ཁ་ཡིད་ཀྱི་འཁྲེང་སེམས། །

ཆར་ཤུལ་སྨུག་སྤྲིན་གཏིབས་པའི་རི་བོའི་མགུལ་དུ། །
ཤ་གཉན་མཉེན་ལྕུག་ལུས་ཀྱིས་མཆོང་ལྡིང་རྩེན་ཞིང་། །
རྩྭ་ཟིལ་ལྷམ་ཆུང་བངས་པའི་འབྲོག་ཕྲུག་དར་མས། །
ནོར་ལུག་རྩྭ་ཆུར་ཡན་པའི་མཐོང་སྣང་གཡེང་བ། །

འདབ་དཀྱིལ་སྒེག་ལྡན་ཟེའུ་འབྲུའི་དྲི་བསུང་ངད་པས། །
དབྱངས་སྒྲོག་བུང་བ་གཞོན་ནུའི་ཡིད་བརྟན་འཕྲོག་ཤུལ། །
ལོ་ཟླའི་ཁུག་པ་སྟོང་གི་ལམ་སྣེར་འཇུས་ཏེ། ། 
དབྱར་གསུམ་གཡུ་མདོག་སྤང་ཁར་མགྲོན་དུ་བརྟོལ་འདུག །

སྟོན་ཀའི་རྒྱང་གླུ།

གསེར་མདོག་ཞིང་ཁའི་མངལ་དུ་ནས་ཀྱི་སྙེ་མ། །
ལྡེམ་ལྡེམ་བརྒྱད་ལྡན་མཚོ་མོའི་རླབས་ཀྱི་འགྲོས་ལྟར། །
དྲི་བཞོན་བུ་མོའི་ཕྱག་གིས་དལ་གྱིས་བསྒུལ་དུས། །
ཨ་མའི་འཛུམ་དཀར་ཟླ་གསལ་ཞལ་ནས་འཕྲོས་བྱུང་། །

གམ་དུ་བཅར་ཚེ་འདྲིས་པའི་ཡུལ་མི་མོད་ས། །
རིང་ན་གནས་དུས་འཁྲེང་ཞེན་ཤོག་བྱ་འཕུར་གནས། །
ཕ་ཡུལ་སེམས་པའི་ནོར་གྱི་སྟོན་ཀའི་དུས་བཟང་། །
ཡུལ་གྱར་མི་ཧྲེང་ཡིད་ཀྱི་དྲན་པའི་ནམ་ཟླ། །

མ་བཅོས་ཞལ་གྱི་པད་དཀར་འདབ་མའི་ཕང་བར། །
ལས་ངལ་རྔུལ་ཆུའི་ཟིལ་བ་ཡོ་ལང་ཁྲོམ་པའི། །
སྟོན་ཀའི་ལས་བྲེལ་གསེང་གི་བརྩེ་བའི་ཡུམ་ཆེན། །
དྲན་པའི་སྙིང་ལ་འཁོར་དུས་སྙིང་རེ་རྗེ་བྱུང་། །

ཆར་ཟིལ་ཐིགས་པའི་ཕྲེང་མཛེས་མགུལ་དུ་དཔྱངས་ཤིང་། །
དྲི་ཞིམ་ཟེའུ་འབྲུའི་མངར་ཁས་ལུས་ཟུངས་བརྟས་པའི། །
ཕྱེ་ལེབ་སྦྲང་བུའི་སྙིང་དུ་སྡུག་པའི་མེ་ཏོག །
སད་སེར་རིམས་ཀྱིས་ཐེབས་པའི་སྟོན་ཀའི་སྨྲེང་བ། །

ལྕང་བལ་ཐལ་རྡུལ་བཀབ་པའི་སྣང་བརྙན་རེ་དང་། །
རི་སྐྱེས་རྩི་ཤིང་མེ་ཏོག་རྙིང་བའི་མཐོང་སྣང་། །
ཐོབ་ཤོར་ཉི་ཟླ་རྒྱུ་བའི་འཇིག་རྟེན་ཞིག་གིས། །
སྣང་སྟོང་རི་གྲོང་གཅིག་གི་ཕྱི་ནང་བསྐྲུན་འདུག །

གློག་སྒྲོན་སྟར་ལ་བརྒྱུས་པའི་སུམ་མདོའི་ལམ་ཆེན། །
སྡོང་མགོར་སྟོན་ཀའི་སྨྲེང་བ་མགུར་དུ་དྲངས་པའི། །
ལྗང་སེར་ལོ་མས་གཡོགས་དུས་གངས་གྲོང་རླུང་བུས། །
གྲང་ངར་མཆེ་དཀར་བསྣམས་ནས་རི་ལུང་ཉུལ་ཀི །

སྟོན་ལོ་ཆུ་ཁར་ཡན་པའི་ཡུལ་སྡེ་གཅིག་ནས། །
ཁྲུང་ཁྲུང་ལྷོ་རུ་བཞུད་པའི་རྒོངས་དྲོ་ཞིག་ན། །
ཚོར་བའི་ལྕག་གིས་བྲབས་པའི་སྙན་ཚིག་རྟ་མཆོག །
ཤོག་དཀར་རི་བོའི་འདབས་ནས་བང་ཁ་ཤོར་སོང་། །

དགུན་ཟླའི་སྣངབརྙན།

མཐོ་བརྗིད་གངས་ཀྱི་དབུ་རྩེ་རུ། །
ཁ་བའི་འདབ་མས་འོད་ཟེར་འབྱིན། །
ས་འཛིན་བུ་མོའི་བརླ་ཟུང་ངོས། །
རབ་མཛེས་ཁ་བའི་པང་གདན་གཡོགས། །

མཚོ་མོ་གཡང་ཊི་ཞལ་ཁེབས་འོག །
ཉ་ཆུང་གསེར་མིག་འཁྱུག་འགྲོས་དང་། །
བརྒྱད་ལྡན་གཙང་ཆབ་བཞུར་རྒྱུན་གྱིས། །
ཡིད་དཀྱིལ་དགའ་ཚོར་ཡོ་ལང་འདྲེན། །

དགུན་ཟླའི་དབྱིངས་ཀྱི་ཞལ་སྒོ་ངོགས། །
ཆུ་འཛིན་ཚེམས་དཀར་བརྟས་ཚུལ་གྱིས། །
ཞེ་བའི་དམ་ཚིག་འོད་དཀར་འཛུམ། །
དྲན་པའི་ཚལ་དུ་ལྷུང་བར་བགྱིས། །

བཅོས་མིན་བརྩེ་འཛུམ་བཞིན་རས་མང་། །
ཟོལ་མེད་གཏམ་གྱི་རོལ་མོ་འཁྲོལ། །
ཕ་གཞིས་གཡང་ཁྱིམ་གྲུ་བཞི་ནི། །
གཟི་བྱིན་འབར་བའི་ཉམས་སྣང་མཐོང་། །

རབ་གཙང་ཁ་བའི་འདབ་དཀར་མཛེས། །
གཡུ་མདོག་མཚོ་མོའི་རླབས་གཉེར་རེར། །
མཛའ་བོས་དགའ་མ་ཐུག་འཕྲད་ཚུལ། །
འཁྱུད་པའི་སྟངས་ཀ་མི་མཛེས་སམ། །

ཟླ་གཞོན་དབུ་རྒྱན་བརྐུས་པ་ཡི། །
མཚན་ལྗོངས་གངས་རིའི་དཀར་མདངས་ཀྱིས། །
སྨག་རུམ་གོས་ཀྱིས་བཀླུབས་པ་ཡི། །
རི་སྐྱེས་མོད་པོ་གཅེར་བུར་བཏང་། །

རི་གྲོང་ཁ་བ་འབབ་པའི་ཤུལ། །
བྱ་བྱེའུའི་གཤོག་པ་ཁེངས་སམ་ཅི། །
སྤྲིན་དག་ནམ་མཁའི་བཞིན་མདངས་ནི། །
རབ་ཏུ་གཙང་བའི་ཉམས་ལ་ལྟོས། །

དར་ཁ་འཁྱགས་པའི་མཚོ་མཐའ་ན། །
མཆུ་སྒྲོས་བུམ་པའི་གཞོན་ནུ་མའི། །
གྲེ་འགྱུར་ངག་གི་གླུ་དབྱངས་ལས། །
མཛའ་གཅུགས་དར་སྐུད་རླུང་བུས་གཡོ། །

ལོ་འདབ་ཟགས་པའི་ལྕང་སྡོང་གི །
ཡལ་གའི་རྩེ་མོར་བྱ་བྱེའུའི་ཁྱུའི། །
ཀི་ཀི་ཀྱུར་ཀྱུར་འགྱུར་སྐད་ཀྱིས། །
བས་མཐའི་འཚོ་བའི་སྣང་བརྙན་བསྐྲུན། །

མར་འབབ་མཚོ་མོའི་རླབས་རྒྱུན་རེ། །
ལྡེམ་མྱུར་འགྲོས་ཀྱིས་གཅིག་རྗེས་གཉིས། །
བཞུར་བའི་སྟངས་ཀ་མཛེས་སྣང་གིས། །
མིག་ཟུང་མེ་ཏོག་ཡུན་དུ་ཁྱེར། །

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱིད་ཀའི་མཛེས་པ།(ཞར་བཀོད་གསུམ་ཡོད)

2025-10-18 དབྱངས་རྡེའུ།(བྲག་གཡབ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།