ཟླ་དྲུག་པའི་རྨི་ལམ།

འོད་འཛིན་མ།(ཆབ་མདོ) 琼迈文学网 2026-07-27
ནོར་འཛིན་གཡུ་གཞོང་ཡངས་བའི་ཚལ།།
མེ་ཏོག་སྣ་ཚོགས་འདབ་བརྒྱ་གྲོལ།།
དུས་ཀྱི་སྣང་བརྙན་འཇམ་པ་འདི།།
ཡིད་ཅན་དགའ་བའི་གསོས་སུ་གྲུབ།།

རི་ཁྱུའི་ཉག་ག་བརྗིད་ཆགས་ཤིང་།།
སྤྲིན་གྱི་རྒྱ་མཚོ་རྒྱ་མཚོ་ཁུར།།
གནམ་ས་འདྲེས་པའི་བར་མཚམས་ན།།
དྭངས་གསལ་འོད་ཀྱི་ཟི་ར་འཚུབ།།

ཉི་མའི་འཛུམ་ཟེར་སྤང་ལ་འཁྱུད།།
བསིལ་འཇམ་རླུང་བུ་སྙིང་ལ་སིམ།།
གཙང་ཆབ་སྔོ་མོའི་འགྲམ་ཟུར་ན།།
ངང་བ་ཁྱུ་ཚོགས་གཏམ་རྒྱུད་སྒྲིག།

སྦྲང་ཆར་རྩྭི་ཤིང་རྒྱས་པའི་གཉེན།།
འཇའ་ཚོན་ལང་ཚོ་ངོམ་པའི་ཤུལ།།
གཟུགས་མེད་ཀུན་རྟོག་སྒྱུ་མའི་ངོར།།།
མི་རྟག་ཚེ་ཡི་གཉེར་མ་འཁྱིལ།།

ནགས་ཀྱི་ལྗོན་པ་གསར་བའི་ཚལ།།
བྱིའུ་ཆུང་འཇོལ་མོ་གླུ་གར་རོལ།།
སྙིང་གྲོཊ་རི་དྭཊ་བག་ཡངས་རྒྱུ།།
ཏིང་འཛིན་གླིང་བུ་རྣ་བར་འཇེབས།།

དྲན་འཛིན་ཟླ་འོད་སྲོད་ལ་ཉུལ།།
རང་བྱུང་ཁང་ཆུང་ཁུ་སིམ་གནས།།
ང་དང་ང་ཡི་མིང་ཚིག་ཚོགས།།
སོར་མོའི་རྩེ་རུ་ཡང་ཡང་འཁྱུག།

ཚེ་ནི་རྨི་ལམ་ཐེངས་གཅིག་སྟེ།།
ཡུན་རིང་རོལ་བའི་སྐལ་མེད་ཀྱང་།།
ལས་ཀྱིས་རྫོགས་ཚིག་མ་བྲིས་བར།།
དེ་སྲིད་མགུར་མའི་པང་དུ་འཁྱུད།།

སྨུག་པའི་རི་གྲོང་ཉམས་དགའ་རུ།།
རྒྱུད་དྲུག་པི་ཝང་དཀྲོལ་བའི་མི།། 
སྙན་ངག་གོམ་སྟབས་བསྒྱུར་ཐེངས་རེར།།
ང་ཡི་ནང་སེམས་ཅིག་ཅར་འཕྲོགས།།

སྲོད་ཀྱི་སྐར་ཕྲན་མིག་མཐར་ལྷུང་།།
རྣམ་ཤེས་ཁེར་རྐྱང་དབྱངས་སུ་འདྲེས།།
བས་མཐའི་འཇིག་རྟེན་གང་ཞིག་ནས།།
སེམས་ཉིད་དགའ་བའི་གླུ་ཞིག་བླངས།།
རྩོམ་སྒྲིག་པ། གངས་དགའ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟླ་དྲུག་པའི་རྨི་ལམ།

2026-07-27 འོད་འཛིན་མ།(ཆབ་མདོ) ཀློག་གྲངས། མཆན ཡོད།
ནོར་འཛིན་གཡུ་གཞོང་ཡངས་བའི་ཚལ།།
མེ་ཏོག་སྣ་ཚོགས་འདབ་བརྒྱ་གྲོལ།།
དུས་ཀྱི་སྣང་བརྙན་འཇམ་པ་འདི།།
ཡིད་ཅན་དགའ་བའི་གསོས་སུ་གྲུབ།།

རི་ཁྱུའི་ཉག་ག་བརྗིད་ཆགས་ཤིང་།།
སྤྲིན་གྱི་རྒྱ་མཚོ་རྒྱ་མཚོ་ཁུར།།
གནམ་ས་འདྲེས་པའི་བར་མཚམས་ན།།
དྭངས་གསལ་འོད་ཀྱི་ཟི་ར་འཚུབ།།

ཉི་མའི་འཛུམ་ཟེར་སྤང་ལ་འཁྱུད།།
བསིལ་འཇམ་རླུང་བུ་སྙིང་ལ་སིམ།།
གཙང་ཆབ་སྔོ་མོའི་འགྲམ་ཟུར་ན།།
ངང་བ་ཁྱུ་ཚོགས་གཏམ་རྒྱུད་སྒྲིག།

སྦྲང་ཆར་རྩྭི་ཤིང་རྒྱས་པའི་གཉེན།།
འཇའ་ཚོན་ལང་ཚོ་ངོམ་པའི་ཤུལ།།
གཟུགས་མེད་ཀུན་རྟོག་སྒྱུ་མའི་ངོར།།།
མི་རྟག་ཚེ་ཡི་གཉེར་མ་འཁྱིལ།།

ནགས་ཀྱི་ལྗོན་པ་གསར་བའི་ཚལ།།
བྱིའུ་ཆུང་འཇོལ་མོ་གླུ་གར་རོལ།།
སྙིང་གྲོཊ་རི་དྭཊ་བག་ཡངས་རྒྱུ།།
ཏིང་འཛིན་གླིང་བུ་རྣ་བར་འཇེབས།།

དྲན་འཛིན་ཟླ་འོད་སྲོད་ལ་ཉུལ།།
རང་བྱུང་ཁང་ཆུང་ཁུ་སིམ་གནས།།
ང་དང་ང་ཡི་མིང་ཚིག་ཚོགས།།
སོར་མོའི་རྩེ་རུ་ཡང་ཡང་འཁྱུག།

ཚེ་ནི་རྨི་ལམ་ཐེངས་གཅིག་སྟེ།།
ཡུན་རིང་རོལ་བའི་སྐལ་མེད་ཀྱང་།།
ལས་ཀྱིས་རྫོགས་ཚིག་མ་བྲིས་བར།།
དེ་སྲིད་མགུར་མའི་པང་དུ་འཁྱུད།།

སྨུག་པའི་རི་གྲོང་ཉམས་དགའ་རུ།།
རྒྱུད་དྲུག་པི་ཝང་དཀྲོལ་བའི་མི།། 
སྙན་ངག་གོམ་སྟབས་བསྒྱུར་ཐེངས་རེར།།
ང་ཡི་ནང་སེམས་ཅིག་ཅར་འཕྲོགས།།

སྲོད་ཀྱི་སྐར་ཕྲན་མིག་མཐར་ལྷུང་།།
རྣམ་ཤེས་ཁེར་རྐྱང་དབྱངས་སུ་འདྲེས།།
བས་མཐའི་འཇིག་རྟེན་གང་ཞིག་ནས།།
སེམས་ཉིད་དགའ་བའི་གླུ་ཞིག་བླངས།།
རྩོམ་སྒྲིག་པ། གངས་དགའ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།