འཛམ་གླིང་རྒྱ་ཁྱོན་རང་བྱུང་ཁམས་ཀྱི་ཐེབས་རྩ་ཚོགས་པ་ངོ་སྤྲོད་མདོར་བསྡུས།

 འཛམ་གླིང་རྒྱ་ཁྱོན་རང་བྱུང་ཁམས་ཀྱི་ཐེབས་རྩ་ཚོགས་པ། the world wide fund for nature(WWF) འདི་ནི་དང་ཐོག་ལིབ་ཕེས་བྷེ་སི་ཐྲེར་ཧྥེལ་ཌིའི་རྒྱལ་སྲས་བྷེ་རེན་ཧར་ཌི་ prince Bernhard of Lippe-Biesterfeld སོགས་ཀྱིས་ཕྱི་ལོ་༡༩༦༡ ཟླ་བ་༩ བའི་ནང་སུད་སིའི་མཚོ་འགྲམ་གྲོང་ཁྱེར་ Morges རུ་སྒོ་ཕྱེས། ཚོགས་པ་འདི་ལ་སྔོན་ཆད་ world wildlife fund འཛམ་གླིང་རི་སྐྱེས་སྐྱེ་དངོས་ཐེབས་རྩ་ཞེས་འབོད་ལ། རྒྱལ་སྤྱིའི་རྒྱལ་མཚམས་མེད་པའི་རྩ་འཛུགས་ཚོགས་པ་གལ་ཆེན་ཞིག་ཡིན་པར་མ་ཟད། འཛམ་གླིང་ནང་ཁོར་ཡུག་སྲུང་སྐྱོབ་ཐད་རང་རྐྱ་འཕེར་བའི་སྒྲིག་འཛུགས་ཀྱི་ཚོགས་སྡེ་ཆེ་ཤོས་དེའང་ཡིན། ད་ཆ་རྒྱལ་ཁབ་མ་འདྲ་བ་བརྒྱ་ལྷག་གི་ནང་ཚོགས་མི་དང་རྒྱབ་སྐྱོར་བ་བཅས་བསྡོམས་ན་མི་གྲངས་ས་ཡ་ལྔ་བརྒལ་ཡོད་པར་བཤད། ཐེབས་རྩའི་ཡོང་ཁུངས་ཕྱི་ལོ་༢༠༡༠ ལོ་ལ་ཆ་བཞག་ན་བརྒྱ་ཆ་༥༧% ཚོགས་པ་རང་ངོས་དང་ཤུལ་བཞག་ལས་ཡིན་ཞིང་། བརྒྱ་ཆ་ ༡༧% གཞུང་འབྲེལ་སོགས་ནས་ཡིན་ཏེ། དཔེར་ན་འཛམ་གླིང་དངུལ་ཁང་དང་། the world bank, རྒྱལ་སྤྱི་ཡར་རྒྱས་སྡེ་ཚན། DFID,ཨ་རིའི་རྒྱལ་སྤྱི་ཡར་རྒྱས་ལས་ཁང་USAID,དག་ཡིན།
ལས་གཞི་གཙོ་བོ་ནི་རང་བྱུང་ཁོར་ཡུག་གི་གནད་དོན་ལ་མཐོང་ཆེན་དང་། ཞིབ་འཇུག་གི་ལམ་ནས་སླར་གསོ་ཡོང་ཐབས་སུ་རི་རྒྱ་ཀླུང་བསྡམ་ལྟ་བུས་རང་བྱུང་ཁམས་ཆེན་པོའི་སྐྱེ་དངོས་རྩི་ཤིང་དང་། སྲོག་ཆགས་སྣ་ཚོགས། གངས་རི། འཁྱགས་རོམ། ནགས་ཚལ། རྩྭ་ཐང་། ན་འདམ། འབབ་ཆུ། མཚེའུ། གླིང་ཕྲན། མཚོ་བརྒྱུད་ས་ཁུལ་སོགས་སྲུང་སྐྱོབ་རྒྱུན་གཟུང་ཐུབ་ཐབས་བྱེད་ཀྱི་ཡོད་ལ། ཁོང་ཚོའི་ཆེད་ལས་ཏེ་འཇིག་རྟེན་ཐུན་མོང་གི་ཁོར་ཡུག་གཏོར་བཤིག་ཐེབས་མཚམས་ལས་ཕྱིར་ལྡོག་ཐབས་སུ་མཉམ་རུབ་ཀྱིས་ལས་དོན་སྒྲུབ་རྒྱུའི་རྣམ་གྲངས་ཁྲོད། རྩ་ཆེའི་སྲོག་ཆགས་དོམ་ཁྲའི་རྒྱུན་འཛིན་སྲུང་སྐྱོབ་ལྟ་བུས་མཚོན་གལ་གནད་ཆེ་བའི་ལས་གཞི་ཁག་ལག་བསྟར་ཐད་ཤུགས་བརྒྱབས་ནས་ཁོང་ཚོའི་ཕུགས་བསམ་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་ཀྱིན་པ་མ་ཚད། ཁྱད་པར་དུག་རྫས་ཀྱི་དུད་རླངས་སོགས་ལས་འབག་བཙོག་ཚབས་ཆེན་ཤོར་བའི་རྐྱེན་གྱིས་འཛམ་གླིང་གི་གནམ་གཤིས་རྒྱུན་ལྡན་མིན་པའི་ཚ་དྲོད་འཕེལ་བ་སྙོམས་སྒྲིག་སྐོར་སེམས་ཁྲལ་ཅི་བས་བྱེད་ཀྱི་ཡོད་ཟེར། དེང་སང་ཚོགས་པ་འདིས་ས་སྒང་རིལ་བོར་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་ཁྱབ་རྒྱ་ཇེ་ཆེར་གཏོང་གི་ཡོད་པ་བཅས་སོ། །
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཛམ་གླིང་རྒྱ་ཁྱོན་རང་བྱུང་ཁམས་ཀྱི་ཐེབས་རྩ་ཚོགས་པ་ངོ་སྤྲོད་མདོར་བསྡུས།

2013-04-25 ཐེ་བོ་སངས་རྒྱས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།