AI མིས་བཟོས་རིག་ནུས་ཀྱི་བྱུང་འཕེལ་དང་སེམས་ཁྲལ། ད་དུང་འུ་ཅག

  མིས་བཟོས་རིག་ནུས་ཞེས་པ་འདི་ཅི་ཞིག་ཡིན་ནམ། མིས་བཟོས་རིག་ནུས་ཞེས་པ་ནི་གསར་ཐོན་གྱི་ཐ་སྙད་ཅིག་རེད། མིས་བཟོས་རིག་ནུས་ཀྱི་གོ་དོན་མདོར་དྲིལ་ན། འཕྲུལ་ཆས་ཀྱིས་མིའི་རིགས་ཀྱི་བློ་གྲོས་ཆེས་མགྱོགས་པོའི་ངང་བེད་སྤྱོད་གཏོང་བའི་ལག་རྩལ་ཤིག་གམ་ནུས་པ་དེར་ངོས་འཛིན་ཆོག དཔེར་ན། སློབ་སྦྱོང་། གནད་དོན་ཐག་གཅོད། གསར་གཏོད་སོགས་འདུས།

  AI འམ་བོད་སྐད་དུ་མིས་བཟོས་རིག་ནུས་ཅེས་པའི་ཐ་སྙད་འདི་ཐོག་མར་དབྱིན་ཇིའི་སྐད་ཀྱི་སྟེང་ནས་Artificial Intelligenceའབོད་ཅིང་། AI ནི་དེའི་བསྡུས་འབྲི་རེད། འཚོལ་ཞིབ་བྱས་པ་ཡིན་ན་མིས་བཟོས་རིག་ནུས་ཀྱི་བྱུང་འཕེལ་ང་ཚོ་བར་ཐག་ཤིན་ཏུ་ཉེ་ཞིང་མིས་བཟོས་རིག་ནུས་འཕེལ་རྒྱས་ཀྱི་བགྲོད་ལམ་འུ་ཅག་གི་ལས་དབང་དང་ཕུགས་བསམ་ནི་དེ་བས་ཀྱང་གཤིབ་ནས་འགྲོ་བཞིན་པའི་ཚོར་བ་ཞིག་སྐྱེ། མིས་བཟོས་རིག་ནུས་འདི་ཐོག་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་ཙམ་ནས་གསར་རྙེད་ཀྱི་འགོ་བརྩམས་འདུག་ཅིང་། སྐབས་དེར་རྟགས་རིས་( 符号)ཀྱི་མཚོན་ཐབས་བེད་སྤྱད་ནས་རིག་ལམ་འཚོལ་ཞིབ་ཚོད་ལྟ་བྱས་པ་ཞིག་རེད། ལོ་རབས་80ནས་དུས་རབས་ཉེར་གཅིག་གི་འགོ་བར་འཕྲུལ་ཆས་ཞིབ་འཇུག་དང་དབང་རྩའི་ཚན་རིག་ལ་དང་དོད་བྱེད་མཁན་ཇེ་མང་དུ་གྱུར་བས། སྐབས་དེར་མིས་བཟོས་རིག་ནུས་ཀྱི་སྒྲིག་རིམ་དང་རྩི་ཐབས་གསར་བ་བྱུང་ལ། དཔེར་ན། ཡིག་སྒྱུར་འཕྲུལ་ཆས་དང་། གློག་ཀླད་མིག་ཤེས་སོགས་བྱུང་། 2020ནས་མིས་བཟོས་རིག་ནུས་འཕེལ་རྒྱས་མངོན་གསལ་དང་ཇེ་མགྱོགས་ཀྱི་རྣམ་པ་ལྟ་བུ་ཞིག་བྱུང་བར་འདོད་མཁན་མང་། སྐབས་དེ་ནས་དྲྭ་བའི་བཀོལ་རྒྱབ་གཞི་ཁྱོན་ཆེ་བ་དང་བསྟུན། གློད་ཀླད་ཀྱི་བྱེད་ནུས་ཧ་ཅང་མང་། དེ་བཞིན་གཞི་གྲངས་འབེལ་ཐག་ཆོད་བྱུང་བས་མིས་བཟོས་རིག་ནུས་ལ་སྔར་མེད་ཀྱི་འཕེལ་རྒྱས་གསར་བ་བྱུང་། དཔེར་ན། open AI ཚང་གི་GPT་མ་ལག་དང་ གུ་གུལ་གྱི་BERTགྱི་རིགས་ལྟ་བུ་ནི་མིས་བཟོས་རིག་ནུས་ཐོད་རྒལ་བྱུང་བ་དང་། འགྱུར་ལྡོག་གསར་བ་ཞིག་ཏུ་སླེབས་ཚར་བའི་མཚོན་རྟགས་སུ་གྱུར།
  
      མིས་བཟོས་རིག་ནུས་ཀྱིས་ཅི་ཞིག་སྒྲུབ་ནུས།
  
      མིས་བཟོས་རིག་ནུས་ཀྱིས་ཅི་ཞིག་སྒྲུབ་ནུས་ཟེར་ན། དེ་ནི་ཞིབ་འཇུག་དང་གསར་གཏོད་ཀྱི་འགྲོས་དང་བསྟུན་ནས་རིགས་གང་མང་ལ་འཕེལ་བ་ཞིག་ཡིན་མོད། མིག་སྔར་རིགས་ཆེན་པོ་ལྔ་ཙམ་གྱི་ནང་དུ་དབྱེ་སྲོལ་ཡང་འདུག
   
      དང་པོ། ཐོན་སྐྱེད་ལས་ཕྱོད་ལྡབ་མང་པོའི་ཆེ་རུ་གཏོང་། དཔེར་ན། ཕྱོགས་གཅིག་ཁོའི་རང་འགུལ་ངང་རྣམ་ཤེས་ཞིག་ཡོད་པ་ལྟར་དུ་བཟོ་སྐྲུན་དང་ཞིང་ལས་ལས་རིགས་ཁྲོད་ཀྱི་བསྐྱར་མ་ཅན་གྱི་ཐོན་སྐྱེད་མུ་འབྲེལ་ཅན་མང་པོ་ལས་ཕྱོད་མཐོན་པའི་ངང་སྒྲུབ། གཞན་གཞི་གྲངས་མང་པོ་དབྱེ་ཞིབ་མྱུར་མོར་བྱེད་ཐུབ། དཔེར་ན་ཁེ་ལས་སྡེ་ཚན་གང་རུང་གི་ཁྲོམ་རའི་དགོས་མཁོའི་ཚད་དང་ཉེན་ཁར་གདོང་གཏད་ཐབས། མགྲོན་པར་ཞབས་ཞུ་སོགས་མྱུར་ཚད་མགྱོགས་པོའི་ངང་ཐག་ཆོད།
  གཉིས་པ། མིས་བཟོས་རིག་ནུས་ཚན་རྩལ་གསར་གཏོད་སྐུལ་སློང་ངེས་ཅན་བྱེད་ཐུབ། ཕྱོགས་གཅིག་ནས་ནད་པ་གང་རུང་གི་གནས་ཚུལ་རྒྱུས་ལོན་གྱིས་སྨན་བཅོས་བྱེད་ཅིང་། དངུལ་རྩིས་ཉེན་ལམ་ཚོད་རྩིས། མི་གཤིས་སློབ་གསོ་སོགས་ལམ་སྟོན་བྱེད། གཞན་དཔེར་ན། མིས་བཟོས་རིག་ནུས་ཀྱིས་སྐྱེ་དངོས་ལག་རྩལ་དང་ནུས་ཁུངས་ལག་རྩལ་སོགས་རིག་ཚན་གཞན་པ་དག་ལ་མཉམ་ལས་དང་ཟབ་ཞུགས་ཀྱི་ནུས་བ་འདོན་ཐུབ།
  གསུམ། མིས་བཟོས་རིག་ནུས་ཀྱིས་འཚོ་བ་སྟབས་བདེ་དང་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ་ཅིང་། དཔེར་ན་ཁྱིམ་ཆས་དང་འགྲིམ་འགྲུལ་ལས་རིགས་ཁྲོད་དུ། རིག་ནུས་ཀྱི་དྲོད་སྙོམས་ཆས་དང་བ་མ། གོས་འཁྲུད་ཆས་ལྟ་བུ། ཡང་ན་ཁ་ལོ་བ་མི་དགོས་པའི་རླངས་འཁོར་སོགས་མང་།
  བཞི། མིས་བཟོས་རིག་ནུས་ཀྱིས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་རམ་འདེགས་ངེས་ཅན་སྒྲུབ་ཐུབ་ཅིང་། དཔེར་ན། མིས་བཟོས་རིག་ནུས་ཀྱིས་སྨན་བཅོས་ལག་ལེན་ཐུབ་པ་དང་བསྟུན། སྨན་ཁབ་གསར་གཏོད་དང་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ལེགས་བཅོས་བྱེད། མི་སྡེ་བདེ་ཐང་ཅན་དུ་གཏོང་། གཞན་ཁོར་ཡུག་གི་ཐད་དུ་མིས་བཟོས་རིག་ནུས་ཀྱི་ལྟ་སྐུལ་དང་སྔོན་དཔག་གིས་མིས་ཐོན་ཁུངས་སྔོག་འདོན་དང་སོགས་ཐབས་ལམ་ལེགས་ཤོས་བཏོན་ནས། རྒྱུན་མཐུད་ཀྱི་འཕེལ་རྒྱས་ལ་རོགས་རམ་བྱེད་ཐུབ།
  མིས་བཟོས་རིག་ནུས་ནི་ལག་རྩལ་གང་དག་གིས་གྲུབ་ཟེར་ན།
  དེ་ནི་ཁྱབ་ཁོངས་རིགས་ལྔ་ཡིས་གྲུབ་ཅིང་། གཅིག གློད་ཀླད་ཀྱི་མིག་ཤེས་ནུས་བ། ལག་རྩལ་འདིས་གློག་ཀླད་ལ་མིག་ཡོད་པ་བཞིན་བྱ་དངོས་དང་ཡི་གེ་ངོས་འཛིན། རྗེས་འདེད། ཚད་འཇལ། རིས་དབྱིབས་ཐག་གཅོད་སོགས་ཀྱིས། དཔེར་ན། ཁ་ལོ་བ་མེད་པའི་འཁོར་དང་། མི་མེད་བརྙན་ལེན་གནམ་གྲུ། བརྟག་ཤོག་གི་པར་རིས་སོགས་ལ་བྱེད་ནུས་འདོན།
  གཉིས། སྐད་བརྡ་ངོས་འཛིན་གྱི་ནུས་བ། ལག་རྩལ་འདི་ནི་འཕྲུལ་ཆས་ཀྱི་ངོས་འཛིན་ལ་བརྟེན་ནས་མིའི་སྐད་བརྡའི་ནང་དོན་གོ་བ་ལེན་པའི་ནུས་བར་ཟེར། དཔེར་ན། ལག་རྩལ་འདིའི་བསྐྱེད་འབྲས་ཀྱིས། ཡིག་སྒྱུར་དང་ཁྱིམ་ཆས་ཀྱི་ཐོན་རྫས་གང་རུང་མིའི་འབོད་སྐུལ་ཙམ་གྱིས་རང་འགུལ་ངང་ལས་ཀ་བྱེད་པར་གོ་ལ། ལག་རྩལ་འདི་ནི་མི་དང་འཕྲུལ་ཆས་ཀྱི་འབྲེལ་མཐུད་ཀྱི་ཟམ་པ་གལ་ཆེན་ཞིག་རེད།
  གསུམ། རང་བྱུང་གི་སྐད་བརྡ་ངོས་འཛིན། འདི་ནི་མིས་རིགས་ཀྱི་སྐད་རིགས་འདྲ་མིན་གྱི་ནང་དོན་ལ་གོ་བ་ལེན་པ་དང་བརྗེ་རེས་བྱེད་པར་གོ དཔེར་ན། འཕྲུལ་ཆས་ཀྱིས་སྐད་རིགས་འདྲ་མིན་ཕན་ཚུན་བར་མྱི་ནང་བཞིན་གོ་བ་ལེན་ཐུབ། འདིས་མིའི་རིགས་ཀྱིས་རང་ཉིད་སྐད་ལ་བརྟེན་ནས་གློག་ཀླད་བེད་སྤྱོད་དང་། སྐད་རིགས་འབེལ་བའི་གཞི་གྲངས་ཀྱི་མཛོད། འཚོལ་བཤེར་དང་ཡིག་སྒྱུར་མ་ལག་(系统) ལ་རམ་འདེགས་ངེས་ཅན་འོང་།
  བཞི། རྩིས་འཕྲུལ་གྱི་སློབ་སྦྱོང་། འདི་ནི་རྩིས་འཕྲུལ་མི་ཡིན་པ་ལྟར་རྩིས་འཕྲུལ་གྱིས་ཤེས་བྱ་དང་ལག་རྩལ་གསར་བ་སློབ་སྦྱོང་བྱེད་ལ་ཟེར། ནུས་པ་འདི་ནི་གཞི་གྲངས་རྩི་བ་དང་། གློག་ཀླད་ཀྱི་མིག་ཤེས་ནུས་བ། སྐད་རིགས་འདྲ་མིན་གྱི་ནང་དོན་བརྒྱུད་སྤྲོད་ལ་ཕན་ཐོགས་ངེས་ཅན་ཡོད།
  མིས་བཟོས་རིག་ནུས་ཀྱི་མདུན་དུ་ལྷག་པའི་མིའི་རིགས་ཀྱི་འགྲན་རྩོད་དང་སེམས་ཁྲལ།
  མིས་བཟོས་རིག་ནུས་ནི་ཉེ་དུས་ཀྱི་ཚན་རྩལ་གསར་བརྗེ་ཞིག་ཏུ་ངོས་འཛིན་ཆོག་ཅིང་། མིས་བཟོས་རིག་ནུས་ནི་མིའི་རིག་ནུས་ལས་མྱུར་ཚད་ཧ་ཅང་མཐོ་བས། འདིས་མིའི་རིགས་ཀྱི་འཕེལ་རྒྱས་བྱ་གཞག་ལ་སྔར་མེད་ཀྱི་གསོན་ཤུགས་གསར་བ་ཞིག་སྩོལ། རྒྱལ་ཁབ་མི་རིགས་སོ་སོའི་མི་སྡེའི་གནས་སྟངས་ལམ་གསར་བ་ཞིག་ཏུ་ཁྲིད་འགྲོ། མིག་སྔར། མིས་བཟོས་རིག་ནུས་འཕྲུལ་མྱི་དང་། མིས་བཟོས་རིག་ནུས་སྨན་བཅོས་དང་འགྲིམ་འགྲུལ། ཁ་པར་སོགས་སྤྱི་ཚོགས་འཚོ་བའི་འཕེལ་རྒྱས་དམིགས་བསལ་ཐོད་རྒལ་ཅན་དུ་འཕེལ་ཐུབ། དེ་བཞིན། རིག་གནས་དཔལ་ཡོན་སྲོལ་རྒྱུན་ཅན་གྱི་གནས་སྟངས་ལས་བརྒལ་ཐུབ་མེད་པའི་མི་རིགས་དང་རྒྱལ་ཁབ་དག་ལ་བརྡབ་སྐྱོན་གསར་བ་སླེབས་ངེས།
  འུ་ཅག་བོད་ཀྱི་རིག་གནས་དང་འཕེལ་རྒྱས་མིའི་བཟོས་རིག་ནུས་ཀྱི་མདུན་དུ་གོ་སྐབས་གསར་བ་ཞིག་བརྩོན་ལེན་བྱེད་པའི་དུས་དང་ཡང་ན་ཉེན་ཁའི་གནས་སྟངས་གསར་བ་ཞིག་ལ་འཕྲད་ཚར། བོད་ཀྱི་རིག་གནས་ཆེ་ཆུང་ཚང་མ་བཀོལ་ཁྱབ་ཀྱི་རིན་ཐང་ཧ་ཅང་ཆེ་ལ། ལོ་རྒྱུས་ཆུ་རྒྱུན་གྱིས་གསོས་བ་དང་སྤུས་ཚད་ཧ་ཅང་མཐོ་བའི་རིག་གནས་ཀྱི་མཛོད་ཆེན་པོ་འདིས་འཐུས་ཚང་བའི་མིས་བཟོས་རིག་ནུས་ཤིག་གྲུབ་ཐུབ་ན། མ་འོངས་པར་སློབ་སྦྱོང་བ་དག་གི་དགོས་མཁོ་ཆེན་པོར་འགྱུར་ངེས་ལ། སྐབས་དེར་བོད་ཀྱི་སྐད་དང་རིག་གནས་ནི་ཁྲོམ་རར་སྤུས་ལེགས་པའི་ཐོན་རྫས་བཞིན་ཕྱོགས་བཞིའི་འཛད་སྤྱོད་པ་དག་གིས་བོད་ཀྱི་རིག་གནས་ཧམ་ཐོབ་ངང་བསྡུ་ལེན་བྱེད་པའི་དུས་ཤིག་ཀྱང་ཤར་ངེས། དེ་ལས་ཀྱང་བསམ་དགོས་པ་ཞིག་ལ་གལ་ཏེ་རིག་གནས་རྒྱུད་འཛིན་ལ་གཞོལ་མ་ཐུབ་ན་མིས་བཟོས་རིག་གནས་ཀྱི་མདུན་དུ་འུ་ཅག་ཡིད་ཕངས་བའི་ད་ཕྲུག་ཅིག་ཏུ་གྱུར་ན་ཐང་།
  གཞན་མིས་བཟོས་རིག་ནུས་ཀྱི་བྱུང་འཕེལ་དང་སྦྲགས། མིའི་ལ་སེམས་ཁྲལ་གསར་བ་སྤྲད་ཚར། 2024 ལོའི་འཛམ་གླིང་དཔལ་འབྱོར་ལྡིངས་ཆའི་བཏོན་པའི་《གོ་ལའི་ཉེན་ཁའི་སྙན་ཞུ2024》ནང་དུ་མིས་བཟོས་རིག་ནུས་ཀྱི་ཉེན་ཁ་ཨང་དང་པོར་བདམ། མིས་བཟོས་རིག་ནུས་ཀྱི་ཉེན་ཁ་གཙོ་བོ་ནི།
  གཅིག མིའི་སྟངས་འཛིན་ལས་བརྒལ་བའི་ཉེན་ཁ། དེ་ནི་མིའི་བཟོས་རིག་ནུས་ཀྱི་རྙོག་འཛིང་གི་མ་ལག་དང་རང་འགུལ་གྱི་རང་བཞིན་ཇེ་ཆེར་སོང་ནས་མིའི་སྟངས་འཛིན་ལས་བརྒལ་བའི་སྣང་ཚུལ་དུ་ངོས་འཛིན་དཔེར། མིས་བཟོས་རིག་ནུས་ལ་རླངས་འཁོར་གྱི་ཁ་ལོ་བྱེད་དུ་བཅུག་རྗེས། རིག་ནུས་ཀྱི་གཞི་གྲངས་ནོར་འཁྲུལ་ཅན་བརྒྱུད་སྤྲོད་བྱས་ཚེ་གེགས་རྐྱེན་འབྱུང་བ་ལྟ་བུ།
  གཉིས། གཞུང་ལུགས་རང་བཞིན་གྱི་ནོར་འཁྲུལ་ཉེན་ཁ། མིས་བཟོས་རིན་ནུས་ཀྱིས་སྨན་བཅོས་ནོར་འཁྲུལ་ཅན་དང་དང་དམག་དོན། མིའི་བདག་དབང་སོགས་ཁྲིམས་ལུགས་ཀྱི་ནང་དོན་ལས་འདས་པའི་བསམ་ཚུལ་དང་གྲུབ་འབྲས་འབྱུང་ངེས།
  གསུམ། གསང་བ་དང་གཞི་གྲངས་བདེ་འཇགས་ཀྱི་ཉེན་ཁ། དེ་ནི་མིས་བཟོས་རིག་ནུས་ཀྱིས་གཞི་གྲངས་ཕོན་ཆེན་པོ་ཕན་ཚུན་སྦྱོང་བརྡར་དང་བརྒྱུད་སྤྲོད་བྱ་དགོས་པས། བརྒྱུད་རིམ་དེར་རིག་ནུས་ཀྱིས་ལྟ་སྐུལ་དང་ཚོད་འཛིན་ཁྲོད་མི་སྒེར་གྱི་གསང་བ་དང་གཞི་གྲངས་ལ་ཕོག་ཐུག་ངེས་ཅན་འོང་།
  བཞི། ལས་ཤོར་གྱི་ཉེན་ཁ་འབྱུང་། དེ་ནི་མིས་བཟོས་རིག་ནུས་ཀྱིས་སྲོལ་རྒྱུན་ངལ་རྩོལ་གྱི་ལས་སྟངས་མང་པོ་རང་འགུལ་རང་བཞིན་ཅན་དུ་བསྒྱུར་བས་མིའི་ལས་ཀ་རང་བཞིན་གྱིས་མེད་འགྲོ།
  ལྔ། གཟི་བོ་འདྲ་མཉམ་མིན་པའི་ཉེན་ཁ། མིས་བཟོས་རིག་ནུས་ཀྱིས་དཔྱད་རྩོམ་རྫུན་མ་དང་གླེང་བརྗོད་འདྲ་མཉམ་མིན་པ། ཆ་འཕྲིན་རྫུན་མ་མཁོ་སྤྲོད་བྱེད་ཐུབ། དྲུག མིས་བཟོས་རིག་ནུས་ཀྱིས་ཆེད་དུ་མ་ལག་གཞན་ལ་གཏོར་སྐྱོན་གཏོང་ཐུབ་ཅིང་འདིས་མིའི་འཚོ་བ་དང་སྤྱི་ཚོགས་ཀྱི་སྒྲིག་གཞི་ལ་ཤུགས་རྐྱེན་གཏོང་ངེས།

  ད་ལྟ་གོ་ལའི་སྒང་དུ་མིའི་བཟོས་རིག་ནུས་ནི་ཚན་རྩལ་སྡེ་ཚན་མང་པོའི་རེ་སྙེགས་བྱེད་ས་དང་། དེང་རབས་ཅེས་པའི་ཐ་སྙད་ཀྱི་གདགས་གཞི་གསར་བ་ཞིག་གི་འགྲེལ་བཤད་དུའང་འགྲོ་ཐུབ་སྙམ་པས། མིས་བཟོས་རིག་ནུས་ཀྱི་ཚན་རྩལ་རྣམ་གྲངས་འདི་ཐོབ་རྒྱུ་ནི་རྒྱལ་ཁབ་དང་མི་རིགས་སོ་སོའི་འགྲན་རྩོད་ཆེ་ཤོས་ཤིག་ཏུ་འགྱུར་བཞིན་འདུག འུ་ཅག་ནི་ད་དུང་འདས་ཟིན་པའི་མ་འཇོན་པར་འཁེངས་ར་བྱེད་ཅིང་། མི་སྒེར་བའི་ལྟ་གྲུབ་དང་རིང་ལུགས་ཀྱི་འཛིན་འཚམས་བརྩད། གཞུང་ལུགས་ལད་ཟློས་བསྐྱར་ཟློས་ཅན་མཁས་པ་མི་སྡེའི་གོང་དུ་བུད་དེ་སྣེ་ཁྲིད་ནས་བསྡད། དྲྭ་རྐུན་དང་དྲྭ་ཇག དྲྭ་འབུ་ཐང་མར་བརྡལ་བའི་སྤྱི་ཚོགས་ནང་དུ་ལུས། རེད་དེ། ཕྱི་ཡུལ་གྱི་ཉེན་ཁ་གཙིགས་འཛིན་དང་དོ་སྣང་མེད་པར་བྱས་ན། ཧ་ཅང་སྐྱི་གཡའ་བའི་ལོ་རྒྱུས་ཀྱི་སྐྱོ་གར་ཞིག་འཁྲབ་ཨེ་འགྲོ་ཨང་།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

AI མིས་བཟོས་རིག་ནུས་ཀྱི་བྱུང་འཕེལ་དང་སེམས་ཁྲལ། ད་དུང་འུ་ཅག

2025-01-19 སོ་དམག ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།