ནམ་མཁའ་མཚོ་མོ།

རི་ཕྱོར་འབྲུག་འབུམ།(བྲག་དཀར) 琼迈文学网 2025-01-20

1
     
ནམ་མཁའ་མཚོ་མོའི་ལ་གཞས་ཅིག་ལས་ནམ་མཁའ་མཚོ་མོ་རྙེད་པས
ནམ་མཁའ་མཚོ་མོའི་ལ་གཞས་ཅིག་གིས་ང་ཡི་སེམས་པ་ཕྲོགས་སོང

ངས་སྲོག་གིས་བཟོས་པའི་ཐ་སྙད་དག་བསྒྲིགས་ཏེ
ནམ་མཁའ་མཚོ་མོ་གཞས་ཚིག་ཅིག་གི་ནང་དུ་བཅུག

སྐད་འཕྲིན་ལས་ལབ་གླེང་ཉུང་དྲགས་ཀྱང་
ནམ་མཁའ་མཚོ་མོའི་སྐད་ཆར་བསྐྱར་ཉན་ནས་བསྐྱར་ཉན་བྱས
ལ་གཞས་དག་ལ་བསྐྱར་ཉན་ནས་བསྐྱར་ཉན་བྱས

གླང་རྫིའི་དོར་ཐུང་དང
རས་ཀྱི་ནུ་ཐུམ
གཡང་ཌིའི་རྣ་ལུང་གི་ལེགས་སྐྱེས་སོགས་ལ
བདག་པོ་བརྒྱབ་སྟེ
མོའི་འཚོ་བའི་སྐད་ཅིག་མ་རེ་རེར་སྐྱིད་སྣང་སྟེར་དགོས

ཐོ་ཡོ་ཐ་ཡི་རྟགས་མའི་མོ་ཊའི་ནང་བུད་ནས
གནའ་མཁར་ཟི་ལིང་གི་གློག་བརྙན་ཁང་ནས
ཉི་ཧོང་གི་གློག་བརྙན་དག་ལ་མཉམ་གཅིག་ཏུ་བལྟ་འདོད

དགུན་གཞུང་གི་ཟི་ལིང་ནས
མཉམ་གཅིག་ཏུ་མངར་ཇའང་བཏུང་འདོད

2
གླིང་གེ་སར་དང་འབྲུག་མོའི་ལྷ་སྒྲུང་ཀློག་མཁན་དང
རི་ཀླུང་གི་ལྷིང་འཇགས་ལ
ལ་གཞས་ཀྱི་གཟུངས་སྔགས་འཇོག་མཁན
ནམ་མཁའ་ལྷ་མོ་མ་རེད
མཚོ་ནང་ཀླུ་མོ་མ་རེད
འབྲོག་མོ་རེད
འབྲོག་མོ་ནམ་མཁའ་མཚོ་མོ་རེད
ལ་གཞས་ཀྱི་ཁ་ཚིག་དག་པའི་ནམ་མཁའ་མཚོ་མོ་རེད
ལ་གཞས་ཀྱི་འགྱུར་ཁུགས་སྙན་པའི་ནམ་མཁའ་མཚོ་མོ་རེད

ཨ།  ནམ་མཁའ་མཚོ་མོ
ནམ་མཁའ་མཚོ་མོའི་ལ་གཞས་དབྱངས་ཀྱི་གཤོག་པ་རུ་གྱུར
གངས་རིའི་དབུ་འཕང་མཐོ་ནས་མཐོ་རུ་བསྟད

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ནམ་མཁའ་མཚོ་མོ།

2025-01-20 རི་ཕྱོར་འབྲུག་འབུམ།(བྲག་དཀར) ཀློག་གྲངས། མཆན ཡོད།

1
     
ནམ་མཁའ་མཚོ་མོའི་ལ་གཞས་ཅིག་ལས་ནམ་མཁའ་མཚོ་མོ་རྙེད་པས
ནམ་མཁའ་མཚོ་མོའི་ལ་གཞས་ཅིག་གིས་ང་ཡི་སེམས་པ་ཕྲོགས་སོང

ངས་སྲོག་གིས་བཟོས་པའི་ཐ་སྙད་དག་བསྒྲིགས་ཏེ
ནམ་མཁའ་མཚོ་མོ་གཞས་ཚིག་ཅིག་གི་ནང་དུ་བཅུག

སྐད་འཕྲིན་ལས་ལབ་གླེང་ཉུང་དྲགས་ཀྱང་
ནམ་མཁའ་མཚོ་མོའི་སྐད་ཆར་བསྐྱར་ཉན་ནས་བསྐྱར་ཉན་བྱས
ལ་གཞས་དག་ལ་བསྐྱར་ཉན་ནས་བསྐྱར་ཉན་བྱས

གླང་རྫིའི་དོར་ཐུང་དང
རས་ཀྱི་ནུ་ཐུམ
གཡང་ཌིའི་རྣ་ལུང་གི་ལེགས་སྐྱེས་སོགས་ལ
བདག་པོ་བརྒྱབ་སྟེ
མོའི་འཚོ་བའི་སྐད་ཅིག་མ་རེ་རེར་སྐྱིད་སྣང་སྟེར་དགོས

ཐོ་ཡོ་ཐ་ཡི་རྟགས་མའི་མོ་ཊའི་ནང་བུད་ནས
གནའ་མཁར་ཟི་ལིང་གི་གློག་བརྙན་ཁང་ནས
ཉི་ཧོང་གི་གློག་བརྙན་དག་ལ་མཉམ་གཅིག་ཏུ་བལྟ་འདོད

དགུན་གཞུང་གི་ཟི་ལིང་ནས
མཉམ་གཅིག་ཏུ་མངར་ཇའང་བཏུང་འདོད

2
གླིང་གེ་སར་དང་འབྲུག་མོའི་ལྷ་སྒྲུང་ཀློག་མཁན་དང
རི་ཀླུང་གི་ལྷིང་འཇགས་ལ
ལ་གཞས་ཀྱི་གཟུངས་སྔགས་འཇོག་མཁན
ནམ་མཁའ་ལྷ་མོ་མ་རེད
མཚོ་ནང་ཀླུ་མོ་མ་རེད
འབྲོག་མོ་རེད
འབྲོག་མོ་ནམ་མཁའ་མཚོ་མོ་རེད
ལ་གཞས་ཀྱི་ཁ་ཚིག་དག་པའི་ནམ་མཁའ་མཚོ་མོ་རེད
ལ་གཞས་ཀྱི་འགྱུར་ཁུགས་སྙན་པའི་ནམ་མཁའ་མཚོ་མོ་རེད

ཨ།  ནམ་མཁའ་མཚོ་མོ
ནམ་མཁའ་མཚོ་མོའི་ལ་གཞས་དབྱངས་ཀྱི་གཤོག་པ་རུ་གྱུར
གངས་རིའི་དབུ་འཕང་མཐོ་ནས་མཐོ་རུ་བསྟད

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།