ཁྱོད་གདོང་ལག་པས་བཀབ་སྟེ་བགད་བྱུང་།
ཁྱོད་གདོང་ལག་པས་བཀབ་སྟེ་བགད་བྱུང
ཤིན་ཏུ་གྲང་བའི་ཕྱི་རོལ་གྱི་གནམ་གཤིས
རྔུལ་ཆུ་ཐིགས་པ་གཅིག་ཏུ་གྱུར་ཏེ་ངའི་སྐྲ་འདབས་ནས་སར་ལྷུང
ཁྱོད་་གདོང་ལག་པས་བཀབ་སྟེ་བགད་བྱུང
ང་དགོད་འདོད་ཀྱང་དགོད་སྒྲ་མ་བྱུང
ངས་རང་མདུན་གྱི་མེ་ལོང་ནང་བལྟས་ཚེ
ངའི་མིག་གཉིས་ཁྱོད་ལུས་ཀྱི་ཆུ་མོའི་ནང་ལྷུང་འདུག
ཁྱོད་གདོང་ལག་པས་བཀབ་སྟེ་བགད་བྱུང
ངས་ཁྱོད་བྱིས་དུས་ཀྱི་རྩེད་རྡོ་ཞིག་ལ་མཐོང
ངས་ཁྱོད་ཀྱི་ཚབ་ཏུ
སླར་ཡང་རང་ཉིད་ལ་སྙིང་གཏམ་འགའ་བཤད་འདོད་སྐྱེས
ཁྱོད་གདོང་ལག་པས་བཀབ་སྟེ་བགད་བྱུང
སྐབས་དེར་འུ་གཉིས་སོ་སོ་ན་མི་འདུག
ཁྱོད་ཕར་ཙམ་བྲོས་པས
ངས་ད་གཟོད
འུ་གཉིས་གློག་སྐུད་སྟེང་གི་བྱེའུ་གཉིས་ལ་གྱུར་ཏེ་སོ་སོར་འཕུར་བ་མཐོང
2020 1 12
ཚེ་སྲོག
ངེས་པ་མེད་པར་རྒྱང་རིང་ནས་ནུར་འོང་བའི་དུག་སྦྲུལ་གྱིས
ང་ལ་བལྟས་ཏེ་འཛུམ་ཙམ་བྱས་ཤིང
རྒྱང་རིང་དུ་ནུར་སོང
ཁོའི་མཇུག་མས་ངའི་ནམ་མཁར་ནག་ཐིག་བྲིས
ཁོའི་མིག་གིས་ངའི་ལམ་གྱི་རྡོ་བ་བསལ
ངས་སྒྲུང་ཞིག་བྲིས་རྗེས
དེའི་ནང་དུ་དུག་སྦྲུལ་དང་ང་གཉིས་ཀ་བཅུག
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།