སྟ་རེས་ཤིག་དཀྲོངས་ཚུལ།*

གཙང་མེ་སྟག(ལྷ་ས) 琼迈文学网 2025-04-24
                           ----ཨུ་རུ་སུའི་གྲགས་ཅན་རྩོམ་པ་པོ་ཌོ་སི་ཊོ་ཡེ་ཝ་སི་ཀིའི《ཉེས་པ་དང་ཆད་པ》ཞེས་པ་བལྟས་རྗེས་ཀྱི་མྱོང་སྣང་སྙན་ངག་ལམ་ནས་མཚོན་པར་བྱེད་པ།

               1
སྟ་རེ་རྣོན་པོ་ཞིག་གནམ་ལ་འདེགས་ཞོར
ལྕམ་སྲིང་གཉིས་ཀྱི་མགོ་བོ་དུམ་བུར་གཏུབས

དངངས་འཚབ་དང་གཏུམ་སྤྱོད་ཀྱི་དོ་ར
རྐྱེན་ངན་དང་རླུང་རྟ་ཡི་ཐོབ་ཤོར
ཕྱོགས་དུས་ཀུན་ཀྱང་རེ་ཞིག་ཁྲག་རྩི་ལྟར་སྙལ
           
               2
གློ་བུར་འཇིག་རྟེན་ཧྲིལ་པོ
སྐྱེས་པ་ཞིག་གིས་སྒལ་བར་ཁྱེར་འགྲོ
ཉིན་སྲིབ་གྲངས་མེད་ལ་འཁུན་སྒྲ་དང་བཅས
གསང་བ་ལྐོག་འགྱུར་ཞིག་གི་ཕྱིར
རང་ཉིད་ལ་ཚ་འདྲི་ནན་པོ་གཏོང

               3
སེམས་ཀྱི་བུ་ག་ནས་འཕྱུར་འོང་བའི་དུ་ཞག་ནག་པོས
གྲོང་ཁྱེར་དེའི་མཁའ་དབུགས་དེ་བས་གུ་དོག་པར་བྱེད
མི་གཤིས་ཀྱི་གཙང་པོའི་རབ་ཁ་ནས་རྡོལ་བའི་རྦ་རླབས
འཚོ་བའི་མཐོང་སྣེ་སྣ་ཚོགས་ནས་ཆལ་ཆིལ་དུ་ལུད
དེ་དག་ནི ཨུ་རུ་སུའི་རྒྱལ་པོའི་ཕོ་བྲང་གི
སྒེའུ་ཁུང་རེ་རེ་དང་འདྲ་ལ གྲོང་ཁྱེར་དེའི
གྲུ་ཟུར་ཁག་གི་དགོང་མོའི་མཚམས་སྤྲིན་དང་མཉམ
                 
                 4
གནའ་བོའི་གངས་འདབས་རལ་བོ་འདི་ནས
མི་གཤིས་གཉུག་མའི་གླུ་དབྱངས་དེར་སེམས་པ་བླག་ཚེ
རུས་རྐང་གི་གསེང་སྲུབས་ནས་ཐོན་པའི་དབྱངས་སྙན་ལ་ཉན་ཚེ
རྒྱ་སེ་མེ་ཏོག་རྐང་གཅིག་དང་འདྲ་བའི་རླབས་ཆེན་གྱི་བརྩམས་ཆོས་དེ་དང་འཕྲད་པ
བསོད་ནམས་ཀྱི་བགོ་སྐལ་འཁྲུལ་མེད་དུ་རློམས་ཏེ
དགའ་སྐྱོ་ཟུང་འབྲེལ་གྱི་འཆི་མ་ཡང་ཡང་ཐིགས་དགོས་བྱུང

གློ་བུར  ངས་ཙོང་ཁ་པའི་ཞལ་ཆེམས་དྲོན་མོ་དེའང་ལྷང་ངེར་དྲན
གནམ་ལྕགས་འབར་བ་ལྟ་བུའི་གླེགས་བམ་དག་མིག་ལམ་དུ་འཁོར

                     5

སྡིག་བཤགས
ཤི་ཕོ་ལི་ཡའི་མཐའ་གྲོང་གི་བཙོན་རའི་འཚོ་བ
སྒྲིབ་སྦྱོང
ཡུལ་དུས་ངེས་མེད་ཀྱི་སྟོབས་བཞིའི་སྒྲུབ་པ་ཉམས་ལེན

                   6

དུས་ཚོད་རློན་པ་དེའི་ཁུད་ན
ཆོས་ཐམས་ཅད་སྒྱུ་མར་ཤེས་པའི་རྟོག་གེ་པ་ཞིག
ད་དུང འཚོ་ཚིས་ཀྱི་སྒོ་ཐེམ་ན་འཕྱང་མོ་ཉུག་ཏུ་ལུས
གློ་བུར ཐོ་སི་ཐོ་ཡེ་ཧྥུ་སི་ཅིས
ཤེས་རབ་ཀྱི་སྟ་རེ་ཞིག་ཁྱོད་ཀྱི་མགོ་ཐོག་ཏུ་སྣུན
    
    *མཆན་འགོད། བརྩམས་སྒྲུང་དེའི་ནང་མི་སྣ་གཙོ་བོ་ལཱ་སེ་ཁེ་ཧྥུ་ནི་ཁེ་སེས་སྐྱེ་ཆེན་བུ་ལོན་གཏོང་བ་པོ་རྒན་མོ་སྡུག་རྩུབ་ཅན་དེ་དཀྲོངས་བ་ནི་ཤིག་ཅིག་དཀྲོངས་བ་རང་ཡིན་པའི་ངེས་པ་རྙེད།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྟ་རེས་ཤིག་དཀྲོངས་ཚུལ།*

2025-04-24 གཙང་མེ་སྟག(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།