སྙན་ངག (ཞར་བཀོད་གཅིག་ཡོད)

གཙང་མེ་སྟག(ལྷ་ས) 琼迈文学网 2025-10-29
 
སྒ་ཤིང
                                          
                                          ༢༠༢༥/༡༠/༥

འོལ་དགའི་གསང་རས་ཕྱེ་བ།


ལོ་ངོ་དྲུག་བརྒྱའི་ཡར་སྔོན་གྱི་དེ་རིང
རྩྭ་ལྷ་ལྡིང་རྡོ་རྗེ་དང་ཆུ་འགྲོ་བ་འདྲེན་པ་ལྟ་བུའི
སྐར་ཆེན་ཞིག
 ལྷ་ས་ནས་འོལ་དགའ་ཆོས་ལུང་གི་ནམ་མཁར་ལྷུང
གཡའ་སྤང་ནགས་གསུམ་བསྲེས་པ་ལྟ་བུའི་རི་ཞོལ
ལྷ་མི་ཟུང་གིས་ཡང་ཡང་ལུང་བསྟན་པའི་དབེན་ས
མཐོང་ཐོས་དྲན་རེག་གི་མྱོང་རྟོགས ཕ་བོང་དེར་ཐིམ
ཨ་ཡིག་འཁྱོག་པོ་དེའང
ཅི་ཞིག་གི་དཔང་པོར་འཁྲུངས་པ་ལྟར

གཤོག་ཟུང་རླུང་གིས་བསྐྱོད་པའི་གླག་རྒོད་ཅིག
འོལ་དགའ་ནས་ལྷོ་བྲག
ལྷོ་བྲག་ནས་འོལ་དགའི་བར་སྣང་དུ
ཉིན་སྲིབ་བར་མེད་དུ ཀླད་ཀྱིས་སྐོར་གྱིན
བློས་བསླངས་ཀྱི་ཕོ་བྲང་ཡ་མེད་ཅིག་བརྩིགས

རྫིང་ཕྱི ལྷ་ལྡིང 
བྱམས་པ་གླིང གཉལ་གྱི་ལུང་ར 
རྡོ་ཡི་གཏམ་རྒྱུད་ཀྱིས་གཏམས་པའི་རི་ལུང་དྲོན་མོ་དེར
མི་སྒྲུང་ལྷ་སྒྲུང་དུ་བརྐོས་པའི་གསང་བའི་འཇིག་རྟེན་དེར

མེས་པོ་ཞིག མ་རེད མི་རིགས་ཤིག་གི་བླ་སྲོག་བསྐུངས

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙན་ངག (ཞར་བཀོད་གཅིག་ཡོད)

2025-10-29 གཙང་མེ་སྟག(ལྷ་ས) ཀློག་གྲངས། མཆན ཡོད།
 
སྒ་ཤིང
                                          
                                          ༢༠༢༥/༡༠/༥

འོལ་དགའི་གསང་རས་ཕྱེ་བ།


ལོ་ངོ་དྲུག་བརྒྱའི་ཡར་སྔོན་གྱི་དེ་རིང
རྩྭ་ལྷ་ལྡིང་རྡོ་རྗེ་དང་ཆུ་འགྲོ་བ་འདྲེན་པ་ལྟ་བུའི
སྐར་ཆེན་ཞིག
 ལྷ་ས་ནས་འོལ་དགའ་ཆོས་ལུང་གི་ནམ་མཁར་ལྷུང
གཡའ་སྤང་ནགས་གསུམ་བསྲེས་པ་ལྟ་བུའི་རི་ཞོལ
ལྷ་མི་ཟུང་གིས་ཡང་ཡང་ལུང་བསྟན་པའི་དབེན་ས
མཐོང་ཐོས་དྲན་རེག་གི་མྱོང་རྟོགས ཕ་བོང་དེར་ཐིམ
ཨ་ཡིག་འཁྱོག་པོ་དེའང
ཅི་ཞིག་གི་དཔང་པོར་འཁྲུངས་པ་ལྟར

གཤོག་ཟུང་རླུང་གིས་བསྐྱོད་པའི་གླག་རྒོད་ཅིག
འོལ་དགའ་ནས་ལྷོ་བྲག
ལྷོ་བྲག་ནས་འོལ་དགའི་བར་སྣང་དུ
ཉིན་སྲིབ་བར་མེད་དུ ཀླད་ཀྱིས་སྐོར་གྱིན
བློས་བསླངས་ཀྱི་ཕོ་བྲང་ཡ་མེད་ཅིག་བརྩིགས

རྫིང་ཕྱི ལྷ་ལྡིང 
བྱམས་པ་གླིང གཉལ་གྱི་ལུང་ར 
རྡོ་ཡི་གཏམ་རྒྱུད་ཀྱིས་གཏམས་པའི་རི་ལུང་དྲོན་མོ་དེར
མི་སྒྲུང་ལྷ་སྒྲུང་དུ་བརྐོས་པའི་གསང་བའི་འཇིག་རྟེན་དེར

མེས་པོ་ཞིག མ་རེད མི་རིགས་ཤིག་གི་བླ་སྲོག་བསྐུངས

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།