དབྱར་ཁ་འཇམ་ཅག་གེར་སླེབས།
མི་ཚེ་ཐེངས་གཅིག་ལ་ཞེད་སྣང་དང་ཐེ་ཚོམ་གྱིས་སྐྱེད་བསྲིངས་པའི་ང་རང
ཆར་པ་འབབ་བཞིན་པའི་སྒྲ་ལ་ཉན་མཁན་གྱི་མི་ཞིག་ཏུ་གྱུར
ག་དུས་སླེབས་པ་མ་ཤེས་པའི་རྒྱལ་མོ་ཚ་བ་རོང་གི་དབྱར་ཁ
རྣམ་ཀུན་དང་འདྲ་བར་འབྲོག་སའི་རྩྭ་ཐང་དུ་དུས་གཞན་ལས་ལྗིད་པར་ངེས་སམ
མཚན་གུང་གི་ལྗིད་ཚད་ཐེག་པའི་བསིལ་རླུང་འཇམ་པོ་དེ
སྐྱེད་མོས་ཚལ་གང་ཞིག་གི་ཕང་བར་སྤྲོས་པ་མེད་པའི་ཚུལ་གྱིས་གནས
སོས་དལ་བའི་ཉི་འོད་རླུང་ཁྲོད་དུ་ཉམ་ཉེས་བྱུང་བ
འཛུམ་མདངས་མེད་པའི་མི་ཚོགས་དེའི་རྡོག་ཁྲེས་དང་འདྲ
ཁྲོམ་སྲང་གི་ཤེལ་སྒོ་སྟོང་པ་ལས་རང་ཉིད་གཞན་དུ་སྣང་བའི་ལམ་འགྲོ་བ
རྒྱང་རིང་ཞེས་གླེང་ཡང་གོམ་གང་ལས་བརྒལ་མ་ཐུབ་པའི་འདི་སྣང་གིས་བྲིད
བྱིས་པའི་ལག་གི་ཀ་ར་ཇི་བཞིན་ཟོས་ནས་ཟད་པར་མ་གྱུར་པའི་མི་ཚེ
རེ་ཞིང་བསྒུགས་པའི་ཉིན་མོ་དེའི་མཐའ་མར་སླེབ་པར་ཡིད་རྟོན་བྲལ
སྙན་ངག་གི་ཆེད་དུ་བྲིས་པ་འདྲ་བའི་རྩིག་ངོས་ཀྱི་གཟུགས་བརྙན་དག
མ་ངེས་པའི་དབྱར་ཁ་ཇི་བཞིན་མི་སེམས་ཀྱིས་དཀྲོལ་ཐབས་མ་བྱུང
གཏིང་བརྗེད་དུ་གྱུར་པ་འདས་སོང་གི་རྨི་ལམ་ཡིན་འོས་མོད
ང་ཡིས་རང་ཉིད་གང་དུ་སྦས་པ་ད་ལྟ་དྲན་གྱིན་མི་འདུག
ཁ་པར་གྱིས་པར་དུ་བཏབ་པའི་མེ་ཏོག་གི་མཛེས་སྡུག་ལས
གམ་གྱི་མི་དེ་ཚོ་ལའང་འཆི་བའི་འགྲོ་འོང་མེད་སྣང་བྱུང
དུས་ཚོད་དང་འདྲ་བར་གྲངས་ཀྱིས་ཡང་ཡང་བཟློས་པའི་དབྱར་ཁ
ཞེན་ཆགས་ཀྱིས་བསྡམས་པའི་རྣམ་ཤེས་འཁྱག་པ་དེའི་སྐད་ཅིག་མ
མི་ཚེའི་ལོ་རྒྱུས་ཇི་ཙམ་རིང་ནའང་སྣང་བ་ཆ་མེད་ཅིག་གི་རྗེས་ཤུལ་ཏེ
དབྱར་ཁའི་འགྲུལ་བཞུད་ཀྱིས་ཟླ་ཚེས་གང་ལའང་རྩིས་མཐོང་མི་བྱེད
ཡང་ཡང་བསྔོགས་པས་ནང་དུ་ལོག་ཐབས་མ་བྱུང་བའི་སེམས་པ
སུ་ཞིག་གིས་བསླུས་པ་ལྟར་སྔོན་ཆད་ངོ་ཤེས་པའི་མི་རྣམས་དང་རྒྱང་བཀྱེད
དཀར་གསལ་ཟླ་བ་ཞེས་གླུ་གཞས་གཏོང་བར་དགའ་བའི་བུ་མོ་དེས
ཁྱོད་ཀྱི་ཚེས་མ་ཐུབ་པའི་ཟླ་བ་ལ་འོད་སྣང་སྩལ་མི་ཡོང་ངམ
མངོན་སུམ་དང་རྨི་ལམ་བར་དབྱར་ཁ་དང་དགུན་གཞུང་ཙམ་སྟེ
ལྷ་དང་མིའི་བར་ནམ་མཁའ་དང་ས་གཞི་ལས་མེད་ཚོད་རེད།
2026. 6. 13 ཉིན་འབར་ཁམས་སུ།
རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།