ཐོ་ཡོར་གྱི་སྙན་ངག་གསར་པ་ཁག་བཞི།

ཐོ་ཡོར།(གསེར་རྟ) 琼迈文学网 2026-08-14
ཟླ་བདུན་པ་དང་གཞན་དག

ཟླ་དེའི་དུས་ཚོད་གང་ཞིག་ཏུ་ཁྱོད་ཀྱི་ལག་པས
ཡུལ་ཕྱོགས་ཆ་མེད་ཀྱི་སྤྲིན་པ་ཡུག་གཅིག
སྒོ་ར་དམའ་མོ་ཞིག་ཏུ་བཀག
དེ་ཡི་གྲིབ་མའི་ཀློང་དུ་སྡོད་དགོས་སྙམ་དུས
བསིལ་སྣང་སྣེ་མོའི་རླུང་པོས
ངེད་གཉིས་སྡོད་སའི་བར་དུ་བཟོད་བསྲན་གྱི་ནུས་པ་མེད་པའི་ཡོལ་བ་ཞིག་འཐེན
རྗེས་སུ     སྤྲིན་པ་ལྷོད་པོ་དེའི་གསེང་དུ
སོ་སོའི་གཟུགས་པོར་འཐམ་སྟེ་གཏམ་ལབ་པ
རྡོ་བས་བསླད་པའི་ཡུལ་ལྗོངས་བཞིན་འཁྲེགས་པོར་གྱུར
ཡུལ་ལྗོངས་དེའི་མཁའ་དབུགས་ནང་འབྱར་བའི་གཏོལ་མེད་ཀྱི་སྣང་བ
ཆར་བར་སྦངས་པའི་ཚུལ་མཐོང་མཁན་མེད

གྲོགས་པོ་ཞིག་ལ་J.M.Coetzeeཡི་དེབ་ཅིག་གཡར
དེ་ནས་“ཤེལ་གྱི་བཤས་རའི་”དྲན་པ་ཁོ་ལ་བརྗོད
ཁ་སང་གི་སྨུག་པའི་ནང་དུ
ང་ཡུལ་གཞན་ལ་གཡེངས་ཡོད་ཚོད་ཡིན
“བདག་ནི་མེད་པར་གྱུར་པའི་དུས”ཞེས་པའི་ཚིག་དེ་འམ
བྱི་བ་དཀར་ནག་གཉིས་ཀྱི་གཏམ་རྒྱུད་ཅིག
མངོན་སུམ་གྱི་ནགས་སྟུག་པོ་ལས་ཕྱིར་ཐོན་པའི
“རྒྱ་ལམ་བཞི་མདོའི་ཕག་པ”འམ
དེ་དག་ལ་འདང་བརྒྱབ་སྟེ་དབུགས་རྒྱུན་ལྷོད་པོར་སྡོད་དུས
གད་སྙིགས་ཀྱི་ཕུང་པོ་གཏོས་ཆེ་བ་ཞིག་ཆུར་ནུབ་པ་མཐོང

ངས་དུས་ཚོད་ཅིག་རྟོག་བཏགས་ཀྱིས་བཞེངས་འདོད
རི་གྲོང་འདི་ལ་བློ་མི་འཁེལ་བའི་དུས་སུ
སྐྱ་རེངས་འཆར་རྒྱུར་དུས་ཚོད་ཕྱེད་ཙམ་འདུག
དེའི་ཡུན་ལ་དངོས་པོར་གྲུབ་པ་ཞིག
ཡུལ་པོའི་སྣང་བས་བསྣད་པའི་སེམས་པ
སྔོན་དེར  རྨི་ལམ་མེད་པའི་གཉིད་ལས་སད
ལོ་བདུན་སྔོན་གྱི་གཉེན་ཉེ་འདས་པའི་གདུང་བ
སྙིང་རིང་བའི་བདག་ལ་ད་ལྟ་འཕྲིག་ཙམ་ལས་མེད

              2026ལོའི《མི་རིགས་ཀྱི་རྩོམ་རིག》དེབ་བཞི་པར་བཀོད།

ཐོག་བརྩེགས་གསུམ་པའི་རླུང་།

ཐོག་བརྩེགས་གསུམ་པའི་འདར་སྐྱོམ་ཁྲོད་དུ་ཁྱོད་དང
རླུང་བུས་ཟད་པའི་ཁྱོད་ཀྱི་སྙན་ངག་ཡོད
མཐིལ་རྡོལ་བའི་སེམས་སུ་སྐད་ཆ་ཁ་ཤས
དུ་སྨུག་བཞིན་དལ་གྱིས་ས་ངོས་ནས་ཡར་འཕགས
དེ་དག་གི་ཁ་དོག་ཇི་བཞིན་པ་བརྗེད་ངས་སུ་གྱུར་ཀྱང
ཁེར་རྐྱང་དང་ལྗིད་ཚད་མཉམ་པ་མཐོང

རྣམ་ཀུན་འགྲོ་སའི་འགྲུལ་ཁང་གི་ཤག་ཏུ
སྔ་མོའི་དུས་ཀྱི་སྲོག་ཆགས་ཀྱི་རུས་པ་མེད་ཀྱང
གྲིབ་གཟུགས་བར་གྱི་སྐྱོ་བ་སྲབ་མོ་ལ་བསྟེན་ནས
གནས་སྤོ་བའི་གདམ་ཀ་མི་བྱེད་པར
འབྱམས་ཀླས་པའི་ཐང་ཡངས་པོ་རྟོག་བཟོ་བྱས

འགྲོ་མྱོང་མེད་པའི་གནས་ག་ལ་བ་དེར
ཆེ་གེ་མོས་བསླབས་པའི་ཕྱག་རྒྱ་དེས
དུས་སྐབས་ཤིག་ལ་འདས་ལོག་འབྱུང་ངེས་པའི
དུས་སྐབས་ཤིག་ལ་རླུང་རྟ་རྒུད་པའི

སྦས་པའི་སྒོ་ཟྭ་དེ་སྔོན་ནས་གཏོར་ཚར་འདུག
ཞེན་ཆགས་ཆེས་ཆེར་བྱས་པས་ལན་ནམ

སྣང་བ་ཡེ་ནས་གཏོང་མྱོང་མེད་པའི
སྒོ་རའི་བར་ཁྱམས་སུ་རླུང་གིས་གོམ་པ་རྒྱག
དེ་དང་ལྡོག་ཕྱོགས་ཀྱི་ཡུལ་ལྗོངས
ཁོ་རང་འཚམས་མེད་པར་སྣུབ་བྱེད་དུ་གྱུར
               2026.4.29 ཉིན་བྲིས།

མ་ངེས་པའི་གཞི་རུ།

འདི་ནི་ངས་དེ་སྔོན་ཤེས་པའི་ཡུལ་གྲུ་དང་མི་འདྲ་བར
རིགས་རྒྱུད་ཉམས་པའི་རྟགས་མཚན་ཅི་ཡང་མེད
ཀླུང་ཐང་ཡིན་ཞིང་ས་མཚམས་མེད་པའི་སྐར་མ་གཞན་ཞིག་ཏུ་སླེབས

ཁྱད་གསོད་བྱེད་པའི་གནས་སུ་རྩི་བའི་ས་ཁྲའི་སྟེང
ཆུ་ནང་བགྲོད་པའི་གཤོག་པ་སླར་ཡང་སྐྱེས
དཔེ་དེབ་ཀྱི་གྲང་ངར་ལ་བཟོད་པའི་སྙིང་དེས
གཟོད་གདབ་དགོས་པའི་མེ་ཏོག་ལ་སྐར་ཆ་གཅིག་རིང་མྱ་ངན་ཞུས
དེ་ག་ཙམ་སྟེ     གློག་ནི་གནས་མ་ངེས་པར་འགྱུ
ངོ་མི་ཆོད་པའི་མི་ཞིག་དབུགས་དབྱུང་འདོད་པ་ཙམ

འཇིགས་པའི་ནགས་སུ་སྐྱེས་པའི་མེ་ཏོག་ཇི་རྙེད
མི་མཐོང་བར་བྱེད་པའི་སེམས་ནི་སྔར་བཞིན
སྒོ་རའི་རྒྱ་ཁྱོན་གྱི་གཞི་རུ་བཀག་སྐྱིལ་བྱས
དུས་བཅད་བྱེད་མཁན་གྱིས་ཕྱི་ནང་མེད་པར་མཐོང

ཆུ་ཕྲན་གྱིས་ཀྱང་འཁུར་ཐུབ་པའི་བཤད་ཡམས
ཀླད་པའི་བར་སྣང་ནས་ཚིག་ཕྲེང་གཅིག་གིས་མར་གཡུག
ས་རུ་ལྷུང་རྗེས་ལུང་པ་གཞན་གྱི་བྱེ་མར་གྱུར
འགྲེང་གཟུགས་སུ་འགྲོ་བའི་ཁོག་དཔུང་དེ་དང་མཉམ་དུ་གང་སར་སྤུར
ད་དུང་གཟས་ཏེ་གོ་དཀའ་བར་བཏང་བའི་སྙན་ངག

ས་འདིར་བདག་འཛིན་ཟད་པའི་འོད་ཟེར་འཕྲོས་པ་ནས
མུན་ནག་དང་ལྡབ་བརྒྱ་ཡིས་ཇེ་ཉེར་སོང་ཡོད
རླབས་རྒྱུན་དང་བརྐྱར་དུ་དྲན་པའི་བྱ་དངོས་གཉིས་ཤིན་ཏུ་ནས་ཉེ

སྣང་མེད་དུ་འདིར་དྲངས་པའི་དཔེ་རྒྱན
འོས་འཚམ་མིན་པའི་གནས་ནས་འཕལ་ཁ་དྲལ་ཏེ
རྔོ་མི་ཐོགས་པའི་གཏམ་རྒྱུད་བྲིས
མཇུག་ཕུད་མ་ཐུབ་པར་འགྲོ་དགོས་བྱུང་བའི་སུན་སྣང་གི
གཅིག་ཏུ་ན་འཕྲུལ་ཆས་ཀྱི་སྙིང་ལའང་རྗེས་ཤུལ་འཇོག་སྲིད

ཁ་ཅིག་གིས་སྟོན་ཁའི་རྗེས་ཀྱི་ངལ་དུབ་སྟོན་ཁ་གྲངས་མེད་པར་མྱོང་བ་རྨིས
འཆལ་བོ་དག་ནི་སྐྲ་ལོའི་བར་རྒྱུ་བའི་བསེར་བུ་ལས་ཀྱང
མུན་པ་མེད་པར་གཞན་གྱི་རྨི་ལམ་དུ་སླེབས་ཏེ
སྡེབ་འཁྲུགས་པའི་བརྗོད་པ་མུ་རུ་འབྲི་བ་མཐོང
               2026.5.4.ཉིན་བྲིས།

ཕྱི་དྲོའི་དྲན་པ་བཞི།

དེ་རིང་ཕྱི་དྲོ་ཧྲིལ་བོ་ཞེས་པའི་ཚིག་དེ་ངག་ཏུ་ལེན་སྐབས
གོ་བ་བསྙེགས་ཡུལ་དངོས་ནི་ཁྱོད་ཐོན་ཚར་རྗེས་ཀྱི་དུས་ཚོད་ཡིན
ཉེ་བའི་གནས་སུ་བབས་པའི་ཁ་བ་ནི་ཁྱོད་མ་སླེབ་སྔོན་གྱི་གདུག་རྩུབ་ལས་སྐྱེས
བུ་མོ་ཁྱོད་ནི་ཆི་སི་ཝབ་མི་ཝོ་ཧྲིའི་སྙན་ངག་ནས་མཐོང་མྱོང་སྙམ་པ་ཙམ

དེ་ནས་ཡུད་ཙམ་བསྡད་རྗེས
ཀླད་པའི་ནང་དུ་གོམ་སྒྲ་མེད་པའི་སྤྲིན་པ་ཞིག་སླེབ
ཟླ་ཁ་ཤས་སྔོན་གྱི་ཉིན་གང་ཞིག་ལ
སྐྱེས་པ་ཞིག་ལོ་སུམ་ཅུར་སླེབས་པ་བཞིན

མེཊ་གཱ་ལ་ཡི་འདུ་འཛོམས་སྟེང་གི་རོ་ཟེའི*་སྟ་ཟུར་མངོན་པའི་ལྭ་བ་དེས
ཉིན་འདི་དག་གི་ཁ་བ་བཞུ་ཐུབ་ངེས
ལམ་སང་དཔྱིད་ཀའི་ཁ་བ་ཉིན་གཅིག་གི་ཡུན་ལས་ཕལ་ཆེར་མི་འདུག་པ་དྲན་ཀྱང
ཆོ་འཕྲུལ་དེས་ང་རང་ཁྲིད་དེ་མཚམས་མེད་པར་སྔོན་དུ་འགྲོ
འཚོ་བས་ང་ལ་ལྟར་སྣང་གི་དཔེ་དེ་ལས་ཅི་ཡང་གནང་མེད

ཡན་གར་དུ་ལུས་པའི་དྲན་པ་དུས་གཅིག་ན
སྨྲ་བ་དང་བྲལ         ཤུགས་དྲགས་ཀྱི་འདུན་པ་མེད་ཀྱང
མིང་དེ་དག་འབྲི་བ་བརྒྱུད་ནས
སྐད་ཆའི་དཀྱིལ་འཁོར་ཞིག་ཏུ་སླེབས
ཞིབ་ཐག་ཆོད་ཀྱིས་བལྟས་པར་སྙིང་བོ་གང་ཡང་མེད
འཕྱོར་གོས་ཀྱིས་ཀླུབས་པས་མ་ཡིན་ཏེ
ཆག་འགྲོ་འམ་སྙམ་པའི་སྟོང་བའི་སེམས་ཀྱིས་སོ
                  2026.5.12.ཉིན་བྲིས།
                  2026ལོའི《གངས་དཀར་རི་བོ》དེབ་བཞི་པར་བཀོད།

*ལྷོ་ཁོ་རེ་ཡའི་གཞས་མ་ཞིག

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཐོ་ཡོར་གྱི་སྙན་ངག་གསར་པ་ཁག་བཞི།

2026-08-14 ཐོ་ཡོར།(གསེར་རྟ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།