གཡུ་ཆུང་གི་བརྩམས་སྒྲུང་གསར་བ། བུ་མོ་མཚེ་མ།

  རྐུབ་ལ་ཐལ་ལྕག་གཞུས་པ་དེར་གསལ་སྒྲོན་ཡི་མ་རངས་པར་ཁོའི་པང་ནས་ཤོར། ཉལ་ཁྲི་ལས་ལྡིང་ནས་ཉལ་ཁྲིའི་འདབས་ཀྱི་ཐང་དུ་ལྷུང་ཡོད་པའི་གསང་དོར་གློ་ཁ་དེ་མྱུར་དུ་གྱོན་རྗེས། རྐུབ་སྟེགས་འགྲམ་དུ་གཡུགས་ཡོད་པའི་རྐང་སྣམ་ཐལ་སྐྱ་དེ་གྱོན་པ་དང་དེ་ནས་རྐུབ་སྟེགས་སྟེང་གི་སྟོད་འགག་ནག་པོ་དེ་མྱུར་དུ་གྱོན། ཁོས་དབུཊ་ཧལ་བཞིན་ཅི་རེད་ཅི་རེད་ཟེར། ཆུ་ཤེལ་ལྟ་བུའི་མིག་ཟུང་དེས་ཕར་འཁོར་ནས་སྟོད་འགག་གྱོན་བཞིན་པའི་གསལ་སྒྲོན་གྱི་རྒྱབ་ལ་རིག་རིག་བལྟས།
  གསལ་སྒྲོན་གྱིས་ཅི་ཡང་མི་སྨྲ་བར་ལྭ་བ་གྱོན་ཚར་རྗེས་གྱང་ངོར་བཀལ་བའི་གོ་ཁུག་དམར་པོ་དེ་བླངས་ནས་ཕྲག་མགོར་གཟར་དེ་ཁ་ཕྱིར་འཁོར། མོསTimberlandརྟགས་ཅན་གྱི་གོ་ལྷམ་ཡུག་ལོ་ཞིག་གི་སྟེང་ལ་རས་ཀྱིས་བྱས་པའི་རྐང་སྣམ་ཐལ་སྐྱ་ཞིག་གོན་ཡོད་ལ། སྟོད་གོས་ལ་འོག་ཏུ་ཚིལ་ལེན་དཀར་པོ་བྱས་པའི་ཕྱི་ལྭ་ནག་པོ་ཞིག་གྱོན་འདུག མོའི་ཤ་མདངས་དཀར་ལ་སྨུག་ཅིང་། སྣའི་གཟེངས་མཐོ་དམའ་སྙོམས་ལ། ཁྲ་ཆུང་མིག་གཉིས་ཆ་གས་བརྒྱན་པ་དང་། ལྕང་ལོ་ཆ་ཚང་སྐེ་ཡི་གཞོགས་གཡས་པར་ཉིལ་ལེར་དེད་འདུག
  མོས་གོ་ཁུག་ཕྲག་པར་གཟར་ནས་ཁྲོ་བའི་ཉམས་ཀྱིས་ཁོ་ལ་བལྟས་བསྡད། ཁོས་ཡིད་མི་ཆེས་པ་ལྟར་ལག་གཉིས་སྟོང་བར་ཁ་ཕྱེས་ཏེ། ཁྱོད་ཀྱིས་ཅི་བྱེད་བཞིན་ཡོད། ཅི་བྱུང་སོང་ཞེས་སྐད་བརྒྱབ། མོས་མཐོང་ལམ་དུ་དེ་མ་ཐག་ཁོའི་སེར་ཉིལ་ལེར་འཁྱིལ་བའི་དང་གའི་བྲང་སྤུ་ཤར་བའི་མོད་ལ། མྱུར་དུ་དེ་ལས་གཡོལ་དེ་ཁོའི་གདོང་ལ་ཅེར་བ་དང་མཛུབ་མོ་གཏད་ནས།“ཇཱེཀ(Jack) ཉན་ཡག་བྱོས། ང་དུད་འགྲོ་མིན་ལ། ཁྱོད་ཀྱི་རྩེད་སྤྱད་དེ་བས་ཀྱང་མིན། ང་ཁྱོད་ལ་དགའ་བ་བདེན་ཡང་རྩེད་སྤྱད་བྱེད་ས་མི་འགྲོ ད་ནས་བཟུང་ང་ལ་འབྲེལ་བ་བྱེད་མི་དགོས!” ཞེས་བཤད་ཞོར་གཡས་ཕྱོགས་སུ་ཡོད་པའི་སྒོ་ཕྱེས་ཤིང་ཁྲོག་སེ་བརྒྱབ་ནས་ཕྱིར་ཆས། སྒོའི་ཁྲོག་སྒྲས་ནམ་གུང་གི་འགྲུལ་བ་མཐའ་དག་གཉིད་ལས་བསླངས། སྒེའུ་ཕྱི་རོལ་གྱི་སྐར་ཚོགས་ཀྱང་གཉིད་ལས་བསླངས་ཏེ། སླར་ཡང་ཆེམ་ཆེམ་གཡོ་བར་བྱས།
དེང་སང་མཱོ་ཇ་ལམ(莫家街)དུ་འབོད་ཅིང་། སྔོན་ཆད་མཁས་པ་མི་གསུམ་གྱི་དགོན་པའི་མང་ཇ་འཁྱེར་ལམ་བྱས་མྱོང་བའི་ཟི་ལིང་གྲོང་ཁྱེར་གྱི་རྒྱ་ལམ་དཀྱུས་མ་འདིའི་གཡས་གཡོན་དུ་གློག་འོད་ཁྲ་ལམ་མེར་ཤར་འདུག་ཅིང་། སྐབས་སྐབས་སུ་རླངས་འཁོར་རེ་ཤར་རེར་མདུན་དུ་འགྲོ དེ་སྔོན་བབས་པའི་ཆར་བས་ལམ་འགྲམ་དུ་ཆེ་ཆུང་མི་སྙོམས་པའི་ཆུ་འཁྱིལ་མང་པོ་བསྐྱིལ་འདུག་པས། གསལ་སྒྲོན་གྱིས་གཟབ་ནན་ངང་མདུན་ཕྱོགས་སུ་རྐང་བ་སྤོས། མོས་མིག་ལམ་དུ་ཁོའི་བྲང་སྤུ་སེར་ཉི་ལེ་བ་དེ་ཤར། ལག་མཐིལ་དུ་དེར་རེག་པའི་ཚོར་བ་ད་དུང་ཡལ་མེད་པར་འཁྱིལ་འདུག
  མོ་དང་ཇེཀ(Jack)གཉིས་ནི་ཨ་རིའི་ཀོ་ལུམ་བྷི་ཡཱ་སློབ་ཆེན་དུ་ངོ་ཤེས་པ་ཡིན། སྟོན་དུས་ཀྱི་སློབ་མགོ་ཚུགས་ནས་གཟའ་འཁོར་གཅིག་འགོར་རྗེས་མོས་བདམས་པའི་སྤྱི་ཚོགས་རིག་པའི་སློབ་ཁྲིད་སྟེང་དུ་འཛིན་གྲྭ་གོང་རིམ་ནས་སློབ་མ་གཉིས་འོངས་ཏེ་ཁོ་ཚོས་སྤྱི་ཚོགས་བརྟག་དཔྱད་བྱས་པའི་ཉམས་མྱོང་གླེང་བ་དང་། དེ་ལས་གཅིག་ནི་ཇེཀ་རེད། ཇེཀ་ལོ་དེའི་དཔྱིད་ཀར་བོད་ཡུལ་ཁམས་ཕྱོགས་སུ་སོང་བ་དང་ལོ་དགོན་པ་ཞེས་པ་ཞིག་ཏུ་དགོན་པ་དང་ལྷ་སྡེ་བར་གྱི་འབྲེལ་བ་དང་། དགོན་པའི་བྱེད་ལས། བླ་མ་དང་གྲྭ་བ་ཚོའི་འཚོ་བ་སོགས་ལ་བརྟག་དཔྱད་བྱས་པ་སོགས་པར་དང་བརྙན་བཅས་ཏེ་གླེང་བས་ཀུན་གྱིས་མཚར་མཚར་བྱས། གསལ་སྒྲོན་གྱིས་བོད་ཡུལ་དུ་བརྟག་དཔྱད་བྱས་པའི་གནས་ཚུལ་ཐོས་པས་ཤིན་ཏུ་དགའ་བས་བརྟས་ཤིང་། སློབ་ཚན་གྲོལ་རྗེས་ཇེཀ་གམ་ལ་སོང་ནས། བརྟག་དཔྱད་སྐོར་གྱི་གནས་ཚུལ་མང་ཙམ་དྲིས།
  གསལ་སྒྲོན་རྒྱ་གར་ནས་སྐྱེས་ཤིང་། ཨ་རི་ནས་ནར་སོན་པ་དང་བོད་ཡུལ་དུ་འགྲོ་མྱོང་མེད་པའི་བོད་པ་ཞིག་ཡིན་པ་ཤེས་རྗེས་ཇེཀས་མིག་ཆེར་བྱས་ནས“ཨ་ལས་་་ངས་དེ་སྔོན་ཁྱོད་མཐོང་སོང་མོད། མེག་སི་ཁོ་བ(Mexican)ཞིག་ཡིན་ཤག་བྱས། འུ་གཉིས་ཀྱིས་ཁོམ་སྐབས་ཤིག་ལ་ཁོ་ཧྥེ་འཐུང་ཞོར་ཁ་བརྡ་ལྷོད་ལྷོད་ཅིག་མི་བྱེད་དོན་ག་རེ་ཡིན་ནམ། ངས་ཁྱོད་ལ་བོད་སྐོར་གྱི་གཏམ་རྒྱུད་མང་པོ་བཤད་ཆོག ངས་བོད་ཇ་ཡང་ཏོག་ཙམ་ཁྱེར་ཡོང་ཡོད་པས། དེ་ལྟར་བྱེད་དོ”ཟེར། གསལ་སྒྲོན་གྱིས་བོད་ཇ་ཁྱེར་ཡོང་ཡོད་ཞེས་པ་ཐོས་རྗེས་མིག་ཆེར་གདངས་ནས“oh, My god! ངས་བོད་ཇ་ཞིག་ཡེ་ནས་འཐུང་མྱོང་མེད། བོད་ཇ་ཟེར་བ་ཡང་ཡོད་དམ། ” ཞེས་མཚར་ཉམས་ཆེན་པོས་ཇེཀ་ལ་འདྲི་ཞོར་ཞ་སྙུག་བླངས་ནས་ཤོག་བྱང་ཞིག་གི་སྟེང་རང་གི་ཁ་པར་དང་གློག་ཟམ་བྲིས། ཇེཀས“ཡོད་རེད། ཡོད་རེད། བོད་ན་ཟུངས་ཇ་ཟེར་བའི་ཟུངས་ཆུ་ནས་ཐོན་པའི་ཇ་ཡོད་རེད”ཟེར།
  ཕྱིས་སུ་ཇེཀས་མོར་བཤད་པའི་བོད་ཡུལ་གྱི་གཏམ་རྒྱུད་དག་ལས་དོན་དག་གཉིས་ལ་བརྟེན་ནས་མོས་བརྟག་དཔྱད་སྙན་ཞུ་ཞིག་བྲིས་ཤིང་། སློབ་གྲྭའི་ཆོག་མཆན་ཡང་ཐོབ་སྟེ་བོད་ལ་ཡོང་ཐུབ་པར་གྱུར། གཅིག་ནི། ལོ་དགོན་པས་རང་གི་ལྷ་སྡེ་ལ་ནོར་ལུག་བཤས་འཚོང་མི་བྱེད་པའི་ཁྲིམས་བཅས་པ་དེ་དང་། གཉིས་པ་ནི་ཇེཀས་ཟི་ལིང་གི་མགྲོན་ཁང་ཞིག་གི་སྒོར་བླངས་པའི་པར་ཞིག་རེད། མོས་འབྲོག་པ་ཕྱུག་འཚོ་མཁན་གྱིས་ཕྱུག་ཟོག་བཤའ་མི་རུང་བ་མ་ཟད། འཚོང་ཡང་མི་རུང་ན་ཇི་ལྟར་འཚོ་བ་རོལ་ཞེས་དྲིས་པར། ཇེཀས་དེ་ནི་ཁོ་ཚོའི་དགོན་པ་དང་སྤྱི་ཚོགས་བར་གྱི་འབྲེལ་རེས་བྱེད་སྟངས་ཤིག་རེད། དགོན་པ་དེ་ཚོ་མང་ཚོགས་ནང་ཤུགས་རྐྱེན་ཆེ་བར་མ་ཟད། དབང་ཆ་ཡང་ཆེན་པོ་ཡོད། ཁྱོད་ཀྱིས་ཡོ་རོབ་ཀྱི་དུས་རིམ་བར་མའི་སྐབས་ཀྱི་གནམ་བདག་ཆོས་ཁང་དང་ཤེལ་གྱི་ཕྲེང་བ་གོན་པའི་ཆོས་དཔོན་ཞིག་ཡིད་ལ་ཤར་ཏུ་ཆུགས་དང་དེ་ལྟ་བུ་ཞིག་རེད་ཟེར། འོན་ཀྱང་དེས་གསལ་སྒྲོན་ལ་ལན་ཡིད་ཚིམས་པ་ཞིག་སྟེར་མ་ཐུབ། དོན་དག་གཉིས་པ་ནི། མཚན་མོའི་གློག་སྒྲོན་དམར་པོའི་འོག་ཏུ་སྒྲོལ་མའི་མགྲོན་ཁང་ཟེར་བ་ཞིག་གི་སྒོར་སྐྱེས་པ་བཞིས་སྟོད་ཐུང་ཕུ་མེད་ལྟོ་མེད་གྱོན་ཞིང་། གོ་ལྷམ་རྟིང་མཐོའི་སྟེང་ལ་བརླ་རྩར་ཐུག་པའི་རྐང་ཐུང་ཞིག་ལས་གྱོན་མེད་པའི་བུ་མོ་གཉིས་བསྐོར་འདུག་པ་དེ་རེད། མོས་རང་གི་ཕ་ཡུལ་དུ་འདི་འདྲ་ཡོད་པ་ནི་དཔེ་མི་སྲིད་ཞེས་སྐད་བརྒྱབ་པར། ཇེཀས་སེར་ཉིལ་ལེར་ཡོད་པའི་སྐྲ་ལོ་རྣ་རྒྱབ་ཏུ་འདེད་ཞོར“བོད་ཀྱི་སེཀ་སེ་བིལ(sexe ville) དང་འདྲ་བོ་རེད”ཟེར། མོས་“ཁོ་ཚོར་འདྲ་མཉམ་གྱི་སློབ་གསོ་རེག་ཐབས་མེད་པས་ཡིན་རྒྱུ་རེད། ཁྱོད་འདིར་ཡིད་ཆེས་སམ”ཞེས་ཤིན་ཏུ་བློར་མི་ཤོང་བའི་ཚུལ་གྱིས་ཇེཀ་ལ་བལྟས་པར། ཇེཀས“འདི་ལ་ཡིད་མི་ཆེས་རྒྱུ་ཅི་ཡོད། བོད་ཀྱི་སྤྱི་ཚོགས་ཡང་སྤྱི་ཚོགས་གཞན་དང་འདྲ་བོ་རེད”ཟེར།
  ཕྱིས་སུ་ཁོས་ད་དུང་གཞན་ལ་བསྟན་མེད་པའི་པར་དང་བརྙན་ཟློས་མང་པོ་ཞིག་མོ་ལ་བསྟན་ཅིང་། ལོ་སྤྲུལ་སྐུས་ཁོ་ལ་བཏགས་པའི་བོད་མིང་དེ་ཡང་མོ་ལ་བཤད། དེ་ལྟར་ཨ་རིའི་ཤར་ཕྱོགས་ཀྱི་མི་རྒྱུད་དཀར་པོའི་སློབ་མ་འདི་དང་ཨ་རིའི་མི་སེར་དུ་གྱུར་ཡོད་པའི་ས་མཐའི་བོད་ཀྱི་བུ་མོ་འདི་གཉིས་བར་ལ་གཞན་གྱིས་མི་ཤེས་ཤིང་གསང་བ་མ་ཡིན་པའི་གསང་བ་འཕྲོ་རིམ་འཕྲོར་ཡོད་པར་གྱུར། ཀརྨ་བདེ་ལེགས། ཇི་འདྲའི་མིང་ཡག་པོ་ཞིག་ཨང་། མོས་མིང་དེ་ཡིད་ལ་ཤར་ཐེངས་རེར་དེ་ལྟར་བསམ།
  ནམ་ཞིག་ནས་བཟུང་། གསལ་སྒྲོན་མོ་རང་གིས་ཀྱང་མ་ཚོར་བར། མིང་ཡག་པོ་དེ་ཡིད་ལ་ཤར་ཐེངས་ཇེ་མང་ལ་སོང་ཞིང་། ཤར་ཐེངས་རེར་ཇི་འདྲའི་མི་ཡག་པོ་ཞིག་ཨང་སྙམ། མིག་ལམ་དུ་ཤ་མདོག་དཀར་ལ། མིག་གི་རྒྱལ་མོ་སེར་སྐྱར་ཡོད་ཅིང་། མ་ཁའི་འོག་ཏུ་ཁ་སྤུ་ངང་སེར་སྐྱེས་ཤིང་། ཅུང་ཙམ་རེ་ནས་འགྲམ་ངོས་སུ་སེར་ཉི་ལེར་སྣར་ཡོང་བའི་གཡས་སྐྲ་རྣ་རྒྱབ་ཏུ་འདེད་མཁན་དེ་ཤར།
ན་གཞོན་ཚོས་བརྩེ་དུངས་ཟེར་བའི་སྨན་དེ་ཤེས་མེད་དུ་འཐུང་རྗེས། ལུས་སེམས་གཉིས་ཀ་ར་རོ་ནས་འདོད་བརྩེ་ཟེར་བའི་བདེ་སྐྱིད་དང་སྡུག་བསྔལ་དབྱེར་མེད་དུ་འདྲེས་པའི་ཀློང་འཁོར་ཆེན་མོ་དེར་འབྱམས་ངེས་ཏེ། གསལ་སྒྲོན་དང་ཇེཀ་གཉིས་ཀྱང་དཔྱིད་དུས་ཀྱི་མཚན་ཚོགས་ཤིག་གི་རྗེས་དཔེ་དེབ་དང་རོལ་ཆས། གྱོན་ཆས་སོགས་མཉམ་གཅིག་ཏུ་་སྤུངས་འདུག་པའི་ཇེཀའི་ཉལ་ཁྲི་ཆེན་པོ་དེའི་སྟེང་ཀློང་འཁོར་ཆེན་མོ་དེར་ཞུགས་པར་གྱུར།
  བརྟག་དཔྱད་ལ་གྲ་སྒྲིག་བྱེད་ཆེད་གསལ་སྒྲོན་གྱིས་རྒྱ་སྐད་གསར་དུ་སྦྱངས་ཤིང་། བོད་སྐད་ཀྱི་མིང་གསར་དག་ཀྱང་ཅི་ཐུབ་ཀྱིས་བློར་བཟུང་བ་དང་ལོ་གཉིས་པའི་དབྱར་ཀའི་གུང་གསེང་བཏང་རྗེས་སུ་ཇེཀས་མོ་རང་བོད་ཡུལ་དུ་ཁྲིད།
  མོས་སྲང་འགྲམ་གྱི་འཁྱིལ་ཆུ་དེ་དག་ལ་གཟབ་ནན་གྱིས་གཡོལ་ཞོར་མདུན་དུ་ཆས། གར་ཡོང་མི་ཤེས་པའི་གྲང་རླུང་ལྡོམ་པོ་རེས་མོའི་ལྭ་བ་བརྟོལ་ནས་ཇེཀའི་དྲོད་ཤ་ད་དུང་ཡལ་མེད་པའི་ལུས་པོ་དེ་འཁྱགས་པར་བྱས། ཡུན་གྱིས་གློག་ཞུ་དམར་པོ་བཀར་འདུག་པའི་མགྲོན་ཁང་དེ་རྒྱང་ནས་མིག་ལམ་དུ་ཤར་བའི་མོད་ལ། མོས་ཞོགས་གསར་ལྟ་བུའི་ལྷ་མོའི་མིག་ཟུང་གཉིས་ཡིད་ལ་དྲན།
ཇེཀ་དང་མོ་གཉིས་ཟི་ལིང་དུ་འབྱོར་བའི་ཉིན་གཉིས་པར། ཇེཀས་མོ་རང་ཁྲིད་དེ་སྒྲོལ་མའི་མགྲོན་ཁང་ཟེར་བ་དེའི་སྒོ་ཁར་ཐོན། གསལ་སྒྲོན་གྱིས་སྔོན་མར་ཇེཀས་མོ་ལ་བསྟན་མྱོང་བའི་པར་དེ་ཡིད་ལ་ཤར་བས། ད་གཟོད་ཁོ་མོ་ཡོང་ས་དེ་གང་ཡིན་ཤེས་པར་གྱུར། ཇེཀས“ད་ཁྱོད་སོང་། རོགས་པ་དགོས་ན་ཁ་པར་ཐོངས། ངས་ཕ་གིའི་ཇ་ཁང་དུ་ཁྱོད་ལ་སྒུག”ཟེར།
  མགྲོན་ཁང་དེ་ནི་གྱང་རྩི་བརྒྱབ་མེད་པའི་རྭ་སྐོར་མཐོན་པོ་ཅན་ཞིག་ཡིན་ཅིང་། མགྲོན་པོས་ཐོ་འགོད་ཚེ་སྒོ་ཆེན་བརྒྱུད་ནས་རྭ་སྐོར་ནང་དུ་འགྲོ་དགོས། ཉིན་དེར་སྒོ་ཆེན་འགྲམ་དུ་བུ་མོ་གཅིག་ལངས་འདུག གསལ་སྒྲོན་ནང་དུ་འགྲོ་རྩིས་བྱས་པར། བུ་མོ་དེས་རྒྱ་སྐད་ཀྱིས“མགྲོན་ཁང་ཁ་གང་འདུག”ཟེར། མོས་མོ་ལ་ཁ་ཡ་མ་བྱས་པར་ནང་རོལ་དུ་འགྲོ་རྩིས་བྱས་པར། བུ་མོ་དེས་མོ་ལ་ཞིབ་ལྟ་ཅུང་ཟད་བྱས་རྗེས་ཨམ་སྐད་ཀྱིས“ཨ་ཅེ། ཁྱོད་ཀྱིས་འདུག་ས་གཞན་ཞིག་ཚོལ། ཁྱོད་འདིར་མ་ཡོང་ན་བཟང”ཟེར། གསལ་སྒྲོན་གྱི་ཕ་མ་གཉིས་ཀ་ཨ་མདོ་ནས་ཡིན་པས། མོས་གསལ་བོར་གོ མོས་མཉམ་བཞག་ནས་བུ་མོ་དེར་བལྟ་དུས། གསར་དུ་བརྡོལ་བའི་ཆུ་མིག་ལྟ་བུ་དང་ཆུ་ནང་དུ་ཡོད་པའི་གཟི་ལྟ་བུའི་མིག་ཟུང་དེས་ངོ་མཚར་བར་བྱས། འོན་ཀྱང་ངོ་གདོང་ལ་རྩི་དཀར་དམར་བྱུགས་པ་དང་སྐྲ་དམར་སེར་དུ་བྱས་ཤིང་། འོག་གི་ལུས་པོའང་མཐོང་ཐུབ་པའི་སྟོད་གོས་གྱོན་ཡོད་པ་དེས་མོས་མཐོང་མྱོང་བའི་པར་དེའི་སྟེང་གི་བུ་མོ་དེ་གཉིས་ཡིད་ལ་དྲན། མོས“བུ་མོ། ཁྱོའི་མིང་ལ་ཅི་ཟེར། འུ་གཉིས་ངོ་ཤེས་ཤིག་བསྒྲིག་ན་ཆོག་གམ” ཞེས་དྲིས་པར། བུ་མོས་ཕྱིར“ཁྱོད་གང་གི་ཡིན”ཞེས་མིག་ཟུང་སྒོར་མོ་དེས་གསལ་སྒྲོན་གྱི་མགོ་ལུས་ལ་ཡང་བསྐྱར་ཞིབ་མོར་ལྟ་བཞིན་དྲིས། “ངའི་མིང་ལ་གསལ་སྒྲོན་ཟེར། ང་ཨ་རི་ནས་ནར་སོན་པའི་བོད་པ་ཡིན། འདིར་གསར་དུ་འབྱོར་བ་ཡིན། ངས་ཁྱོད་རང་ངོ་ཤེས་ན་འདོད། ང་ལ་ཁ་བརྡ་ཞིག་བྱས་ན་ཆོག་གམ”ཞེས་མོའི་ལག་མགོ་ནས་བཟུང་། མོས“ཨ་ཅེ། ང་ཚོ་ཁོམ་གྱིན་མེད། ཁྱོད་རྗེས་མར་ཡོང་ན་ཆོག་གམ” ཞེས་མགོ་བོ་ཕྱིར་འཁོར་ནས་རྭ་སྐོར་ནང་རོལ་གྱི་སྒེའུ་ནག་པོ་དེར་ལྟ་ཞོར་དེ་སྐད་ཟེར།
  “ང་ལ་གོ་སྐབས་ཤིག་ངེས་པར་སྟེར་རོགས།”མོས་ཀྱང་སྒེའུ་ནག་པོ་དེར་ལྟ་ཞོར་བུ་མོ་དེར་དེ་སྐད་བཤད།
  བུ་མོ་དེ་ཅུང་ཟད་འཚེར་བའི་ངང་མོ་ལ“འོ་ན། ཁྱོས་སྐར་སུམ་ཅུ་རིང་ལ་དངུལ་ལྔ་བཅུ་སྟེར་ཐུབ་བམ། ང་ཚོའི་སྦྱིན་བདག་ལ་སྟེར་དགོས”ཞེས་དྲིས། “ཐུབ་དང་ཐུབ། ”ཟེར་ཞོར་དངུལ་ཁུག་ལེན་གྲབས་བྱེད་སྐབས། བུ་མོས“ད་ལྟ་ལེན་མི་དགོས། རྗེས་མར་བྱིན་དང་ཆོག”ཟེར་ཞོར་སྒེའུ་ནག་པོ་ཅན་གྱི་ཁང་མིག་དེ་གཟས་ནས་གསལ་སྒྲོན་རྭ་སྐོར་ནང་དུ་ཁྲིད། མོ་གཉིས་སྒེའུ་ནག་པོ་དེའི་གམ་ལ་ཐོན་སྐབས། སྒེའུ་དེ་ཕྱེས་སོང་། ནང་ནས་བུད་མེད་རྒྱགས་པ་ངོ་གདོང་ཤིན་ཏུ་དཀར་བ། སྐྲ་ཐོར་ཚུགས་སུ་བཅིངས་པ། སྨིན་མ་ནི་སྙུག་རྩེ་ནག་པོས་ཤད་ལེར་འཐེན་པ་ཞིག་གིས་གསལ་སྒྲོན་ལ་ལྟ་ཞོར་ལྷ་མོ་ལ་རྒྱ་སྐད་ཀྱིས“འདི་ཅི་རེད། གསར་འབྱོར་ཞིག་རེད་དམ”ཞེས་དྲིས། བུ་མོ་དེས་གསལ་སྒྲོན་ལ་སྔོན་དུ་སོང་ཟེར་བའི་མིག་བརྡ་ཞིག་སྟོན་ཞོར“མ་རེད། མགྲོན་པོ་ཞིག་རེད། ”ཟེར་ནས་སྒེའུ་ནག་པོ་དེ་དང་མྱུར་བར་གྱེས། རྒྱ་མོ་རྒྱགས་པ་དེས་ཤད་ལེར་འཐེན་པའི་སྨིན་མ་སྨིན་དབྲག་ཏུ་བསྡུས་ནས་མོ་གཉིས་ཀྱི་རྗེས་ལ་ཅུང་ཟད་བལྟས་བསྡད་རྗེས་གློ་བུར་དུ་ཅི་ཞིག་དྲན་པ་ལྟར་དགོད་ཞོར“ཧེ་ཧེ་་་ དེང་གི་ན་གཞོན་འདི་ཚོ་ཨང་། ད་འདི་ཚོ་སྐྱོབ་ཐབས་མི་འདུག དངོས་གནས་སྐྱོབ་ཐབས་མི་འདུག ”ཟེར།
  ཐེམ་སྣེ་རལ་འདུག་པའི་རྡོ་སྐས་དེ་བརྒྱུད་ནས་བུ་མོ་དེས་གསལ་སྒྲོན་ཉིས་ཐོག་ཏུ་ཁྲིད། བར་ཁྱམས་ཀྱི་ཁང་མིག་དག་བརྒྱུད་སྐབས། ཁང་བའི་ནང་རོལ་ནས། ཧབ་ཆ་དང་ཀུ་རེ་རྩེ་བའི་སྒྲ་ཐོས་འོངས་ཤིང་། ཕོ་མོའི་ཆགས་པའི་འཁུན་སྒྲའང་བར་བར་ནས་མཆེད་འོངས་བས། བུ་མོ་དེས་གསལ་སྒྲོན་ལ་གཅིག་བལྟས་རྗེས་གདོང་དམར་བོར་གྱུར་ནས་མྱུར་ཏུ་ཁང་མིག་སྣེ་མ་དེར་ཁྲིད།
  ཁང་མིག་དེར་ཉལ་ཁྲི་ཆེན་པོ་གཅིག་དང་ཉལ་ཁྲིའི་གམ་དུ་སྙིགས་ཟེའུ་དམར་པོ་ཞིག་བཞག་འདུག་ལ། ཉལ་ཁྲིའི་མདུན་ཐད་དུ་མདུན་ཅོག་ཅན་གྱི་མེ་ལོང་ཆེན་པོ་ཞིག་ཡོད་ཅིང་། མདུན་ཅོག་སྟེང་དུ་རྒྱ་ཡིག་གི་དུས་དེབ་རྙིང་བ་ཞིག་བཞག་འདུག་ཅིང་། དེའི་གམ་དུ་སྐག་རྫས་འདྲ་མིན་གྱིས་བཀང་འདུག
  “འདི་ངའི་སྡོད་ཁང་ཡིན། འདིར་ཙོག་རོགས”བུ་མོ་དེས་མལ་ཁྲིའི་འོག་ནས་རྐུབ་སྟེགས་ཆུང་བ་ཞིག་བླངས་ནས་གསལ་སྒྲོན་ལ་བྱིན་པ་དང་། མོ་རང་མལ་ཁྲིའི་སྟེང་དུ་ཙོག་ནས “ངའི་མིང་ལ་ལྷ་མོ་ཟེར”ཞེས་བཤད།
  གསལ་སྒྲོན་དང་ལྷ་མོ་གཉིས་ཀྱིས་དེ་ལྟར་ངོ་ཤེས་པ་དང་གཅིག་གིས“ཁྱོད་ཀྱིས་ང་ལ་ཁ་བརྡ་ཅི་བྱེད་འདོད་ན་བྱོས་དང་ཆོག”ཟེར་བ་དང་ཅིག་ཤོས་དེས“ཅི་ཞིག་བཤད། ངས་ཅི་བཤད་དགོས་མིན་ཤེས་ཀྱི་མི་འདུག ཐེངས་སྔོན་མར། ཞིབ་འཇུག་པ་ཡིན་ཟེར་བ་ཞིག་གིས་ཀྱང་དངུལ་བྱིན་ནས་ལས་རིགས་འདི་གཉེར་མཁན་ཚོའི་འཚོ་བའི་ཐད་ནས་ཁ་བརྡ་ཞིག་བྱེད་རོགས་ཟེར་མོད། ངས་ནི་ཅི་ཡང་བཤད་ཤེས་ཀྱི་མི་འདུག”ཞེས་ལབ་གླེང་གི་མགོ་བརྩམས།
  ཐེངས་དེར་གསལ་སྒྲོན་གྱིས་དྲི་བ་རེ་དྲིས། ལྷ་མོས་ལན་རེ་བཏབ་ནས་ལྷ་སའི་བར་སྐོར་གྱི་ཉེན་རྟོན་པ་ཞིག་དང་ཐེངས་དང་པོར་ལྷ་སར་ཡོང་བའི་ཨ་མདོའི་མཇལ་བ་ཞིག་ཕྲད་པ་ལྟར་དྲི་བ་དྲིས་ལན་བྱས་པས། ཁོ་མོ་གཉིས་ཀ་དོགས་མ་བདེ་བར་རེ་ཞིག་ནས་མཚམས་འཇོག་དགོས་པར་གྱུར།
ཉིན་གསུམ་གྱི་རྗེས་སུ་ཐེངས་གཉིས་པར་ལྷ་མོའི་སར་སོང་དུས། རྒྱ་མོ་རྒྱགས་པས་སྔར་བཞིན་དགོད་ཞོར“ཧེ་ཧེ་་་ དེང་གི་ན་གཞོན་འདི་ཚོ་ཨང་། ད་འདི་ཚོ་སྐྱོབ་ཐབས་མི་འདུག དངོས་གནས་སྐྱོབ་ཐབས་མི་འདུག ”ཟེར། ཐེངས་དེར། ལྷ་མོས་ཁོ་མོ་བཙའ་སྐབས་མཚེ་མ་ཞིག་ཡིན་ཚུལ་དང་ཁོ་མོ་བཙས་ནས་ཁྱེའུ་གཉིས་པ་དེ་བཙའ་སྐབས་སུ་ཨ་མ་གློ་བུར་དུ་ན་ནས་བཙའ་མ་ཐུབ་པར་མ་བུ་གཉིས་ཀ་ཤི་བས། མོའི་ཨ་ཕ་དང་མོ་གཉིས་ཀ་ཤུལ་དུ་ལུས་ཚུལ། ཕྱིས་སུ་འབྲོག་དམངས་གཏན་སྡོད་བྱས་རྗེས་རྩྭ་ས་དང་ནོར་ལུག་མེད་པས། ཡུན་གྱིས་འཚོ་བ་ལ་དཀའ་ངལ་བྱུང་ཞིང་། ཨ་ཕར་ནད་ཅིག་བྱུང་ནས་སྨན་རིན་སྤྲོད་དཀའ་བར་གྱུར་བས་མོ་རང་རྒྱ་གྲོང་འདི་ལ་ཡོང་ཚུལ་སོགས་བཤད།
  དོན་ངོ་མར་བཤད་ན། མོ་རང་ལྷ་མོའི་སར་འགྲོ་ཐེངས་གསུམ་པ་དེས་ད་གཟོད་ནམ་གུང་འདིར་འདི་ལྟར་མོ་རང་ཇེཀ་དང་ཉལ་ས་དྲོན་པོར་ཁ་གྱེས་ཤིང་། ཅུང་ཟད་ཙམ་བསྒུགས་པས་ཐ་སྙད་ཀྱིས་བརྗོད་ཐབས་མེད་པའི་འདོད་བརྩེའི་དབྱིངས་ཆེན་མོ་མངོན་དུ་འགྱུར་བ་དེ་ཡང་ཐལ་བ་དང་མཆིལ་མ་བཞིན་རྒྱང་དུ་དོར་དེ་འཁྱགས་སིབ་སིབ་ཀྱི་ཕྱི་རོལ་འདི་ལ་འདི་ལྟར་འགྲོ་རུ་བཅུག་པ་རེད། གཅིག་བྱས་ན་ཇེཀ་དང་དུས་གཏན་དུ་འབྲེལ་ཐག་གཅོད་དུ་བཅུག་པ་རེད།
  ཐེངས་མ་དེར་གསལ་སྒྲོན་སྔར་ལྟར་རྐུབ་སྟེགས་ཆུང་ངུ་དེའི་སྟེང་ལ་ཙོག་ཅིང་། ལྷ་མོ་མོའི་སྔོན་གྱི་མལ་ཁྲིའི་སྟེང་ལ་ཙོག་པ་དང་། ལག་པ་གཉིས་ཀྱིས་གསལ་སྒྲོན་གྱི་ལག་མགོ་ནས་བཟུང་དེ “ཉིན་དེར། ངའི་རྒྱུ་ཞབས་འདི་ཚོད་ཤིན་ཏུ་ན་ནས་སྦྱིན་བདག་མར་གནང་བ་ཞུས་མོད། མོས་ནམ་རྒྱུན་ལྟར། ཞབས་ཞུའི་ལས་རིགས་ལ་མཚོན་ན། འགྲུལ་བ་ནི་གནམ་རྒན་མ་ལྟར་བཀུར་ནས་ཞབས་ཞུ་བྱེད་དགོས། འགྲུལ་བ་ཡོད་དུས། ན་ནས་འདུག་ཁོམ་ཞིག་གང་ན་ཡོད། འདི་ངའི་ངོ་ཤེས་རྙིང་བ་ཞིག་ཀྱང་ཡིན། ཞབས་ཞུ་ཡག་ཙམ་བྱོས་ཟེར་ནས་རྒྱ་མི་ཚོན་པོ་ཞིག་ངའི་སར་མངགས་བྱུང་།”
  “ངས་ཇི་ལྟར་མི་འདོད་ནའང་། མི་ཐུབ་ཟེར་ག་ལ་ཆོག་་་ ་་་”
  “ ཁོས་དུད་འགྲོ་ཞིག་གི་ཚད་དུ་བཞག་ནས། ང་ལ་འདི་བྱོས་དང་གན་བྱོས་སོགས་གོ་ཡང་མ་མྱོང་བ་བྱེད་དུ་བཅུག སྦྱིན་བདག་མས་མགྲོན་པོར་ཁ་ལོག་བརྒྱབ་ན་ཡོང་འབབ་མི་སྟེར་བ་མ་ཟད། ད་དུང་ཆད་པ་ཡོད་ཟེར་བས་ང་ཚོས་མགྲོན་པོར་ཁ་ལོག་རྒྱག་ག་ལ་ཕོད། དེ་མ་ཟད། ཁོ་ནི་སྦྱིན་བདག་མས་ངོ་ཤེས་ཤིག་ཀྱང་ཡིན་ཟེར་བས། ཁོས་ཞབས་ཞུ་མི་ལེགས་ཚུལ་བཤད་ན་དོན་མེད་དུ་ཆད་པ་ཉོས་ཡོང་བས། ངས་ཅི་ཐུབ་ཀྱིས་གདོང་གི་སྐྱི་མོ་གཉེར། ཁ་ཤ་ཡར་ལ་འཐེན་ནས་རེ་བ་ལྟར་བསྒྲུབས་པ་ཡིན། ཡིན་ནའང་་་ ཡིན་ནའང་་་” ལྷ་མོ་བཤུམས་མགོ་བརྩམས“ ཡིན་ནའང་། མཚམས་ཤིག ཁོས་ང་ཕར་འཁོར་ཟེར། ངས་ཅི་རེད་དྲིས་པར། ཁྱི་ཁ་ཟུམ་ལ་ཕར་འཁོར་ཟེར། ངས་མི་འདོད་པའི་ངང་ཕར་འཁོར་ནས་སྡོད་དུས་ཁོས་ངའི་རྐུབ་ལ་ཐལ་ལྕགས་ཀྱིས་གཞུས་སོང་། ཤེད་ཀྱིས་གཞུས་སོང་།”ལྷ་མོས་ལག་པས་ཁ་བསུམ་ནས་ངུས། “སྒོ་ཁའི་ཕྱུགས་ཟོག་ཞིག་ཡིན་ནའང་། མིས་འདོད་བློ་ལྟར་བྱས་ན་གཞུ་མི་སྲིད། ང་ནི་ཕྱུགས་ཟོག་ཞིག་གི་ཚད་དུའང་མ་བཞག་པ་རེད། ང་ནི་ཟོག་ལའང་མ་དོ་བ་རེད”མོའི་སྐད་ཤིན་ཏུ་དམའ། མིག་ཆུ་མཛུབ་མོའི་བར་ནས་བཞུར་ཏེ་ཨར་འདམ་གྱིས་དབྱིས་ཡོད་པའི་ཐང་ལ་རྙོག་སེ་ལྷུང་། “ངས་་་ ་་་ དྲིན་ཆེན་ཕ་མ་གཉིས་ལ་ང་འདྲ་བའང་སྐྱེས་སོང་སྙམ་ནས་ནུབ་མོ་དེར་ནམ་གང་བོར་ངུས་བསྡད་པ་ཡིན”ཟེར། མགྲིན་པ་དང་གདོང་ཆིམས་ནས་འོངས་པའི་ངུ་སྒྲ་དང་སིར་སྒྲ་འདྲེས་མ་དེས་གསལ་སྒྲོན་གྱི་སེམས་ལ་སྔ་མོ་ནས་སྡེར་ཤད་བརྒྱབ་ཏེ་ཁྲག་དམར་ཟགས། མོས་ཁུག་མ་ལས་གཙང་ཤོག་ཕོན་པོ་ཞིག་བླངས་ནས་ཕྱེད་ག་ལྷ་མོར་བྱིན། ཕྱེད་ཀ་མོ་རང་གི་མིག་ཀོང་དུ་ཁྱེར། དེ་ལྟར་ཉལ་ཁྲི་རྙིང་བ་དེའི་གམ་དུ་མོ་གཉིས་རང་རང་སར་ངུས་ནས་བསྡད།
  ཐེངས་དེའི་བཅར་འདྲིའི་རྗེས་སུ་གསལ་སྒྲོན་གྱིས་ཇེཀ་མཐོང་དུས་མི་གཉིས་ལྟ་བུ་ཞིག་ཏུ་གྱུར། ཁོ་གཉིས་མཉམ་དུ་སྡོད་སའི་རྒྱ་མིའི་མགྲོན་ཁང་དེར་ཁང་བ་གཞན་མེད་པ་ཤེས་རྗེས་དེ་ལས་ཐོན་ནས། ལམ་ཆེན་དེའི་གཡོན་འགྲམ་གྱི་སྤྱི་ལེ་གཉིས་ཀྱི་ཁ་མཚམས་ན་ཡོད་པའི་བོད་མིས་ཕྱེས་པའི་མགྲོན་ཁང་དེར་ཐོ་འགོད་བྱས། འོན་ཀྱང་། ཇེཀས་ཐག་རིང་འདི་འདྲ་ཞིག་ལ་འོངས་ནས་ཁོས་ནི་ཁོ་གཉིས་མི་མཐུན་པ་བྱེད་མི་འདོད་ལུགས་དང་། སྐྱོན་ཅི་བཟོས་ཁོ་རང་ཉིད་ཡིན་པ། མདོར་ན། ཁོ་ནི་མོ་ལ་ཤིན་ཏུ་དགའ་བ་སོགས་སྨྲས་པས། གསལ་སྒྲོན་གྱིས་རང་གི་ཅ་ལག་རྣམས་བོད་མིའི་མགྲོན་ཁང་དེར་བཞག་མོད། མོ་རང་སྔར་བཞིན་ཇེཀའི་གམ་དུ་བསྡད། ཡིན་ནའང་། དོ་ནུབ་ཀྱི་ཐལ་ལྕགས་དེས་མོས་ལྷ་མོ་དྲན་ཞིང་། ཇེཀ་ནི་ཞེ་མེར་བའི་སྐྱེས་པ་དེ་དག་དང་གཉིས་སུ་མེད་པའི་ཚོར་བ་སྐྱེས། མོས་དེ་སྔོན་ཨ་རིར་ཡོད་སྐབས་ཀྱང་ཇེཀས་དེ་ལྟར་ཐལ་ལྕགས་ཀྱིས་གཞུ་བ་ཡིད་ལ་དྲན་པའི་མུར། ལྷ་མོའི་བཤད་པ་ལྟར། མོ་རང་མིའི་ཚད་དུ་མ་བཞག་པར་མ་ཟད། ཕྱུགས་ཟོག་ཞིག་གི་ཚད་དུའང་བཞག་མི་འདུག གལ་ཏེ་མོ་ལ་ཞེ་གཏིང་ནས་དགའ་ན་དེ་ལྟར་ཐལ་ལྕགས་ཀྱིས་གཞུ་སྲིད་དམ་སྙམ།
  ལམ་འགྲམ་གྱི་ཆུ་འཁྱིལ་དེ་དག་བརྒལ་ཞོར་མོས་ལྷ་མོའི་མིག་ཟུང་དང་སྐད་ཆ་བཤད་སྐབས་མཚམས་མཚམས་ལ་ངོ་ཚ་ནས་ཁ་བསུམས་འགྲོ་བའི་ཉམས། ལྷག་པར་དུ་མོ་དང་ཁ་གྱེས་ཁར། གལ་ཏེ་ངའི་མཚེ་ཡ་དེ་ཡང་སྐྱེ་ཐུབ་ཡོད་ན། ང་ལ་ནམ་རྒྱུན་ཁྱོད་ལྟ་བུའི་ཁ་བརྡ་བྱེད་ས་ཞིག་ཡོད་རྒྱུ་རེད་ཞེས་བཤད་པ་སོགས་ཡིད་ལ་འཕྲོ་རིམ་འཕྲོར་ཤར་རྗེས། བོད་མིའི་མགྲོན་ཁང་གི་ཕྱོགས་སུ་འགྲོ་མཚམས་བཞག་ནས་སྒྲོལ་མའི་མགྲོན་ཁང་ཟེར་བའི་མགྲོན་ཁང་དེའི་ཕྱོགས་སུ་ཆས།
  མགྲོན་ཁང་གི་སྒོར་ཐོན་དུས། ནང་རོལ་དུ་མི་འགའ་ཤས་ནས་ཁ་འཁོན་བྱེད་ཀྱིན་པའི་སྐད་ཐོས་ཤིང་། ཏག་ཏག་དེ་ནི་ཉིན་དཀར་སྒེའུ་ནག་པོ་ཡོད་ས་དེའི་སྒོ་འགྲམ་རེད་འདུག རྒྱ་མོ་དེ་མོའི་ཁང་བ་དེའི་སྒོ་འགྲམ་དུ་ལངས་ནས་སྐད་མཐོན་པོས“ང་ཚོས་ནམ་ཡང་ཆང་བཟི་ཚོ་སྣེ་ལེན་བྱེད་མ་མྱོང་། ད་མར་སོང་ཞིག”ཟེར་ཀྱི་འདུག་ལ། མོའི་ཁ་གཏད་དུ་འགྲེང་བའི་སྐྱེས་པ་གཉིས་ལས་སྔོན་མ་དེས་རྒྱ་སྐད་ཀྱིས“ཁྱི་སྐྱག་ཁྱོད་ཚོ་དེ་འདྲའི་རྒྱས་པ་ཞིག་ཏུ་ནམ་གྱུར་བ་ཡིན། ཐེངས་སྔོན་མར་ཡང་ངེད་གཉིས་འདི་ལྟར་ཡོང་བ་ཡིན” ཟེར་བ་ལ། ཕྱི་མ་དེས་བོད་སྐད་ཀྱིས“ཁྱི་མོ་འདི་ཚོ!”ཟེར་ཞོར་ལུད་པ་ཞིག་ཤར་རེར་རྒྱང་ལ་འཕངས་པ་དང་། ཡང་སྔོན་མ་དེས་རྒྱ་སྐད་ཀྱིས“ད་ངས་ཁྱོད་ལ་ཞུ་བ་བྱེད། ངའི་གྲོགས་པོར་ངོ་མི་སྟེར་ན་ཡང་ང་ལ་ངོ་ཞིག་བྱིན”ཞེས་བཤད་པ་ལ། ཕྱི་མ་དེས་ཡང་བོད་སྐད་ཀྱིས“འགྲོ་རུ་མི་འཇུག་ན། དེའི་མགོ་ཅོ་འབྲེག་ལ་འཇོག”ཟེར། ལག་གི་ཆང་སྣོད་དམ་བེ་དེ་རྭ་སྐོར་དེའི་གྱང་རྩར་ཤེད་ཀྱིས་གཡུགས་པས“ཏིང་་་”སྒྲ་དང་བཅས་ཆགས་ནས་སིལ་བུར་སོང་། སྐབས་དེར་ཚུར་འཁོར་འདུག་པའི་རྒྱ་མོས་མགྲོན་ཁང་གི་རྭ་སྐོར་སྒོ་ཆེན་ཁར་མི་ཞིག་འདུག་པ་མཐོང་ནས་ཚུར་བལྟས་པས། གསལ་སྒྲོན་མྱུར་བར་བཀྱེད་ནས་སྒོ་ཆེན་ལས་གཡོལ་དེ་མདུན་ཕྱོགས་སུ་ཆས།
  མོས་གནས་ཚུལ་ཅི་འབྱུང་ངམ། མི་དེ་གཉིས་ཀྱིས་ལྷ་མོ་ལ་གནོད་ངེས་སམ། ཉེན་རྟོག་པ་འབོད་དམ་འབོད་དམ་སྙམ་ཞོར་མོའི་མགྲོན་ཁང་གི་ཕྱོགས་སུ་སོང།
  མཚན་མོ་དེར་མོ་ལ་གཉིད་མ་ཡོང་། ལྷ་མོའི་མིག་ཟུང་དང་བཟི་བོ་དེ་གཉིས་ཀྱི་རྒྱབ་གཟུགས། ཆང་དམ་དེའི་སིལ་སྒྲ། ཇེཀའི་ཐལ་ལྕགས་བཅས་ཡིད་ལ་རེས་མོས་ཀྱིས་བབས་པས་བྲང་ཁོང་ནས་མནན་ཡང་མི་ནོན་པའི་སྐྱོ་བ་ཞིག་འཐིབས་སྟེ་མོའི་མིག་གི་ཀོང་བུར་ཐོན་ཅིང་། དེ་ནས་ཡང་ཤོར་ཏེ་གདོང་བ་ནས་སྔས་མགོ་དཀར་པོ་དེར་འཐིམས།
  ཞོགས་པའི་སྐྱ་མདའ་འགྱོག་སྐབས། ད་གཟོད་མོ་རང་གཉིད་དུ་ཡུར།
  མོའི་རྨི་ལམ་དུ་མཁའ་དབྱིངས་སུ་འོད་ཀྱི་ཟེར་མ་ལྡང་བའི་ལམ་ཆེན་སྲིད་ལ་རིང་བ་ཞིག་འཐེན་འདུག་ཅིང་། མོ་རང་དེར་བྱ་དཀར་པོ་ཞིག་ལ་ཞོན་ནས་ལྷ་མོ་ཁྲིད་དེ་ཨ་རིར་འགྲོ་བཞིན་འདུག་ལ། ཨ་རིར་ཐོན་དུས་ལྷ་མོ་ལ་བུ་མོ་མཚེ་མ་ཞིག་སྐྱེས་ཤིང་། གཅིག་གི་མིང་ལ་གསལ་སྒྲོན་ཞེས་བཏགས་ཡོད་པ་རྨིས།

                                                            2015/9/15 པེ་ཅིང་དུ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཡུ་ཆུང་གི་བརྩམས་སྒྲུང་གསར་བ། བུ་མོ་མཚེ་མ།

2015-09-25 གཡུ་ཆུང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།