བོད་ཀྱི་བུད་མེད་དང་མི་རབས་གསར་བ།

སྤྱི་ཚོགས་ཀྱི་གྲུ་ཟུར་གང་ཞིག་ནས་ལངས་ཀྱང་སྙིང་དུ་མི་སྡུག་པའི་དོན་བྱ་གང་མང་གིས་དུས་ནམ་ཡང་རང་ཉིད་ལྷོད་ལྷོད་དུ་མི་འཇོག   ངས་ནམ་ཡང་རང་ཉིད་ལ་འདི་ལྟ་བུའི་རབ་རིབ་དང་སྐྱོ་གདུང༌།  ཡང་ན་འགན་ཁུར་ཅི་འདྲ་ཞིག་སེམས་ངོར་ལེན་དོན་གསལ་ཆ་མ་མཆིས་ཀྱང་སྤྱི་ཚོགས་གང་མང་གི་རྡོག་སྣེ་རུ་གོམ་པ་རྒྱབ་ཚེ་གཞི་ནས་དོར་མི་ཐུབ་པའི་གྲིབ་རིས་ཤིག་དང༌།གྲིབ་རིས་དེ་ཡིས་ང་ལ་བཞག་པའི་སྡུག་བསྔལ་ཇེ་ཆེ་དང་ཁ་ཇེ་གསལ་རེད།   དེ་ནི་ཕ་ཡུལ་གྱི་རི་གྲོང་ན་ལང་ཚོ་དོན་མེད་དུ་ཟད་བཞིན་པའི་བོད་ཡུལ་གྱི་ཨ་མ་དང་བུད་མེད་ཚོའི་ཆེད་དུ་རེད་ལ།   གྲོང་ཁྱེར་གྱི་སྲང་བར་དང་རྫོང་འཐུག་པའི་མི་ཚོགས་ཁྲོད་དུ་རུལ་སུངས་ནས་འཇིག་ཉེན་ལ་འགྲོ་བཞིན་པའི་བོད་ཀྱི་བུད་མེད་ཚོའམ་ཡང་ན་བོད་ཀྱི་མ་འོངས་པ་ཡིན་པའི་མི་རབས་གསར་བ་དག་གི་ཨ་མ་ཚོའི་ཆེད་དུ་རེད།   བལྟས་མ་ཐག་ཏུ་སྨོན་ནི་འདྲ་ཞིག  མཐོང་མ་ཐག་ཏུ་མཛེས་པོ་འདྲ་ཞིག  ཡིན་ན་ཡང་མི་རིགས་ཤིག་གི་འགན་འཁྲི་དང་འབྱུང་འགྱུར་ལ་བསམ་བློ་བཏང་ན།  གྲོང་ཁྱེར་དུ་རྨི་ལམ་དང་འཆར་སྣང་གཞན་ཞིག་གིས་སྦྱིན་པའི་བསླུ་བྲིད་ལ་འཇུ་བའི་བུད་མེད་ཚོའམ་ཡང་ན་བསམ་བློའི་བསླུ་བྲིད་ཀྱིས་བཏེགས་པའི་རྨི་ལམ་གཞན་ཞིག་གི་སྟོབས་ཀྱིས་ག་ལེར་རང་ཉིད་ཀྱི་ངོ་གདོང་འབོར་བཞིན་པ་དེའི་ཆེད་དུ་སེམས་ཁྲལ་མི་བྱེད་ཐབས་མེད་རེད།   བོད་དུ་བོད་སྐད་དང་བོད་ཡིག་མི་ཤེས་ཀྱང༌།  བོད་ཀྱི་གནས་བབ་དང་མི་རིགས་ཤིག་གི་འཕེལ་རིམ་ལ་རྒྱུས་ལོན་བྱས་ཏེ་ད་གཟོད་་སེམས་ནང་ན་བོད་ཡོད་མཁན་གྱི་བུད་མེད་རྩོམ་པ་པོ་འོད་ཟེར་ལྟ་བུའི་བུད་མེད་ཅི་ཙམ་ཡོད་དམ།   རང་གི་མི་རིགས་ཀྱི་མ་འོངས་པའི་མི་རབས་འདིའི་ཆེད་དུ་ལྷག་བསམ་དང་འགན་འཁྲི་སེམས་ལ་བཟུང་ནས་མི་ཚེ་གཞན་དོན་དུ་ཕུལ་པའི་ཨ་མ་རྗེ་བཙུན་པདྨ་ལྟ་བུ་ཅི་ཙམ་ཡོད་དམ།  བོད་ཀྱི་སློབ་གསོའི་ཁ་ཕྱོགས་ལ་རང་ནུས་ཅི་ལྕོགས་ཀྱིས་འབད་པ་བྱེད་བཞིན་པའི་རྒན་ཧོར་མོ་དང་དཔལ་མོ་ལྟ་བུ་ག་ཙམ་གདའ།   ད་དུང་མི་རིགས་ཀྱི་གདངས་དབྱངས་རྙིང་པ་ཞིག་དང་གླུ་ཚིག་ལས་མ་ཡུམ་གྱི་མིང་དེ་རྒྱུན་དུ་འབོད་པའི་འཇམ་དབྱངས་སྐྱིད་ལྟ་བུའི་གླུ་མ་ག་ཚོད་ཡོད་དམ།  འདི་ཡོད་ཚད་ཀྱི་སྣེ་མོ་ནས་ཁྱེད་ཀྱིས་རང་གི་མཐའ་འཁོར་དང་ཡང་ན་གོ་ཐོས་སོགས་ཀྱིས་འཛུབ་མོ་ནང་དུ་བཀུག་སྟེ་གྲངས་ཀ་ཁ་ཤས་བརྩི་རྒྱུ་ཡོད་སྲིད་མོད།  ཡིན་ན་ཡང་ས་ཡ་དྲུག་ཙམ་ལ་ངོས་འཛིན་བྱེད་བཞིན་པའི་མི་རིགས་ཀྱི་གྲངས་ཀ་འདིའི་ངོས་ནས་ཁྱེད་ཀྱིས་གྲངས་ཀ་རྒྱག་ཐུབ་པ་དེ་ཙམ་ཧ་ཅང་ཉུང་འདུག་ལ།དེ་ལས་ཀྱང་ང་ཚོའི་འགན་འཁྲི་དང་གནས་བབ་ལ་གཞིགས་ནས་བཤད་ན་འཛམ་གླིང་གི་བུད་མེད་གཞན་དག་ལས་ཀྱང་གོམ་པ་མགྱོགས་པོ་དང་གྲངས་ཀ་མང་པོ་དགོས་ཀྱི་ཡོད་པ་རེད། འཇིག་ལ་ཉེ་བའི་མི་རིགས་ཤིག་མུ་མཐུད་དུ་གནས་དགོས་ན་མི་ཐོག་རེ་རེ་ནས་འབྱུང་འགྱུར་གྱི་མི་རབས་དེ་ལ་སློབ་གསོ་དང་ཁོར་ཡུག་གང་འདྲ་ཞིག་བསྐྲུན་མིན་ལ་རག་ལས་ཡོད་དུས།  འབྱུང་འགྱུར་གྱི་མི་རབས་ནི་མི་རིགས་ཤིག་གི་བླ་སྲོག་དང་རྩ་བ་ཡིན།  འབྱུང་འགྱུར་གྱི་མི་རབས་དེ་ཁོར་ཡུག་དང་སློབ་གསོ་གང་འདྲ་ཞིག་ཏུ་འཚར་ལོངས་བྱུང་དུ་འཇུག་མིན་དེ་ཕ་མའི་གདམ་གསེས་ལ་རག་ལས་ཡོད་པ་དང་དེ་ལས་ཀྱང་བུ་ཕྲུག་གི་བསམ་བློའི་སློབ་གསོ་ལ་སྐྱེས་མ་དག་གི་བག་ཆགས་དང་ནུས་པ་ཆེས་ཆེར་འདོན་ཐུབ།  ཡིན་ན་ཡང་གྲོང་ཁྱེར་དང་རུལ་སུངས་ཀྱི་སྤྱི་ཚོགས་ལ་ཞུགས་པའི་བོད་ཀྱི་བུད་མེད་ཚོའི་མངོན་འདོད་ཀྱི་ཚད་དེ་མི་རིགས་ཀྱི་འགན་འཁྲི་དང་ཧ་ཅང་གིས་ཧེ་བག་ཆེན་པོ་ཡོད་དུས་ང་ཚོར་རང་བཞིན་གྱིས་སེམས་ཁྲལ་དགོས་པའི་གནད་དོན་ཞིག་སླེབས་ཚར་ཡོད།   བོད་ཀྱི་བུད་མེད་སློབ་གྲྭ་ཆེན་མོ་བ་ཚོའི་འཚོལ་སྙེགས་དང༌།    གྲོང་ཁ་སྲང་ཁ་རུ་མྱུག་བཞིན་པའི་བུད་མེད་ཚོའི་མངོན་འདོད།  རྨི་ལམ་དང་འཁྲུལ་སྣང་མེད་པར་ལས་དབང་འབྲོག་ཐང་ན་ཡོད་པའི་བོད་ཀྱི་བུད་མེད་ཚོའི་མི་ཚེའི་འཆར་ཡན།འདི་དག་ཚང་མ་བོད་ཀྱི་མ་འོངས་པའི་མི་རབས་འདི་གང་འདྲ་ཞིག་སྐྱེད་སྲིང་བྱེད་མིན་དང་ཐད་ཀར་འབྲེལ་བ་ཡོད།  ངས་འབྱུང་འགྱུར་གྱི་མི་རབས་འདི་ལ་བོད་དྲི་བྲོ་བའམ་ཡང་ན་བོད་པར་དུང་ཞེན་ཡོད་མེད་དེ་གླེང་གིན་ཡོད་དུས་བུད་མེད་ཚོའི་འཚོ་བ་དང་རྨི་ལམ་དེར་འཚོལ་སྙེགས་དང་བརྩོན་སེམས་ཡོད་ཀྱང་དེ་རང་རེའི་མི་རིགས་ཀྱི་འབྱུང་འགྱུར་དང་གཏན་ནས་ཁ་བྲལ་བཞིན་ཡོད་དུས་འདི་ལྟ་བུའི་མ་ཡུམ་ཚོས་བོད་ཀྱི་འབྱུང་འགྱུར་གྱི་མི་རབས་གང་འདྲ་ཞིག་བསྐྲུན་ཐུབ་བམ།དེ་ནི་འུ་ཅག་གི་མདུན་ན་ལྷག་པའི་གནད་དོན་དམ་ཡང་ན་དུས་རབས་དང་མི་རབས་ཀྱིས་ཚུར་དེད་ནས་ཡོང་བཞིན་པའི་དྲི་བ་འཇིགས་སྣང་ཅན་ཞིག་ཡིན།   
 
རྩོམ་ཁུངས། མཆོད་མེའི་པོད་ཁུག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བོད་ཀྱི་བུད་མེད་དང་མི་རབས་གསར་བ།

2008-12-23 ཚེ་རིང་སྐྱིད། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།