《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང》ལ་བསྐྱར་དུ་གདེང་འཇོག་བྱེད་པ།

       དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་བའི་སྟོད་ཙམ་ལ་བོད་གངས་ཅན་གྱི་ཡུལ་དུ་དེང་རབས་སྙན་ངག་གམ་རང་མོས་སྙན་ངག་འདི་དར་བ་རེད། འདི་ཐོག་མར་འབྲི་མཁན་ནི་ཡོངས་གྲགས་ལྟར་དཔལ་དོན་འགྲུབ་རྒྱལ་འདས་པོ་ཁོང་ཡིན་ལ། འདི་༡༩༨༣ ལོའི་《སྦྲང་ཆར》འདོན་ཐེངས་གཉིས་པའི་སྟེང་བཀོད་རྗེས། ཆར་རྗེས་ཀྱི་ཤ་མོ་བཞིན་ལད་ཟློས་དང་ལད་ཟློས་མ་ཡིན་པའི་སྙན་ངག་གསར་བའི་ལུགས་འདི་ཤིན་ཏུ་དར་བར་གྱུར། དེའི་རྗེས་སུ་བོད་ཀྱི་མཁས་པ་རྒན་དར་གཞོན་གསུམ་གྱི་ཁྲོད་དུ་འདིའི་སྐོར་ལ་ཀླན་ཀ་མང་དུ་བྱུང་ཞིང༌། ཕྱོགས་གཉིས་སུ་མཆེད་པར་གྱུར་བས་སྙན་ངག་གསར་བ་འདིའི་འཕེལ་རྒྱས་ལ་གོམ་སྟབས་ཇེ་ཞན་དུ་བཏང་ཡོད་པ་གཞིས་བཞུགས་སྙན་ངག་པ་ཁག་ཅིག་སྨྲ་ལ། སྙན་ངག་གསར་བ་འདི་དངོས་སུ་རི་གཟར་གྱི་རྦབ་ཆུ་བཞིན་བོད་ཡུལ་སྟོད་སྨད་བར་གསུམ་ནས་བརྡོལ་བའི་དུས་༡༩༩༠ ཡས་མས་ལ་ངོས་འཛིན་བྱེད་ཆོག་པའང་གཞིས་བཞུགས་དཔྱད་བརྗོད་པ་ཁག་གི་དགོངས་པ་ཡིན། ཞིབ་ཏུ་བརྟག་སྐབས་རང་བཞིན་གྱིས་ཤེས་ཐུབ་པ་ནི་ལོ་རབས་དགུ་བཅུ་བའི་གོང་གི་སྙན་ངག་དག་ཕལ་ཆེར་རྣམ་པ་གཅིག་གི་སྟེང་དང་ངོ་བོ་གཅིག་གི་སྟེང་ཁོ་ནར་བསྐྱོད་འདུག་པ་དེ་ཡིན། གང་ལྟར་སྙན་ངག་གསར་བའི་ལུགས་འདི་ཡག་ཉེས་ཀྱི་འགལ་ཟླའི་ཁྲོདནས་ཤུགས་དང་སྟོབས་ཀྱིས་འཕེལ་བ་ནི་གོར་མ་ཆག
      དེ་ལྟར་རང་རེའི་བཙན་བྱོལ་ཁྲོད་དུ་ཡང་ལོ་རབས་དགུ་བཅུ་བའི་གོང་དུ་སྙན་ངག་གསར་བ་འདི་དར་མེད་པ་ནི་ལག་ཡོད་ཀྱི་དཔྱད་གཞི་ཁག་གིས་ར་སྤྲོད་གསལ་བོ་བྱེད་ཐུབ་པ་ཡིན་ལ། མཁས་དབང་པདྨ་འབུམ་དངོས་སུ་བཙན་བྱོལ་དུ་ཕེབས་རྗེས་གཞི་ནས་རང་རེའི་ཤེས་ཡོན་པའི་རྣ་ལ་སྙན་ངག་གསར་བའི་ལུགས་ཀྱི་གདངས་དབྱངས་འདི་བསྒྲགས་པ་ནི་སུས་ཀྱང་ཁས་མི་ལེན་ཐབས་མེད་ཆགས་ཡོད། དེ་ནི་བཙན་བྱོལ་རྩོམ་རིག་གི་ལོ་རྒྱུས་ཀྱི་ཡིག་ཚགས་སུ་འགོད་འོས་པའི་བསྒྲགས་གཏམ་གསར་བ་ཞིག་ཀྱང་ཡིན་པར་སྣང༌།
       སྙན་ངག་གསར་བའི་ལུགས་འདི་དར་ནས་ལོ་ངོ་བཅུ་ཡང་མ་འགོར་བའི་སྐབས་ཏེ། ༡༩༩༢ ལོར་པདྨ་འབུམ་ལགས་ཀྱིས་གཞིས་བཞུགས་སྙན་ངག་པ་རྣམས་ཀྱི་རྩོམ་ཡིག་ཁག་བསྡོམས་པའི་དྲུག་བརྒྱ་དང་བདུན་ཅུ་ལྷག་དཔྱད་གཞིར་བཙལ་ཏེ་དེ་དག་ལ་བཀླགས་ཐོ་བཀོད་ནས་རེའུ་མིག་ཏུ་ཕབ་པ་དང༌། དེ་དག་གི་ཁྱད་ཆོས་དང་དེའི་ཡར་སྔོན་གྱི་སྲོལ་རྒྱུན་སྙན་ངག་གཉིས་བར་གྱི་འགྱུར་བའི་སྐོར་ལ་དཔྱད་ཞིབ་ནན་མོ་བཏང་སྟེ་སྙན་ངག་ཁ་ཤས་ཀྱི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཐད་ནས་ཟུར་དུ་ཕྱུངས་པ་འདི་དག་དང༌། དེ་དག་ལ་ཕྲན་དཔྱད་ཀྱི་ཚུལ་དུ་ནང་དོན་གནད་བསྡུས་རེ་ལྷན་ཐབས་སུ་སྦྱར་ཡོད། དཔྱད་བརྗོད་ཐུང་ངུ་འདི་འབྲི་དགོས་པའི་དམིགས་ཡུལ་དང་བྲིས་པའི་དུས་ཚོད། འབྲི་དུས་ཀྱི་བརྒྱུད་རིམ་སོགས་ནི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཁང་གིས་བཏོན་པའི་ཁོང་གི་《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་》གི་མཇུག་ལ་ཟུར་བཀོལ་གྱི་ཚུལ་དུ་ལྡི་ལི་གསར་བར་བཏོན་པའི་《ཟླ་གསར》དུས་དེབ་ཀྱིས་བཅར་འདྲི་བྱས་པའི་འབྲུ་དོན་རྣམས་རེ་རེ་བཞིན་རྩོམ་པ་པོ་རང་ཉིད་ཀྱིས་སྦྱངས་བཤད་བྱས་པར་གསལ་བས་འདིར་བསྐྱར་དུ་འབྲི་འོས་མ་མཐོང༌།
       ཁོང་གིས་དཔྱད་བརྗོད་ཐུང་ངུ་འདི་བྲིས་རྗེས་ཨི་ཌ་ལིར་ཚོགས་པའྀ་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་ཚོགས་འདུ་ཐེངས་གཉིས་པར་སྒྲོག་སྦྱངས་བྱས་འདུག་པའང་བཅར་འདྲིའི་ནང་གསལ་བ་ལྟར་ལགས་ལ། ཡང་དེར་གསལ་བ་བཞིན་ཁོང་ཕྱིར་རྒྱ་གར་རྒྱལ་ས་ལྡི་ལིར་སླེབས་འཕྲལ་ཁོང་གི་རྩོམ་ཡིག་འདིའི་སྐོར་གྱི་གླེང་རྙོག་གི་ཟུར་ཙམ་ཐོས་འདུག་ཀྱང༌། དེ་འདྲའི་ཚབས་པོ་ཆེར་གྱུར་ཡོད་པ་ཞིག་སེམས་ལའང་དྲན་མེད་པ་ནི་གསལ་བོ་ཡིན། དེ་ནི་རང་སེམས་ན་ཉེས་པ་མེད་ན།།བར་དོ་ན་འཇིགས་སྐྲག་མེད།།ཅེས་པ་ལྟར་ཡིན་པ་ནི་གཟུ་བོར་གནས་པའི་བློ་ལྡན་དག་གིས་མཁྱེན་གསལ་དང༌། ཁོ་བོས་འདིའི་སྐོར་གྱི་གླེང་རྙོག་དེ་ཐོས་དུས་ནི་༡༩༩༥ ཡས་མས་ཤིག་ཡིན་ལ། དེ་དུས་བདག་ནི་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གྲྭ་མཐར་ཕྱིན་པའི་ལོ་ཡིན། དེ་ནས་རྒྱུན་དུ་འདིའི་སྐོར་ལ་དོ་སྣང་བྱས་པ་ཡིན་ལ། རྒྱུས་ཡོད་དང་རྒྱུས་མེད་འགའ་རེས་འདིའི་སྐོར་གྱི་མགོ་རྔ་མི་མཚུངས་པའི་གཏམ་རྒྱུད་མང་བོ་བཤད་པ་ཐོས་མྱོང་ཡོད། མཚམས་ཤིག་ནས་བདག་ལའང་འདི་དང་ཤིན་ཏུ་མཚུངས་པའི་གླེང་རྙོག་ཅིག་བྱུང་སྟེ་ལྟ་ལོག་དང་གཏོར་ལོག་པའི་ཆོ་ལོ་ཞིག་ཐོབ་པར་གྱུར་བ་ན། གཞི་ནས་མཁས་དབང་པདྨ་འབུམ་ལགས་ཀྱི་རྩོམ་ཡིག་འདི་ལ་མ་ཉེས་ཁ་གཡོགས་ཀྱི་གདུག་རྩུབ་ཅིག་ཕོག་པ་ཚོར། གླེང་རྙོག་འདིའི་རིགས་ནི་རང་རེའི་གོམས་གཤིས་དང་འགྲོགས་ནས་ཡོད་ལ། འདིས་ནི་འདས་པའི་ལོ་རྒྱུས་ནང་རླབས་ཆེ་བའི་སྐྱེས་བུ་གང་མང་ཞིག་ལ་འགོག་རྐྱེན་སྣ་དུ་མ་ནས་བྱུང་ཡོད་པ་མ་ཟད། ཐ་ན་རིན་ཆེན་གཅེས་སྲོག་གི་འཚོ་གནས་ལའང་ཚོད་འཛིན་ཆེན་པོ་ཐེབས་ཡོད། ཕྱིས་སུ་ང་རང་བཙན་བྱོལ་དུ་འབྱོར་རྗེས་སྐོམ་པ་ཆུ་འདོད་ཀྱི་དཔེ་བཞིན་ངས་ཁོང་གི་དཔྱད་བརྗོད་ཀྱི་དཔེ་དེབ་འདི་བཀླགས་པ་ཡིན། དེའི་རྗེས་སུ་ངས་ཡང་དང་བསྐྱར་དུ་བཀླགས་པ་དང༌། ཁོང་གི་ཐུན་མོང་མ་ཡིན་པའི་སྙན་ངག་གི་ཚིག་རིས་བཀོག་སྟངས་ལ་ང་རང་ཧ་ལས་སོང༌། དེའི་རྗེས་སུ་གཞིས་བཞུགས་དཔྱད་བརྗོད་པའི་ཁྲོད་དམ་རྩོམ་རིག་གི་ཁྲོད་དུ་ཕྲན་དཔྱད་སྤེལ་མཁན་མང་དུ་བྱུང་ཡོད་ལ། ལྷག་པར་དུ་ཚེ་གྲུབ་ལགས་ཀྱིས་《གཟབ་ཉན་དང་སོ་བལྟ》 ཞེས་པའི་ཕྲན་དཔྱད་ཀྱི་དེབ་ཅིག་ཀྱང་ཐོན་ཡོད་མོད། ལོ་རབས་དགུ་བཅུ་བའི་སྟོད་ཙམ་ལ་བཙན་བྱོལ་ནས་བྱུང་བའི་མཁས་དབང་པདྨ་འབུམ་ལགས་ཀྱི་ཕྲན་དཔྱད་ལས་ལྷག་ཅིག་ཁོ་བོས་མ་མཐོང༌།
       མ་གཞི་བྱས་ན་བདག་གིས་༢༠༠༣ ཡས་མས་ཤིག་ལ་《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ལ་གདེང་འཇོག་བྱེད་པ》ཞེས་པའི་རྩོམ་ཡིག་ཅིག་བྲིས་ཡོད་ཀྱང༌། དེ་དུས་ཚོར་བ་ཤུགས་དྲག་པོའི་སྒོ་ནས་བྲིས་པ་ཡིན་སྟབས་དེང་སང་བལྟས་ན་དེ་འདྲའི་དགོས་ངེས་ཀྱི་བསམ་ཚུལ་བཏོན་མི་འདུག དེའི་རྗེས་ཀྱི་༢༠༠༦ ཡས་མས་ཤིག་ལ་《ཡང་བསྐྱར་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ལ་གདེང་འཇོག་བྱེད་པ》ཞེས་པ་ཞིག་བྲིས་ཡོད་ལ། དེ་ཡང་དེ་རིང་བར་དུ་འདི་འདྲའི་འདོན་སྤེལ་བྱེད་སའི་སྟབས་བདེ་བའི་སྟེགས་བུ་ཞིག་མ་རྙེད་སྟབས་མི་འདོད་བཞིན་དུ་ལུས་པར་གྱུར། དེ་རིང་ཉེ་སྔོན་གྱི་རྩོམ་ཡིག་དེ་གཉིས་གཅིག་ཏུ་དྲིལ་ནས་ཞིབ་ཏུ་བཀླགས་རྗེས་《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ལ་བསྐྱར་དུ་གདེང་འཇོག་བྱེད་པ》ཞེས་པ་འདི་འབྲི་ཁུལ་བགྱིས་པ་ལགས། འདི་འབྲི་དགོས་པ་ལ་རྒྱུ་རྐྱེན་མང་བོ་ཞིག་ཡོད་ལ། འདི་བྲིས་པའི་བརྒྱུད་རིམ་ཡང་ཧ་ཅང་གི་ཀྱག་ཀྱོག་ཆེ་བ་ཞིག་ཡིན་པར་སྣང༌། ཉེ་སྔོན་བདག་གིས་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་སུ་ལས་ཀ་བྱེད་སྐབས་ཀྱི་དགུན་དུས་ཤིག་ལ། དེང་སང་གངས་སྐྱིད་དུ་བཞུགས་ཤིང་ལོ་ངོ་བཅུ་གྲངས་ཙམ་ལ་གཞུང་ལ་ཞབས་ཞུ་ཞུས་མྱོང་བ་མ་ཟད། ད་དུང་ཞུ་བཞིན་པའི་རྒན་རབས་པ་རྒྱུ་མཚན་མང་བོ་ཞིག་ལ་བརྟེན་ནས་མིང་དངོས་སུ་འགོད་རྒྱུ་མིནཞིག་གིས་ཆེད་དུ་མ་ཡིན་པར་ཁ་བརྡ་གཞན་ཞིག་གི་ཞོར་དུ་ད་དུང་པདྨ་འབུམ་ནི་བདུད་ནག་པོ་ཞིག་ཡིན་རབས་དང༌། ཁོང་གིས་ཨ་མདོའི་གཞོན་སྐྱེས་རྣམས་ལ་རང་རེའི་གཞུང་གི་ནང་ན་ལམ་ཁ་མེད་པ་བཟོས་ཚུལ་སོགས་མང་བོ་ཞིག་བཤད་སོང༌། དེ་དུས་མཁས་དབང་པདྨ་འབུམ་རང་ཉིད་ཀྱིས་བཤད་པ་བཞིན་ཁོང་ལྟ་བུའི་རིགས་ལ་གནས་ལུགས་ཟེར་བ་དེའི་རིན་ཐང་ཆུང་བ་ཤེས་ནས་ངས་ཀྱང་འགྲེལ་བཤད་གང་ཡང་བརྒྱབ་མེད། སྐབས་དེར་བདག་ལ་ཆེས་ཐེག་དཀའ་བའི་ཚོར་བའི་མནར་སྤྱོད་ཅིག་བྱུང་ནའང༌། བཤད་འདོད་པའི་སྐད་ཆ་དག་བཙན་གྱིས་མིད་པ་ནས་ཁོག་ལ་བཅུག་པ་ཡིན། གཞིས་བཞུགས་མཁས་པའི་དབང་བོ་ཨ་ལགས་དོར་ཞི་རིན་པོ་ཆེས་དཔལ་དོན་འགྲུབ་རྒྱལ་གྱི་རྗེས་དྲན་དང་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་མགོ་བརྗོད་དུ་ཿམི་སོ་སོའི་སྐྱོན་ཡོན་འཇལ་བྱེད་ཀྱི་ཚད་མ་མི་གཅིག་པས། ཡོན་ཏན་དུ་བཟུང་ན་ཡོན་ཏན་ཡིན་པ་དང༌། སྐྱོན་དུ་བཟུང་ན་སྐྱོན་ཡིན་པའི་ངེས་པ་ག་ལ་ཡོད་ཿཅེས་གསུངས་པ་དེ་ཡང་ཝ་ལེར་དྲན་སོང༌།
         ཡང་དེའི་རྗེས་སུ་ལྷོ་ཕྱོགས་གདན་ས་ནས་ཡོང་བའི་དགེ་བཤེས་ཤིག་དང་གླེང་མོལ་བྱེད་སྐབས། བོད་ཀྱི་རྩོམ་རིག་དང་རྩོམ་པ་པོའི་སྐོར་ནས་གླེང་བྱུང་ལ། ཁོས་ལམ་སེང་པདྨ་འབུམ་ལ་འགྲེལ་བཤད་བརྒྱབ་སོང༌། འདི་ནི་ངས་གཞན་ཉིད་ལ་རྒྱབ་བཤད་བརྒྱབ་པ་དེ་འདྲ་གཏན་ནས་མིན་པར། ངས་གོང་དུ་《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་》ལ་གདེང་འཇོག་བྱེད་དགོས་པའི་རྒྱུ་རྐྱེན་གླེང་བ་ཙམ་ཡིན། དེ་དུས་ཀྱང་བདག་ལ་གོང་མཚུངས་ཀྱི་ཚོར་བ་དེ་སླེབས་མྱོང༌། དེ་མིན་ད་ལོར་བདག་གིས་དྲ་རྒྱའི་ཟིན་བྲིས་ཀྱི་ནང་དུ་དཔྱད་བརྗོད་གཞན་ཞིག་སྤེལ་སྐབས། དེའི་འོག་ཏུ་གདན་ས་ནས་ཡིན་པའི་མཆན་འདེབས་མཁན་ཞིག་གིས་བདག་ལ་ཟུར་ཟ་དང་འཕྱ་དམོད་ཀྱི་ཉམས་དང་བཅས་ཁྱོད་ཀྱི་བཙན་བྱོལ་ནང་ན་པདྨ་འབུམ་གྱི་རྩོམ་ཡིག་ལས་ཡག་པོ་ཞིག་མི་འདུག་ཅེས་བརྗོད་པ་རེད། ཨོ་ན་ཁྱོད་ཀྱི་ཡག་པོ་དེ་སྟོན་ཞོག་ཟེར་བ་སོགས་ངས་སྔོན་མ་ཞིག་ལ་འཕར་ལྡིང་གི་སྐོར་ཞིག་དཔྱད་རྩོམ་གཞན་ཞིག་ཏུ་ཅུང་འཕྲོས་པར་མི་དགའ་བའི་རྣམ་འགྱུར་སྟོན་མཁན་ཡོད་པ་ཤེས་བྱུང༌། མདོར་ན་དེ་རིང་གི་དུས་ཚོད་འདི་ལའང་ད་དུང་ཁྱད་དུ་འཕགས་པའི་དཔྱད་བརྗོད་ཐུང་ངུ་འདི་ལ་སྡང་གིན་པའི་མི་མང་བོ་ཞིག་འདུག་པ་ཤེས་སོང༌། ངས་སྐད་གསེང་མཐོན་པོས་བཤད་ཐུབ་པ་ཞིག་ནི་པདྨ་འབུམ་དང་《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་》ལ་སྡང་བོ་བྱེད་མཁན་འདི་དག་གིས་རྩོམ་ཡིག་འདི་མགོ་ནས་མཇུག་བར་དུ་ཐེངས་གཅིག་ཀྱང་མ་བཀླགས་པར་ཁྱི་རྒན་རྒྱ་བོ་ཟུག་པ་ན།།གཞན་དག་རྒྱུ་མཚན་མེད་པར་རྒྱུག།ཅེས་པའི་དཔེ་དེ་གསལ་བོར་མཐོང་སོང་ཞུ་རྒྱུ་ཡིན། 
        དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་སྟོད་ཙམ་ལ་བྲིས་པའི་དཔྱད་བརྗོད་ཐུང་ངུ་འདིའི་ཁྲོད་དུ་དཔྱད་གཞིར་བདམས་པའི་སྙན་ངག་ཁག་བཅུ་གྲངས་ཤིག་མཆིས་པ་དག་ནི། བོད་ལ་སྙན་ངག་གསར་བའི་ལུགས་འདི་དར་བར་བྱེད་པའི་རྔ་ཆེན་གྱི་རོལ་དབྱངས་ཤིག་ཏུ་རྩི་ཆོག་ཀྱང༌། ལོ་རབས་དགུ་བཅུ་བའི་མཇུག་ཙམ་ལ་དར་བའི་སྙན་ངག་གཞན་དག་དང་བསྡུར་ན། གོང་གི་སྙན་ངག་དག་ནི་ཀུ་ཤི་ཞིག་ལ་ཆ་བཞག་ན་ད་དུང་མ་སྨིན་པ་ཁག་ཅིག་ལྟ་བུ་ཡིན། དེ་ཡིན་པའི་རྒྱུ་མཚན་ནི་ལོ་རབས་དགུ་བཅུའི་མཇུག་དང་ཉིས་སྟོང་ལོ་ཚུན་གྱི་བོད་ཀྱི་སྙན་ངག་གི་རྣམ་པ་ནི། རིང་ལུགས་ཅན་དང་ཚུགས་ཐུབ་ཅན། རང་སྐྱ་ཅན་ཏེ་མདོར་ན་གཞན་གྱི་ལད་ཟློས་ལས་བརྒལ་བའི་མངོན་རྟགས་གསལ་ཡོད། དེའི་སྟབས་ཀྱིས་མཁས་དབང་པདྨ་འབུམ་གྱིས་བསྐྱར་དུ་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་ལ་ཐེངས་གཅིག་གསན་རྒྱུའི་རེ་བ་དང་འབོད་སྐུལ་ལྷན་ཏུ་ཡོད། མཇུག་མཐར་ཕྲན་གྱིས་གདེང་འཇོག་རྩོམ་ཡིག་འདི་འབྲི་དོན་ནི་གོང་དུ་རོབ་ཙམ་ཞུས་ཟིན་པ་དང༌། མུ་མཐུད་དུ་ཞུ་རྒྱུ་ཞིག་ལ། འདི་ནི་རང་རེའི་བཙན་བྱོལ་ཁྲོད་ཀྱི་རྩོམ་རིག་གསར་བའི་ལོ་རྒྱུས་ཀྱི་ཆེས་གལ་ཆེ་བའི་དཀྱོགས་མཚམས་ཤིག་ཡིན་པས། མིག་ཟུང་ཕྱེས་ཟིན་པ་དང་གསར་དུ་འབྱེད་འདོད་པ་དག་གིས་ཧ་གོ་ཆེད། ངས་དེ་རིང་དྲན་སྐུལ་ཙམ་གྱི་ཆེད་དུ་རང་གི་སེམས་དང་བསམ་པའི་ངོས་ཀྱི་རི་མོ་དག་ཡི་གེར་བསྡེབས་པ་ཙམ་མོ།།

རྩོམ་ཁུངས། ཧི་གཟུགས་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

《མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང》ལ་བསྐྱར་དུ་གདེང་འཇོག་བྱེད་པ།

2010-01-21 ལྷ་ཆབ་སྦྱིན་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།