ཨ་མདོའི་རྡུང་ལེན། ཡང་ན་བླ་སྲོག་སྐྱོབ་ཚུལ་གྱི་དེབ་ཐེར་ཅིག

20120829050303220.jpg
དགོད་ན་ང་ཚོ་མཉམ་དུ་དགོད་ཡ། 
སྐྱིད་ཀྱི་འཚོ་བ་འཚོ་བ་འདྲ་འདྲ་ཡིན།
ངུ་ན་ང་ཚོ་མཉམ་དུ་ངུ་ཡ།
སེམས་ཀྱི་ན་ཟུག་ན་ཟུག་གཅིག་འདྲ་ཡིན།
ངུ་མ་དགོད་ཀྱི་དུས་ཚོད་ཟད་པ།
རྒྱང་དང་ཕུགས་ཀྱི་ཕུགས་ཀྱི་ཕམ་ཁ་ཡིན།
མངར་ལ་སྐྱུར་བའི་སྟོད་སྨད་འཚོ་བ།
རོལ་དང་མ་རོལ་མ་རོལ་གཅིག་མཚུངས་ཡིན།

 ༄༅། ། ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། ། བོད་པ་ཚང་ལ་མཚོན་ན་རོལ་མོ་ལ་རིགས་གཉིས་ཡོད་དེ།  ཆོས་ལུགས་རོལ་མོའི་ཁྲོད་ཀྱི་རྔ་དྲིལ་སང་སང་ནི་མཁའ་འགྲོའི་བྲོ་གར་དང་དུང་ཆེན་གྱི་བླ་འབོད་ནི་སྲུང་མའི་ངར་སྒྲ་ཡིན།  དམངས་ཁྲོད་རོལ་མོའི་ཁྲོད་ཀྱི་རྒྱུད་དྲུག་གི་འཕར་ཁ་དང་པི་ཝང་གི་འགྱུར་སྟབས་ནི་བྱང་ཐང་ཕ་བོང་གི་རང་ཚུགས་དང་ཞིང་ཁའི་ཆུ་ཕྲན་གྱི་རང་དབང་ཡིན་ནོ། །  རང་ཅག་གི་མེས་པོ་རྣམས་ཀྱིས་མ་བཅོས་རང་བྱུང་དུ་སྒྲུབ་པའི་སྒྲ་འདི་དག་ལས་ཁོ་ཚོའི་སེམས་ངོས་ཀྱི་གཏམ་དེ་བརྗོད་ཐབས་འབད་ཡོད་པ་ཡིན་ལ།  སྒྲ་གཏམ་འདི་དག་ནི་སྤྲོས་མེད་ཀྱི་ཚོར་བ་ཞིག་ཡིན་ཏེ།  སྒྲོ་བཏགས་དང་ཚུལ་ཆོས་ཀྱིས་མ་བསླད་པ་ཞིག་ཡིན།  ང་ཚོའི་མེས་པོ་དག་ལ་མཚོན་ན་རོལ་མོ་ཆེད་བཏང་གི་ཚོམས་ཆེན་མེད་ལ་གླུ་གཞས་ཆེད་སྒྲུབ་ཀྱི་འདུ་ཁང་ཡང་མེད།  ཁོ་ཚོས་སེམས་ངོས་ལས་ཐོལ་ཏུ་བྱུང་བའི་རོལ་མོ་དེ་དག་ནི་གཙང་འགྲམ། རི་རྩེ།  ལྷ་སའི་སྐོར་ལམ་ལྟ་བུའི་གནས་ཡུལ་ནས་ཐོན་ཅིང་ཁྱབ་བརྡལ་ཕྱིན་ཡོད་པ་རེད།  རོལ་མོ་དེ་དག་གི་རྒྱུད་དུ་མངའ་བ་ནི་སྙིང་ཉེ་བའི་གཏམ་དང་སྦས་མེད་པའི་ཚོར་བ་རེ་རེ་ཡིན།  འོན་ཀྱང་གུ་རུ་པད་འབྱུང་གིས་ལུང་བསྟན་པ་ཇི་བཞིན།  དུས་ནི་མ་འགྱུར་མི་རྣམས་འགྱུར་བ་བྱུང་ཡོད་དེ།  མེས་པོས་རོལ་མོ་དེ་དག་ཐོག་མར་སྐད་སྒམ་ནང་གི་གསར་བརྗེས་ཧུར་བརྩོན་པའི་ཟུག་སྐད་ཀྱིས་བརླབས་པ་དང་།  དུས་རབས་ཤིག་གི་ངག་ཆད་དང་ལྐོག་གཏམ་འོག་ནས་ཡལ་བར་གྱུར་བ་རེད།  དེ་རྗེས།  སླར་ཡང་འཕྲུལ་འཁོར་གྱི་ཆོམ་སྒྲ་དང་བརྙན་འཕྲིན་གྱི་འ་འུར་འོག་ནས་མེས་པོའི་སྙན་དབྱངས་ཀྱི་དབུགས་སྣ་རིམ་གྱིས་གཤེགས་སོ། །  ་་བསྟན་པ་ཡང་དར་་ ཟེར་བའི་དུས་རབས་བརྒྱད་བཅུ་པའི་ནང་ལ།  མི་ཡུལ་ས་མཐའ་ནས་གཞིས་ཆགས་ཙམ་བྱུང་བའི་བཙན་བྱོལ་སྤྱི་ཚོགས་དང་།  ཛ་དྲག་གི་མཁའ་དབུགས་ཁྲོད་ནས་ངལ་གསོ་ཙམ་རག་པའི་གཞིས་འཛིན་སྤྱི་ཚོགས་གཉིས་ནས་ ་་ང་ཚོའི་སེམས་གཏམ་་ སླར་གསོ་བྱེད་པའི་ལས་འགུལ་ཞིག་མ་གྲོས་གཅིག་མཐུན་ཏུ་སྤེལ་ཡོད་པ་རེད།  ས་གཞི་དང་བྲལ་བའི་བཙན་བྱོལ་པ་ལ་མཚོན་ན།  ཁོ་ཚོའི་སླར་གསོ་ནི་ཕྱིར་དྲན་གྱི་རྣམ་པའི་སྒོ་ནས་བྱུང་བ་ཡིན་ཏེ།  དྲན་པ་དང་ལོ་རྒྱུས་སྲུང་རྒྱུ་ནི་ཁོ་ཚོའི་འགན་འཁྲི་ལྟ་བུར་སྒོམ་བཞིན་ཡོད།  གཞིས་ལུས་ལ་མཚོན་ན། ལོ་རྒྱུས་ཕྱིར་ལྡོག་གི་རེ་བ་དང་ནུས་པ་ནི་རྦད་ནས་ཆད་ཡོད་དེ།  ཁོ་ཚོའི་མིག་མདུན་དུ་ཡོད་པ་ནི་ལོ་རྒྱུས་ཀྱི་རྒྱུད་མཐུན་དང་བརྒལ་འགྲོ་ཡིན།  ངག་དབང་མཁས་མཆོག   དབྱངས་ཅན་ལྷ་མོ་དང་བོད་ཀྱི་ཟློས་གར་ཚོགས་པ་ལྟ་བུའི་བཙན་བྱོལ་རོལ་མོ་བ་དག་གིས་ནུབ་ཕྱོགས་ནས་གསར་འབྱེད་བྱས་པའི་འཛམ་གླིང་རོལ་མོའི་མཚན་ཉིད་འོག་ནས་བློ་སྒོ་ཕྱེས་པ་དང་། ཁོའམ་ཁོ་མོ་ཚོས་རག་ཐུབ་པའི་གོ་སྐབས་ཡོད་ཚད་བཟུང་ནས་མེས་པོའི་ཞལ་རྒྱུན་གླུ་གཞས་རེ་རེར་ཚེ་མདོ་སྐུར་བ་རེད།   གཞིས་ལ་མཚོན་ན། སྐབས་དེར་རྒྱལ་སྤྱིའི་གནས་ཚུལ་ཐད་ཀར་ནས་རག་ཐུབ་པ་མིན་མོད།  གཞུང་གཉེར་རོལ་དབྱངས་སློབ་གྲྭ་ཁག་ནས་ཐོན་པའི་རོལ་མོའི་ཆེད་མཁས་པ་དག་གི་བརྩམས་ཆོས་དང་རོང་འབྲོག་ཕལ་བོའི་སེམས་ཚོར་བར་ལ་བར་ཁྱད་ཆེན་པོ་ཞིག་ཡོད་པ་མངོན་སུམ་རེད།  རོང་འབྲོག་གི་ངལ་རྩོལ་བྱེད་མཁན་དག་ལ་མཚོན་ན་གླུ་གཞས་དེ་རིགས་ནི་རྒྱ་གླུ་ཡིན་ལ་ལས་བྱེད་པས་ཁོ་ནར་གོ་ནུས་པ་ཞིག་ཀྱང་ཡིན། །

གོང་གི་ནམ་མཁའི་གཞས་ཚིག་ལས་བརྗོད་ཡོད་པ་ཇི་བཞིན།  ཨ་མདོ་རྨ་ཆུ་ཡུལ་ནས་ཆོས་དམངས་མཐུན་སྦྱོར་བྱས་ནས་གཞས་སྲོལ་གསར་བ་འབྱེད་པའི་རྡུང་ལེན་རོལ་མོ་དེ་ནི།  སྤུན་ཟླའི་བརྩེ་སེམས་དང་ཤ་ཉེའི་སྙིང་གཏམ་བརྗོད་པའི་རིག་གནས་རྣམ་པ་ཞིག་ཡིན།  ཨ་མདོའི་རྡུང་ལེན་གྱིས་དམིགས་ཡུལ་དང་མངོན་འགྱུར་ཏུ་བྱེད་འདོད་པ་ནི་བཅོས་མེད་རིག་གནས་ཀྱི་རང་སྒྲ་ཡིན་ལ།  འདུ་ཤེས་འཁྱེར་སོས་བསླུ་བྲིད་ལས་ཐར་བའི་རང་ཚུགས་ཀྱི་སྒྱུ་རྩལ་ཞིག་ཀྱང་ཡིན།  ཨ་མདོའི་རྡུང་ལེན་གྱི་ཤིང་རྟར་འབོད་པའི་དགེན་དཔལ་མགོན་ནས་བཟུང་། སྒྱུ་རྩལ་འདི་ཡི་བླ་སྲོག་དེ་འདྲ་བ་ཞིག་ནི་ཡལ་མྱོང་མེད།  ཤེར་བསྟན་གྱིས་སྐྱེ་རྒུའི་ས་འགུལ་རྗེས་ལ་ཕུད་པའི་ཆེད་བསྒྲིགས་མཐུན་སྒྲིལ་གྱི་རང་སྒྲ་ཞེས་པ་དེ་རུ་གླུ་གཞས་བཅུ་བཞི་ཡོད་པ་དང་།  དེ་ལས་བཅུ་གཉིས་ཀྱི་བརྗོད་ཚིག་ལ་ ་་སྤུན་ཟླ་་ ་་བོད་རིགས་་ ་་བོད་པ་་ ལྟ་བུ་གཙོ་བོ་བྱས་ཡོད་པ་དང་།  དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་ནང་།  བདུད་བྷེས་ ་་ང་ནི་བོད་ཀྱི་བུ་ཡིན།  བོད་ལ་དགའ་བའི་བུ་ཡིན།  ང་ནི་བོད་ཀྱི་བུ་ཡིན།  བོད་སྐད་བཤད་པའི་བུ་ཡིན་་ ཅེས་ནས་སྐབས་དེའི་རྒྱ་སྐད་བོད་ཉམས་ཅན་གྱི་གཞས་པ་ཁག་གཅིག་ལ་ཟུར་ཟ་བྱས་པ་ནས་བཟུང་།  ་་བོད་ཀྱི་གླུ་བ་་ ཅེས་པའི་རྗོད་སྟངས་དེ་རྡུང་ལེན་པ་རྒན་གཞོན་ཀུན་གྱི་སྤྱི་མཐུན་གྱི་མཚན་བྱང་ཞིག་ཏུ་ཆགས་ཡོད་པ་རེད།  བླ་རུང་ནས་ཕ་སྐད་གཙང་མའི་ལས་འགུལ་ལ་སྐུལ་ཤུགས་ཆེན་པོ་བསྩལ་རྗེས་ཁོ་ཚོས་ ་་ཕ་སྐད་གླུ་བ་་ ཅེས་པའི་མཚན་བྱང་དེ་ཡང་བཀོལ་མཁན་འདུག  དེ་བས་རྡུང་ལེན་རོལ་མོའི་རྩ་བའི་རྣམ་པའི་ཐད་ནས་བཤད་ན།  སྒྱུ་རྩལ་འདི་ནི་རིག་གནས་སླར་གསོའི་བསྐྱེད་འབྲས་ཡིན་ལ།  མི་རིགས་ཀྱི་རང་ངོས་འཛིན་པའི་མཚོན་རྟགས་ཞིག་ལ་བགྲང་ཆོག་ཆོག་རེད།  རྡུང་ལེན་ལ་ཐོབ་ཐང་དང་ཁྱད་ཆོས་འདི་འདྲ་ཡོད་པ་དང་།  དེ་ཡི་ཡུལ་སྐད་ཀྱི་རང་བཞིན་སོགས་ཀྱི་རྐྱེན་པས།  རྡུང་ལེན་གྱི་ཁྱབ་ཡུལ་དང་རོལ་བཞེས་བྱེད་མཁན་ལ་ཚད་བཀག་ངེས་ཅན་ཡོད་པ་རེད།  ཡིན་ནའང་།  འདི་འདྲའི་གསང་གཏམ་གྱི་ཁྱད་ཆོས་ཞིག་ལྡན་པས་ན།  རྡུང་ལེན་བརྩམས་ཆོས་མང་པོ་ཞིག་བར་ཆད་ལས་གཡོལ་ཐུབ་ཡོད་པ་དང་སྒྱུ་རྩལ་དེ་ཡི་འཚར་ལོངས་ལ་སྲུང་སྐྱོབ་ཐེབ་ཡོད་པ་རེད།

 མང་གཙོ་བཅོས་བསྒྱུར་དང་རིག་གསར་རྗེས་ནས།  དམར་པོའི་དྲིལ་བསྒྲགས་མ་ཡིན་པའི་སྒྱུ་རྩལ་སོ་སོ་ལ་བསྐྱར་དར་གྱི་གོ་སྐབས་ཐོབ་ཡོད་རེད།  བསྐྱར་དར་ཟེར་བའི་ཐ་སྙད་དེ་ཡིས་སྣང་བརྙན་འདི་འདྲ་ཞིག་ཤུགས་བསྟན་བྱས་ཡོད་དེ། དཔལ་མགོན་སོགས་རྡུང་ལེན་མི་རབས་དང་པོའི་མདུན་ལམ་དུ་ཡོད་པ་ནི་ལོ་རྒྱུས་དྲན་པ་དེ་ཡི་བཀོད་པ་རྩུབ་སྦྱར་དང་རིག་གནས་ཀྱི་སྐྱ་ཆད་སྔོ་སྡུག་མངོན་པའི་རི་མོ་ཞིག་ཡིན།  སྐབས་དེའི་གཙོ་རྒྱུགས་གྲོལ་གཞས་ཁྲོད་ན་ཕྱིར་དྲན་གྱིས་མོད་ནས་ཡོད་ཀྱང་།  གྲོལ་གཞས་རོལ་མོས་ཐེག་ཐུབ་པ་ནི་རྟགས་ཚུལ་ཅན་གྱི་ཡུལ་ལྗོངས་དང་བཤད་རྒྱུན་ལྟ་བུའི་མེས་པོའི་གཏམ་རྒྱུད་ཙམ་རེད།  རོང་འབྲོག་པ་དང་ལས་བྱེད་པ་ཡི་ཁྱད་པར་ནི།  རོང་འབྲོག་རྣམས་ཀྱང་དུས་རབས་ཀྱི་བརྡབ་གསིགས་ལས་ཐར་ཐུབ་ཡོད་མེད་མོད།  རོང་འབྲོག་གི་རིག་གནས་འདུ་ཤེས་ནི་ཆད་པ་མ་ཡིན་པར་སྦས་པ་ཙམ་ཡིན།  འོན་ཀྱང་ལས་བྱེད་པའི་སེམས་ཁམས་ནི་ཆད་ཟིན་པ་དང་ཡོངས་སུ་གསར་བརྗེས་བྱས་ཟིན་པ་ཞིག་རེད།  དེ་བས་རྡུང་ལེན་དང་རྡུང་ལེན་མི་རབས་དང་པོ་ལ་མཚོན་ན།  ཁོ་ཚོས་རིག་གནས་ལ་རྒྱང་ཐག་རིང་བའི་ཕྱིར་དྲན་ཞིག་དགོས་པ་མིན་ཏེ།  ཁོ་ཚོས་ཤིན་ཏུ་ཉེ་བའི་སེམས་ཀྱི་སྦས་པ་དེ་ཡང་བསྐྱར་མངོན་སུམ་བྱས་པས་ཆོག  རྒྱུ་མཚན་དེ་འདྲ་ཞིག་ཡོད་པས།  རྡུང་ལེན་རོལ་མོའི་ཆེས་ཐོག་མའི་དུས་སྐབས་ལ་དམངས་གླུ་དང་གཏམ་རྒྱུད་བཅོས་སྒྲིག་གིས་ས་གཙོ་བོར་བཟུང་ཡོད་པའང་འགྲེལ་བཤད་བྱེད་ཐུབ། 

རྡུང་ལེན་འབྲི་རྩོམ་གྱི་ཐབས་ཤེས་ནི་ཚོར་བ་དངོས་དེ་དམིགས་ཡུལ་ཏུ་བྱེད་པ་དེ་རེད།  རོལ་མོའི་རིགས་གཞན་དག་གིས་རྟགས་འགོད་བརྒྱུད་རིམ་དང་དོར་ལེན་ནན་ཏན་བྱས་ཡོད་པ་དེ་དང་མི་འདྲ་བར།  རྡུང་ལེན་ནི་མཛེས་དཔྱོད་སྨྲ་སྟངས་ཀྱི་གྲུབ་འབྲས་མ་ཡིན་པར་སྒྱུ་རྩལ་བ་དེ་ཉིད་ཀྱི་མཛེས་འཛིན་དེ་ཉིད་ཡིན།  ཕྱོགས་དེ་ནས་བཤད་ན་རྡུང་ལེན་སྒྱུ་རྩལ་དང་རྒྱང་རིང་ཨ་རིའི་ཡུལ་གྱི་མི་ནག་འཇམ་སི་རོལ་མོ་ལ་འདྲ་མཚུངས་ཀྱི་ཆ་ཡོད་པ་ཡིན་ཏེ།  དཀྱུས་མའི་སྨྲ་བརྗོད།  ཚོར་བ་དངོས་དང་ ་་རོལ་རྨོངས་་ རོལ་མོ་བ་བཅས་སོ། །

ཁ་ཅིག་ན་རེ།  རོལ་མོའི་གཞུང་ལུགས་དང་དབྱངས་རྟགས་སོགས་མ་ཤེས་ན་རོལ་མོ་ཡག་ཤོས་ཞིག་ཐོན་གི་མ་རེད།  འོན་ཀྱང་འཇམ་སི་དང་རྡུང་ལེན་གྱིས་དེ་འདྲའི་སྒྱུ་རྩལ་དང་ལག་རྩལ་གོ་ལོག་བྱེད་པའི་ཀློའུ་གཏམ་ལ་དགག་ལན་ཚ་བོ་བརྒྱབ་ཡོད་དེ།  སྒྱུ་རྩལ་དེ་སེམས་ལྡན་ཀུན་གྱིས་ཐོན་ཐུབ་རོལ་ཐུབ་པའི་བྱ་འགུལ་ཞིག་ཡིན་ཕྱིན།  རོལ་རྨོངས་དང་ཡིག་རྨོངས་ཡིན་རུང་མི་སེམས་འགུལ་བའི་སྒྱུ་རྩལ་བརྩམས་ཐུབ་པ་ཡིན་ནོ། །  སེམས་ཀྱི་ནུས་པ་ནི་བརྡ་སྤྲོད་དང་སྙན་ངག་མ་ཤེས་རུང་སོར་གནས་ཐུབ་པ་ཞིག་རེད།

རྡུང་ལེན་གྱི་འབྱུང་ཁུངས་ལ་ལོ་རྒྱུས་ཀྱི་སྣེ་མང་པོ་ཞིག་ཡོད་རྒྱུ་རེད།  འོན་ཀྱང་ཁུངས་སྣེ་གང་ཞིག་ལ་གཞི་བཅོལ་བྱས་རུང་། སྒྱུ་རྩལ་འདི་ཡི་དུས་རབས་ཁྱད་ཆོས་དང་དེང་ཐོག་གི་ངོ་བོ་བཅོས་ཐུབ་པ་མིན།  སྤྱི་ཚོགས་ཧྲིལ་པོ་དེ་རང་རྟོན་མེད་པའི་གནས་སྟངས་ཞིག་ཏུ་ལུས་ཡོད་རུང་།  རྡུང་ལེན་གྱིས་གཙོ་རྒྱུགས་རིག་གནས་ཀྱི་དབང་བསྒྱུར་འོག་ནས་གདོད་མ་དང་རྗེས་ལུས་ཀྱི་མཐོང་ཆུང་ཐོགས་པའི་འཚོ་བ་རོལ་སྟངས་ཤིག་སྒྱུ་རྩལ་ཏུ་གོང་གསོལ་བྱས་ཡོད་རེད།  སྤྱི་ཚོགས་ཞིག་གི་འཚོ་གནས་དེ་ཉིད་ཀྱང་འཇིག་ཉེན་གྱིས་འདེད་བཞིན་པའི་སྐབས་སུ།  རྡུང་ལེན་རོལ་མོ་བ་དག་གིས་རྒྱུད་དྲུག་གི་མཐུ་ཤུགས་ལ་བརྟེན་ནས་རོང་འབྲོག་རིག་གནས་ཀྱི་ཐང་ག་ཆེན་པོ་དེ་བཞེངས་ཐུབ་ཡོད་རེད།  ཡང་ན།  རྡུང་ལེན་གྱིས་རོང་འབྲོག་རིག་གནས་ཀྱི་གཟུགས་ཡོད་གཟུགས་འདས་ཀྱི་ཡོད་ཚད་དང་།  རོང་འབྲོག་མི་བོ་དག་གི་ཚོར་བ་བཅོས་མེད་དེ་རོལ་དབྱངས་ཀྱི་རྣམ་པར་བསྒྱུར་བཞག་ཡོད་རེད།   དེ་ཡིན་ན།  རྡུང་ལེན་སྒྱུ་རྩལ་གྱི་གནད་དོན་གཙོ་བོ་བསོད་ནམས་སྟོབས་རྒྱལ་གྱི་བརྩམས་ཆོས་གླེང་གིན་ཡོད་ཅེས་པའི་ནང་བཀོད་འབྲི་བྱས་པ་ལྟར།  དེ་ནི།

དབྱར་མགོ་མ་ཐོན་པའི་རྟེན་འབྲེལ་ལ།
ཤིང་ཙན་དན་ལྗོན་པའི་དཀྱིལ་འཁོར་གྱི།
བྱ་ཁུ་ལོ་གསུང་སྐད་སྙན་མོ་ཅན།
ངས་ནམ་ཡང་ཁྱེད་རང་གླེང་གིན་ཡོད།

ཆོས་བསྟན་པ་དར་བའི་རྟེན་འབྲེལ་ལ།
ས་ཐག་རིང་བླ་གྲྭའི་དཀྱིལ་འཁོར་གྱི།
རྗེ་བླ་མ་བྱམས་བརྩེའི་ཆུ་ཤེལ་ཅན།
ངས་ནམ་ཡང་ཁྱེད་རང་གླེང་གིན་ཡོད།

བོད་རླུང་རྟ་དར་བའི་རྟེན་འབྲེལ་ལ།
གངས་འཛམ་གླིང་རི་བོའི་དཀྱིལ་འཁོར་གྱི།
སེང་དཀར་མོ་གཡུ་རལ་ལྗང་ཁུ་ཅན།
ངས་ནམ་ཡང་ཁྱེད་རང་གླེང་གིན་ཡོད།

བོད་བདེ་སྐྱིད་ལྡན་པའི་རྟེན་འབྲེལ་ལ།
ལྷ་དབྱངས་ཅན་སྒྲོན་མའི་ཕྱག་ནང་གི།
སྒྲ་རྒྱུད་དྲུག་གདངས་དབྱངས་སྙན་མོ་ཅན།
ངས་ནམ་ཡང་ཁྱེད་རང་དཀྲོལ་གིན་ཡོད།  ལྟ་བུའི་ཡན་ལག་བཞི་ལྡན་གྱི་སྨྲ་བརྗོད་ཞིག་ཡིན་ནོ། །

ད་ལྟ་ང་ཚོས་བཙན་བྱོལ་དང་གཞིས་ལུས་སྤྱི་ཚོགས་གཉིས་ཀྱིས་ ་་མེས་པོའི་རོལ་མོ་་ སྐྱོབ་ཐབས་འབད་པ་ལ་ཕྱིར་རྟོག་བྱེད་སྐབས།  ང་ཚོས་གསལ་བོ་མཐོང་ཐུབ་པ་ནི།  བཙན་བྱོལ་བའི་ལམ་ནི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་དང་རྣམ་པ་དུས་ཚོད་ཞིག་ནས་བརྟན་སྲུང་བྱེད་པ་དང་།  དེ་ཡིས་མེས་པོའི་མཛད་རྗེས་ཀྱི་དུས་རིམ་ཞིག་གི་ཕྱི་ནང་གཉིས་ཀ་དེ་བཞིན་དུས་ཀྱིས་གཡོ་མི་ཐུབ་པ་ཞིག་ཏུ་སོར་བཞག་བྱས་ཡོད་པ་དང།  ཨ་མདོ་རྡུང་ལེན་གྱིས་ནི།  རིག་གནས་དེ་ཡི་སྲོག་དང་རྣམ་པ་རྒྱུད་སྤེལ་བྱས་ཡོད་དེ།  རྒྱུད་སྤེལ་ནི་བཙན་བྱོལ་བ་ལྟ་བུའི་རིག་གནས་འཛིན་སྐྱོང་མ་ཡིན་པར།  དེ་ནི་རིག་གནས་ཀྱི་འཛིན་སྤེལ་ཞིག་ཡིན་པ་བསྟན་ཐུབ་ལ།  ཨ་མདོའི་རྡུང་ལེན་ནི་དུས་ཀྱི་སྐུལ་བ་ལས་ལོགས་སུ་མ་ཕྱིན་པའི་གསོན་ལྡན་གྱི་སྒྱུ་རྩལ་ཞིག་ཡིན་ནོ། །

དེ་ཡང་རྡུང་ལེན་གྱི་རྒྱུད་སྤེལ་དེ་ནི་བདེ་མོ་རྐྱང་རྐྱང་མ་ཡིན་ཏེ།  ལོ་རབས་དགུ་བཅུ་བའི་ཡར་སྟོད་དེ་རྡུང་ལེན་གྱི་བྱིས་པའི་དུས་ཚོད་ཡིན་ཅེས་ལབ་ན།  ལོ་རབས་དགུ་བཅུའི་སྨད་དང་ཉིས་སྟོང་ལོའི་བཅུ་སྟོད་ནི་རྡུང་ལེན་སྒྱུ་རྩལ་གྱི་གཞོན་ནུའི་དུས་ཚོད་ལོས་ཡིན།  དུས་ཚོད་འདི་ལ་ཁེལ་བས།  རྡུང་ལེན་དང་རྡུང་ལེན་སྒྱུ་རྩལ་པ་དག་གིས་ཚོད་ལྟ་དང་ཕམ་ཁ་མང་པོ་བླངས་མྱོང་ཡོད་རེད།  འགྱུར་བ་འདི་དག་བདུད་བྷེ་དང་ཤེར་བསྟན་གཉིས་ཀྱི་རོལ་མོའི་ལམ་བུའི་ཁྲོད་ནས་གསལ་བོ་མཐོང་ཐུབ་པ་ཡིན་ཏེ།  བདུད་བྷེ་ནི་རྡུང་ལེན་ཁྲོད་དུ་ན་རྒས་པ་ཞིག་ཡིན་ལ།  ཤེར་བསྟན་ནི་རྡུང་ལེན་ཁྲོད་ནས་ཡར་སྐྱེས་པ་ཞིག་ཡིན།  མི་ཐོག་འདི་གཉིས་ཀྱི་རྒྱུད་དུ་ལོ་ཟླའི་ཤུལ་བཞག་ཞིག་ཡོད་ལ།  རྡུང་ལེན་གྱི་དམིགས་ཡུལ་འགྱུར་མེད་དེ་དང་གོམས་འགྲོས་ཁྲོད་ནས་ཐོབ་པའི་རྨ་ཁ་ཡང་བཞག་ཡོད་པ་རེད།

དུས་ཚོད་འདིའི་ནང་གི་རྡུང་ལེན་ནི་སྨོན་འདུན་གྱིས་ཕྱུག་པ་ཞིག་རེད་ལ་གཏད་སོ་བོར་བའི་ཧོལ་རྒྱུགས་ཀྱིས་ཁེངས་པ་ཞིག་ཀྱང་རེད།  བདུད་བྷེ་སོགས་མང་པོ་ཞིག་གིས་གསར་གཏོད་ཀྱི་རིག་པ་ཡལ་ནས་ ་་བཅོས་གླུ་་ མང་པོ་ཕབ་བསྐྲུན་བྱས་ཡོད་པ་དང་།  ཤེར་བསྟན་སོགས་གཞོན་རབས་ཁག་གཅིག་གིས་གྲོལ་གཞས་རོལ་མོའི་ལམ་ལ་ཁ་ལོ་བསྒྱུར་ཡོད་པ་རེད།  རྡུང་ལེན་གྱི་འཇིག་རྟེན་དེ་འགྱུར་དང་འགྱུར་མེད་ཀྱི་བཞི་མདོ་དེ་ནས་དཀའ་བ་སྤྱད་སྐབས།  ཁེ་གྲགས་གཉིས་ཐོབ་ཀྱི་གླུ་བ་མང་པོ་ཞིག་ལ་ཡུལ་དགོན་སྟོན་མོ་སྣ་ཚོགས་ཀྱིས་སྡིངས་ཆ་སྤྲད་པ་རེད།  གླུ་བ་འདི་དག་རོང་འབྲོག་གཞོན་རབས་ཀྱི་སྒྱུ་སྐར་ལ་འགྱུར་ཡོད་པ་དང་།  དུས་དེར་མི་རེའི་ལག་ན་སྒྲ་སྙན་རེ་འཛིན་པ་ནི་དར་སྲོལ་ཞིག་ཏུ་ཆགས་ཡོད་པ་རེད།  གནས་སྟངས་འདི་ཡིས་གླུ་བ་ཕོ་མོ་རྣམས་ཀྱི་ང་རྒྱལ་ཆེས་ཆེར་སྐུལ་བ་རེད་ལ།  གླུ་གཞས་རང་སྟེང་དུའང་མི་སྒེར་གྱི་གཤིས་ཀ་འབུར་ཏུ་ཐོན་ཡོད་པ་རེད། སྔོན་རབས་པ་དག་གིས་མི་རིགས་གོང་བུའི་འགན་འཁྲིའི་འདུ་ཤེས་དང་ཁེངས་སྐྱུང་སོགས་ལས་ཐ་དད་པར།  སྐབས་འདི་ཡི་གླུ་བ་ཕོ་མོ་དག་ནི་སྣང་བ་ཤིན་ཏུ་མཐོ་དུས་ཤིག་རེད།  གླུ་ཚིག་གི་ཁྲོད་དུ་ ་་ང་དེང་སང་གསར་བུ་སྣང་སྐྱིད་ཡིན་་ ལྟ་བུའི་བསྒྲགས་གཏམ་བྱུང་ཡོད་པ་མ་ཟད།  སྒྲ་འཁོར་ནས་བརྙན་སྡེར་ལ་འཕར་བའི་ལག་རྩལ་གསར་བརྗེ་དང་འཕྲད་ཡོད་པས།  རོལ་བརྙན་ཨ་ལ་པ་ལ་དག་གི་ནང་ནས།  གསེར་གྱི་རྒྱན་ཆ་དང་དཔེ་གསར་གྱོན་གོས།  ཚོགས་ཀྱིས་སྐོར་བ་དང་འུར་གྱིས་ཁེངས་བ་ལྟ་བུའི་སྣང་བརྙན་གང་མང་བྱུང་བས།  རོང་འབྲོག་གི་གཞོན་སྐྱེས་ཕོ་མོ་ཚོས་སྒྱུ་སྐར་འདི་དག་གི་ཞྭ་ལུགས་གྱོན་སྟངས་ལད་ཟློས་བྱེད་པར་མ་ཟད།  རྒྱུ་འབྱོར་དང་སྐད་གྲགས་ཀྱི་བསོད་ནམས་དེ་ལ་ཡིད་སྨོན་བྱེད་པའི་རོང་འབྲོག་གཞོན་སྐྱེས་མང་པོ་ཞིག་གིས་རྡུང་ལེན་དེ་རང་གི་ཕུགས་འདུན་ཏུ་བཅངས་ཡོད་པ་རེད།  དུས་ཚོད་འདི་ཡིས་ཕུགས་འདུན་ཐོབ་འབད་ཀྱི་གཞོན་སྐྱེས་རྣམས་ལ་ལམ་བདེ་ཞིག་བསྟན་ཡོད་པ་འདྲ་བས།  རྡུང་ལེན་གྱི་ ་་རྨི་ལམ་་ འཁྱེར་བའི་གཞོན་སྐྱེས་མང་པོ་བྲེལ་ཚབ་ཀྱིས་དེད་དེ་རྡུང་ལེན་སྡེ་ཁག་ཏུ་ཞུགས་པ་རེད། ས་གནས་སོ་སོ་ནས་ཕུད་པའི་རྡུང་ལེན་ཆེད་བསྒྲིགས་ནི་ཆུ་ལུད་ལོག་པ་ལྟར་ཚོང་རར་ཐོན་ཡོད་མོད།  དཔྱད་བརྗོད་ཀྱི་སྡེ་ལ་མཚོན་ན།  འདི་འདྲའི་སྣང་ཚུལ་ནི་སྨྱོ་ཧམ་གྱི་འཁྲབ་སྟོན་ཞིག་ལས་གང་ཡང་མ་ཡིན།  རྡུང་ལེན་རོལ་མོའི་བརྩམས་ཆོས་དག་ལ་ཚུལ་འཆོས་དང་།  སྲེ་སྦྱོར།  ཚད་མིན་སོགས་ཀྱིས་གང་ནས་ཡོད་པ་ལ།  ཆེད་བསྒྲིགས་ཀྱི་ཚོང་ལམ་ཆེས་ཡངས་བའི་དུས་སྐབས་འདི་ཉིད།  རྡུང་ལེན་རོལ་མོ་བོད་མིའི་གླེང་ཕྱོགས་ཀྱི་དམོད་མོ་དང་སྐྱོན་བརྗོད་ཆེས་མང་བ་དེ་ཐོབ་པའི་དུས་ལ་ལྷུང་བ་རེད།    

ངེས་བརྟན་མེད་པའི་རྡུང་ལེན་གྱི་གཞོན་ནུའི་དུས་ཚོད་འདི་ལ།  སྒྱུ་རྩལ་དང་ཆང་རག་གཉིས་གདོང་ཐུག་བྱུང་བ་ཡིན་ཏེ།  ཟང་ཟིང་གིས་ཁེབས་པའི་ནང་མ་འཁྲབ་སྟོན་ཁང་ནང་།  རྔ་རོལ་གྱི་དིག་ཚ་པིག་ཚ་སྦྱར་བའི་གླུ་གསར་བ་དག་གཅིག་གིས་གཅིག་ལ་བརྐུས་ནས་ཕབ་ཀྱིན་ཡོད།  གླུ་བ་ཁ་ཤས་ཆང་རག་གི་ཤེལ་དམ་ཁྲོད་དུ་བཟི་སོང་ལ།  ཁ་ཤས་ཞིག་བཟི་ཁའི་ལག་འཛིང་གི་ཁྲོད་ནས་རྡུང་ངན་རག་ཡོད་པ་རེད།  འོན་ཀྱང་དཔྱད་བརྗོད་བྱེད་མཁན་གྱི་ཀླད་པ་ནི་དྭངས་སེ་ཡོད་དེ།  རྡུང་ལེན་གླུ་བ་ཕོ་མོའི་ཕྱི་ཚུལ་གྱི་མཛད་སྤྱོད་རིང་ལུགས་ཀྱི་ཁྲ་ཁྲའི་འོག་ཏུ། སྐྱོན་དང་རྫུན་གྱིས་ཁེངས་ཡོད་པ་དེ་ཐོག་མ་ཤེས་ཡོན་པའི་སྡེ་ནས་དམར་རྗེན་དུ་ཕུད་པ་རེད།  སྐྱབས་ཆེན་གྱིས་ལོ་དེབ་དུས་རབས་ཀྱི་ང་བྱ་བ་དེ་རུ་བོད་ཀྱི་རོལ་མོའི་རྩེད་རིག་པའི་སྡེ་ཡི་རུལ་སོང་གི་རྣམ་པ་དེ་ལ་སྐྱོན་བརྗོད་བྱས་པ་དང་།  ཁོང་གིས་རོལ་མོ་ཡིས་ད་ལྟ་བོད་རང་གི་ལོ་རྒྱུས་ཀྱི་ཕམ་ཉེས།  མི་གཤིས་ཀྱ་འཐུས་ཤོར་བརྗོད་ཐུབ་ཀྱིན་མེད་ལ།  རོལ་མོ་དེ་ད་ལྟ་དང་མ་འོངས་མདུན་ལྗོངས་ལས་ཁ་བྲལ་ཏེ། བར་སྣང་གི་འ་འུར་ཞིག་ཏུ་གྱུར་ཡོད་པ་བསྟན་པ་རེད།  ཁོང་གིས་འདི་ལྟར་རྗོད་སྐབས་རྡུང་ལེན་སྒྱུ་རྩལ་ཁོ་ནར་བརྗོད་པ་མིན་རུང་།  སྐབས་དེའི་རྡུང་ལེན་རོལ་མོ་ལ་ནད་གཞི་ནད་རྟགས་འདི་འདྲ་ཡོད་པ་ནི་གསལ་བོ་རེད།  དེ་བས་དཔྱད་བརྗོད་འདི་ཡི་ཁ་བྱང་ནི་དྲི་བ་ཞིག་ཡིན་ཏེ།  བོད་ཀྱི་རོལ་མོའི་བླ་སྲོག་གང་ན་ཡོད་དམ།  དྲི་བ་འདི་ལ་དོ་སྣང་ཡོད་མཁན་ནི་དཔྱད་བརྗོད་པ་དང་ཤེས་ཡོན་པའི་སྡེ་ཁོ་ན་མིན་ཏེ།  རོལ་མོའི་ཆེད་ལས་མཁན་མང་པོ་ཞིག་གིས་ཀྱང་གནད་དོན་འདི་མཐོང་ཞིང་སེམས་ཁུར་བྱས་ཡོད་པ་རེད།  འདི་ཚོ་རྡུང་ལེན་སྒྱུ་རྩལ་གྱི་མི་རབས་གསར་བ་ལྟ་བུ་ཞིག་ཡིན་ཏེ།  ཁོ་ཚོས་འབད་བརྩོན་བྱེད་ཡུལ་ནི་རྡུང་ལེན་དེ་ལམ་ལོག་ལས་བཟློག་ཐབས་བྱེད་པ་དེ་རེད།

ཁྱོད་ཀྱི་བདེ་སྐྱིད་དང་ང་ཡི་སྡུག་བསྔལ་ཞེས་པའི་གླུ་དབྱངས་གྲགས་ཅན་བརྩམས་ཡོད་པའི་རོལ་མོ་བ་ཁོ་བསྟན་གྱིས་རྡུང་ལེན་ལ་དཔྱད་བརྗོད་བྱེད་སྐབས་འདི་ལྟར་གསུང་བྱུང་སྟེ། ད་ལྟའི་རྡུང་ལེན་བརྩམས་ཆོས་དག་ཚིག་གོ་ན་ད་གཟོད་བྲོ་བ་ཐོན་པ་ཞིག་རེད།  དེ་ནི་རོལ་མོའི་སྐྱོན་ཞིག་ཏུ་བརྩིས་འོས་ཏེ།  དཔལ་མགོན་ནས་ད་ལྟའི་བར་ཏུ་སྐྱོན་དེ་སེལ་ཐུབ་ཡོད་མ་རེད་ཅེས་སོ། །  གལ་ཏེ་ང་ཚོ་རོལ་མོ་ཅེས་པའི་སྒྲ་དོན་འདིའི་མཚན་ཉིད་ཀྱི་རྩ་བར་སོང་བ་ཡིན་ན།  ང་ཚོས་རོལ་མོ་ནི་སྒྲ་ཡི་སྒྱུ་རྩལ་ཞིག་ཡིན་པ་རྟོགས་ཐུབ། དེ་བཞིན་ཚིག་གི་སྒྱུ་རྩལ་ལ་སྙན་ངག་ཅེས་ནས་རྣམ་པར་འབྱེད་ཡོད་པ་རེད།  རྡུང་ལེན་དེ་ཚིག་གི་སྒྱུ་རྩལ་ཁོ་ན་ཞིག་ཏུ་འགྱུར་ཡོད་པ་དེ་ནི་རོལ་མོའི་མཚན་ཉིད་ལས་ཤིན་ཏུ་ཐ་དད་པར་སོང་ཡོད་པས།  རྡུང་ལེན་གྱིས་དབྱངས་ངག་གི་ཐད་ནས་མདུན་སྤོས་མི་ཐུབ་པ་དེ་ཡིས་ཉན་མཁན་དགའ་མཁན་ཚོའི་ཡི་ག་བཅད་སོང་བ་རེད།  ཚིག་དོན་མ་གོ་ན་རྡུང་ལེན་ལ་དགའ་མཁན་མེད་ལ།  ཨ་མདོའི་ཡུལ་སྐད་མ་གོ་ན་ཉན་ཐུབ་མཁན་མེད་པའི་སྣང་ཚུལ་དེ་ཡི་ངོས་གཞན་ཞིག་ནི།  རྡུང་ལེན་གྱི་རོལ་དབྱངས་ཐད་ནས་གཞན་སེམས་འཕྲོག་མི་ནུས་པའི་དངོས་ཡོད་དེ་རེད།  སྔ་དུས་རྡུང་ལེན་ལ་ནུས་ཤུགས་དང་སྙིང་སྟོབས་བསྩལ་ཡོད་པའི་ཡོན་ཏན་དེ་དག་ད་ལྟ་རྡུང་ལེན་འཕེལ་རྒྱས་སུ་འགྲོ་མི་ཐུབ་པའི་བཀག་རྡོར་གྱུར་ཡོད།

ང་ཚོ་སླར་ཡང་ལོ་རབས་བརྒྱད་བཅུའི་སྨད་ཀྱི་རྨ་ཆུའི་འགྲམ་རྒྱུད་དུ་འགྲོ་བའམ།  ཡང་ན་དེ་བས་དུས་ཡུན་རིང་བའི་གུ་གེའི་རྒྱལ་རབས་ལ་སོང་ན།  སྒྲ་སྙན་དང་དེའི་རྡུང་ལེན་གྱི་ང་ཚོར་གནང་ཐུབ་པའི་ལམ་སྟོན་ནི་གང་འདྲ་ཞིག་ཡིན་སྲིད།  བདུད་བྷེ།  རྡོ་རེད་སོགས་ཀྱིས་ཐེག་པའི་འགན་སེམས་དེ་དག་གིས།  རང་མི་རིགས་ཀྱི་སྐྱོ་སྡུག་སེམས་ལ་འབྲི་ཐུབ་ཡོད་པ་རེད།  རྡུང་ལེན་གྱི་ལངས་ཕྱོགས་ནི་དེ་འདྲའི་བཅོས་མིན་དང་ལྷད་མེད་ཅིག་རེད།  རྡུང་ལེན་གྱི་ ་་དད་འབངས་་ ནི་དེ་འདྲ་བློ་སེམས་བརྟན་པོ་ཞིག་རེད།  ཁོ་ཚོས་ནམ་ཡང་རང་གི་ལམ་དང་གདམ་ཀ་ལ་འགྱོད་པ་སྐྱེ་སྲིད་ཀི་མ་རེད།  ལམ་སྟོན་འདི་ཡིས་མི་རབས་གསུམ་པའི་རྡུང་ལེན་པ་ལ་ཡིད་ཆེས་དང་སྤོབས་པ་བསྩལ་ཡོད་ངེས་ཡིན།

ནམ་མཁའ།  བསོད་ནམས་སྟོབས་རྒྱལ།  ཨ་མཆོག་དགའ་ལྡན།  ཆོས་འཚོ་སྐྱིད།  བཀྲ་ཤིས་དོན་འགྲུབ།  བློ་གསལ་ལ་སོགས་པའི་ལྷག་བསམ་ཅན་གྱི་རྡུང་ལེན་པ་དག་གིས་རོལ་དབྱངས་ངག་རྟའི་ཐད་ནས་རྡུང་ལེན་ལ་གསོན་ཤུགས་སྤྲོད་འདོད་ཀྱིན་ཡོད་པ་དང་།  བློ་བཟང་།  སྐལ་བཟང་ཡོན་ཏན་སོགས་ཀྱིས་འགྲོས་བཅད་རྔ་རོལ་ལ་བརྟེན་ནས་གཞོན་སྐྱེས་ཀྱི་མོས་པ་འགུགས་འདོད་ཀྱིན་ཡོད།  གྲོལ་གཞས་ཀྱི་སྡེ་ནས་ཕྱིར་རྡུང་ལེན་པའི་གྲལ་ཏུ་ཕེབས་པའི་ཤེར་བསྟན་སོགས་ཀྱིས་རྡུང་ལེན་ལ་གྲོལ་གཞས་ཀྱི་ཉམས་དང་བློ་རྩལ་གཏད་ཡོད་པ་རེད།

ང་ཚོས་མཐོང་ཐུབ་པ་ནི།  ང་ཚོས་མེས་པོ་དག་གིས་ནས་ཞིང་གི་གསེབ་ནས་སྙེ་མ་རླུང་བུས་བསྐྱོད་སྒྲ་ལ་ཉན་པ་ལྟར།  སྦྲ་ནག་གི་མདུན་ནས་ཟོག་ལུག་གི་དབུགས་སྣ་ལ་ཉན་པ་ལྟར།  བྱིས་དུས་ཀྱི་མག་མོག་དང་།  གཞོན་དུས་ཀྱི་འདོད་ཧམ་ལས་རྒྱལ་བའི་རྡུང་ལེན་རོལ་མོ་འདི་ཉིད།  ད་ལྟ་ནི་ཁེ་དང་སྐད་གྲགས་ཀྱི་བསླུ་བྲིད་ལས་ཐར་ཏེ།  སླར་ཡང་རང་གི་རྩ་བ་དེ་ལ་ལོག་ཡོད་པ་རེད།  རྩ་བ་དེ་ནག་ཆུའི་འབྲོག་ཐང་གི་འདམ་ལམ་ཐོག་ཏུ་ཡོད་ལ།  རྩ་བ་དེ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཞོགས་སྨུག་གི་ཁྲོད་དུ་ཡོད།  རྩ་བ་དེ་ཁྲུང་ཁྲུང་རྩེད་འཇོ་བྱེད་སའི་ལི་ཐང་ན་ཡོད་ཅིང་གྲང་རླུང་གི་གཡོ་འགུལ་མེད་པའི་གནམ་མགོ་ལོག་ནའང་ཡོད།  །

                                                                                   རྩོམ་སྒྲིག་པ། དབང་མོ།

                                                                             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མདོའི་རྡུང་ལེན། ཡང་ན་བླ་སྲོག་སྐྱོབ་ཚུལ་གྱི་དེབ་ཐེར་ཅིག

2016-05-11 ས་བུ་ཆེ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།