ཏྲེ་ཤོད་གཞུང་དུ་གཤར་བའི་རོང་ཚོང་བ།

དགྲ་ཟོར།(གསེར་རྟ) 琼迈文学网 2022-09-28

  ངས་སློབ་གྲྭ་ཆུང་འབྲིང་འཕུར་མ་ལྡིང་གིས་བཏོན་པ་ཡིན། སྔ་ཕྱིར་པེ་ཅིན་ནས་ལོ་གཉིས་དང་ལྷ་ས་ནས་ལོ་གཅིག་ལ་ཕོ་བྲང་གི་རོལ་མོར་སློབ་སྦྱོང་དང་། མངའ་རིས་དང་དིང་རི་ལྷ་རྩེ་ཡུན་ནན་བཅས་དམངས་ཁྲོད་སོ་སོ་ནས་ཟླ་བ་རེ་གཉིས་ལ་བསྡད་དེ་ས་གནས་སོ་སོའི་ཀྲོལ་སྟངས་ལ་རྒྱུས་ལོན་དང་སློབ་སྦྱོང་བྱས་མྱོང་ལ་ད་ལྟ་ཡང་ལམ་ཁ་དེར་ཡོད། འདུན་པ་འདིས་བསྐུལ་ཏེ《རྒྱུད་སྐུད་ཉག་མ་གཅིག་གི་ས་ཁྲ་ལས་རྟ་དང་འབྲུག་འཚོལ་བའི་སྐོར》ཞེས་པ་ཞིག་ཀྱང་འབྲི་མུས་ཡིན་ལ། རྟ་དང་འབྲུག་འཚོལ་བའི་ལམ་ནས་རྙེད་པའི་ཚོར་འདུ་ཕྲ་རགས་མཐའ་དག་ལྷུག་མའི་ལམ་ནས་བྲིས་ཏེ་མཚམས་དང་མཚམས་སུ་ཀློག་པ་པོའི་སྤྱན་ལམ་དུ་འབུལ་བཞིན་པ་འདི་དག་གོ།།
                          ---དགྲ་ཟོར་གྱིས།

  ཆུང་དུས་སུ།ཨ་མའི་གནའ་གཏམ་གྱི་ཁྲོད་ཀྱི་གནའ་སྔ་མོ་སྔ་མོ་ཟེར་བ་དེ་ཡང་།ངས་ཨ་ཕ་རོང་ཚོང་ལ་འགྲོ་སའི་དཀར་མཛེས་ལྟ་བུ་ཞིག་ན་ཡོད་སྣང་སྐྱེས།འཆར་ཅན་དུ།སྡེ་བའི་མི་དག་ལོ་གཅིག་གི་ནང་དབྱར་དགུན་གཉིས་ཀར་ཐེངས་རེ་རེར་དཀར་མཛེས་ལ་འགྲོ།རུ་བ་དགུན་མཚེར་ལ་སྤོས་རྗེས་ཏེ། ས་ཆུ་འཁྱག་གིས་མ་བསྡམ་པའི་སྔ་རོལ་ཏུ། ཁོ་ཚོ་ཚེས་ལ་ཉེ་བའི་དགུན་དང་དེའི་གཞུག་གི་སོས་ཀའི་བཟའ་བཅའ་ཉོ་བར་ཚོ་དང་ཚོ་བྱས་ནས་དཀར་མཛེས་ལ་འགྲོ་ཞིང་།ལོ་སར་གྱི་ཀ་ར་དང་རྒུན་འབྲུམ་སྐམ་པོ་སོགས་ཀྱང་སྟབས་གཅིག་ཏུ་ཉོས་ཡོང་བ་རེད། དུས་རྒྱུན་ཨ་མ་དང་མཉམ་དུ་རི་མགོ་ནས་ཟོག་འཚོ་དགོས་སྟབས།ཨ་མས་རྒྱང་རིང་གནམ་གྱི་མཐའ་རུ་འགྲེང་བའི་རི་མཐོན་པོ་དག་ང་ལ་ངོ་སྤྲོད་བྱེད། རྒྱལ་པོ་ལ་ཡང་དེའི་གྲས་ཀྱི་གཅིག་ཡིན་ལ་ཕ་ཡུལ་ནས་དཀར་མཛེས་ལ་འགྲོ་བའི་རོང་ཚོང་བ་དག་གིས་ངེས་པར་དུ་བརྒལ་དགོས་པའི་ལ་མཐོན་པོ་དེ་ཡང་ཡིན། རུ་དགུན་སར་སྤོས་རྗེས་ཀྱི་ཟླ་གཅིག་ཟིན་ཙམ་གྱི་མཚམས་སུ་ངས་ཁས་འདེད་{ཁལ་མ་འདེད་མཁན}མང་པོ་འཕྲོ་རིམ་འཕྲོར་ངེད་ཚང་གི་ཐད་ཀྱི། གཞུང་ཆུའི་ཕ་རོལ་ཀྱི་རྐང་ལམ་བརྒྱུད་དེ་གཤར་འགྲོ་བ་མཐོང་ལ། ངས་ཁང་ཕུག་གི་གད་མཐོན་པོ་དེའི་མགོར་སོང་ནས་བལྟས་བསྡད་ཚེ། མིག་གིས་རབ་རིབ་ལས་མི་མཐོང་བའི་རྒོད་ཚང་ལུང་པའི་མདའ་ནས་ནག་ཐིག་ཅིག་ཏུ་གྱུར་འགྲོ་བ་མཐོང་ཡོང་། ཁོང་ཚོ་ནི་དཀར་མཛེས་ལ་འགྲོ་བའི་རོང་ཚོང་བ་རེད། ཁོང་ཚོ་ཐོག་མར་སྟོན་ས་ལ་སླེབས་ཅིང་དེ་ནས་དབྱར་ས་བརྒྱུད་དེ་དཀར་མཛེས་ལ་འགྲོ་བ་རེད། དེ་ནས་བརྩིས་པའི་ཉིན་ལྔའི་འཕྲོ་ནས་ངས་ཡང་བསྐྱར་ཁོང་ཚོ་ནག་ཐིག་ཅིག་ནས་རིམ་གྱིས་ཁལ་ལྗི་ཐག་ཆོད་པའི་ཁལ་མ་རེ་རེར་འགྱུར་ཡོང་བ་མཐོང་ཐུབ། ངེད་ཚང་གི་ཕར་ཁའི་ཆུ་འགྲམ་དེར་སླེབས་དུས་འཕྱི་ཙམ་ཡིན་ན་ཞག་སྡོད་བྱེད་ཅིང་། སྔ་དྲོ་ཡིན་ཚེ་ཉིན་གུང་གི་གུང་འབབ་སྐོལ་རྒྱུ་རེད། ཁལ་མ་རྣམས་ཡན་ནས་རྩྭ་ཟ་སྐབས།གཟབ་ནན་གྱིས་བལྟས་ཚེ།སྐྱ་ཀ་དང་ཕོ་རོག་ཁལ་མ་རེ་རེའི་ཐོག་ཏུ་བབ་ནས། སྒྱེ་ནང་གི་ཚོང་རྫས་ལ་མཆུ་ཤད་གཏོང་ཞིང་བཏོག་བཏོག་བྱེད་པ་མཐོང་ཐུབ། སྒྱེ་ནང་དུ་ཅི་ཞིག་ཡོད་སྲིད་དམ།ཤེལ་ཀ་ར། བུར་ནག། རྒུན་འབྲུམ་སྐམ་པོ། རན་ཐང་ཡོད་སྲིད་དམ། དུས་འདི་འདྲར་ངས་ཨ་མས་རྒྱུན་དུ་སྒྲ་སྡུད་འཕྲུལ་ཆས་ལས་ཉན་བཞིན་པའི། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་ནང་གི་འཕོ་བ་གྲོང་འཇུག་གི་གདམས་པ་དེ་འདྲ་ཞིག་ང་ལའང་ཡོད་ན་སྙམ་ཡོང་། གལ་ཏེ་རོང་ཚོང་བ་དེ་དག་གི་གྲས་སུ་ཨ་ཁུའམ་ཨ་ཞིང་གང་རུང་ཞིག་ཡོད་ཚེ་ཁོང་ཚོ་གཞུང་ཆུའི་ཕར་ཁ་ནས་ཞག་སྡོད་མི་བྱེད་པར་ཐད་ཀར་ངེད་ཚང་གཟས་ནས་ཡོང་སྲིད་ལ་འབབ་ཁ་ཡང་ཡོད་ངེས། ཨ་ཕ་རོང་ཚོང་ལ་སོང་ཚེ་ཡང་ཁོང་ཚོ་ལྟར་ཉིན་ལྔ་ཙམ་འགོར་ལ།ཉི་མ་འདི་དག་ཨ་མས་བཤད་པའི་རྐང་ཐང་དབུས་ལ་སོང་བའི་གནའ་གཏམ་ལས་ཀྱང་རིང་བོ་ཡོད། ཨ་ཕས་ལོ་སར་ལ་རྒུན་འབྲུམ་སྐམ་པོ་དང་འབུ་རྒན་སྣ་ཁྱོ།ཆང་བ་ལི་སོགས་སྒྱེ་ནག་པོ་དེའི་ལྟོ་བ་འབུར་ཙམ་ཉོས་ཡོང་བ་དེ་ལོ་སར་གྱི་ཉིན་མོར་ལྟ་དུས་ཅི་ཡིན་མེད་པར་ཤུད་ཙམ་ཡིན་དུས་ཀྱང་ཡོད།སློབ་ཆུང་སྐབས་སུ།རྒྱལ་པོ་ལ་ནི་འཛམ་གླིང་གི་ལ་རྣམ་ལས་མཐོའོ་ཞེས་པ། ནི་སྒྲ་དགར་བའི་དཔེ་བརྗོད་དུ་བྲིས་པར་དགེ་རྒན་དང་སློབ་གྲོགས་ཚོས་ཧབ་ཆ་བརྒྱབ་པ་ད་དུང་དྲན། གང་ལྟར་སྐབས་དེའི་ངའི་སྣང་ངོར་དཀར་མཛེས་ནི་ཆེས་ཐག་རིང་བའི་ས་ཆ་དང་རྒྱལ་པོ་ལ་ནི་ཆེས་མཐོ་བའི་རི་དེ་ཡིན། རོང་ཚོང་བ་དག་དེ་ལྟར་རྒྱལ་པོ་ལ་བརྒལ་ནས་ཐག་རིང་ཏྲེ་ཤོད་གཞུང་དུ་གཤར་འགྲོ་བ་རེད།

  ལོ་ཞིག་གི་དཔྱིད་ཀར་དབྱར་རྩྭ་བརྐོ་མཚམས་འཇོག་ལ་ཉེ་སྐབས་ཀྱི་ཉིན་ཞིག།ཨ་ཕས་ཉིན་རྗེས་མ་དག་ལ་དབྱར་རྩྭ་ག་ཚོད་རྙེད་པ་ཁ་ཚང་ཨ་མ་ངེད་གཉིས་ཁེར་མོར་སྦྱིན་རྒྱུ་བྱས་ཤིང་ཕལ་ཆེར་ཉིན་གསུམ་བཞི་ཙམ་ལ་དབྱར་རྩྭ་ལྔ་བཅུ་ལྷག་རྙེད་པ་འདྲ། ཨ་མས་དེ་དག་དཀར་མཛེས་ལ་འགྲོ་བའི་རོང་ཚོང་བ་ཞིག་ལ་བསྐུར་ནས་ཤེལ་ཀ་ར་དང་རྒུན་འབྲུམ་སྐམ་པོ་ཚོང་སྐུར་བྱས་པ་དྲན། དེ་བས་རི་མགོ་ནས་རྒྱུན་དུ་ཨ་མས་ངོ་སྤྲོད་བྱས་པའི་རི་མགོ་དག་ལ་བལྟས་ཤིང་རོང་ཚོང་བ་གཤར་སའི་རྒྱལ་པོ་ལའི་ཕྱོགས་སུ་མང་ཙམ་བལྟས། ཨ་མས་རྒུན་འབྲུམ་སྐམ་པོ་འོ་མའི་ནང་ཞག་གཅིག་ལ་སྦང་ན་ཇེ་མང་ལ་འགྲོ་བ་རེད་ཟེར་བ་བདེན་པ་འདྲ།དགོང་མོ་ཉལ་རན་དུས་ཨ་མས་ཉལ་གྲོ་ལ་རྒུན་འབུམ་སྤར་བ་ཕྱེད་ཙམ་སྦྱིན་སྲོལ་ཡོད།ཞིམ་མངར་གྱི་བྲོ་བ་དེ་ངའི་མཚན་མོའི་རྨི་ལམ་དང་ཡོངས་སུ་བསྲེས་པ་ཡིན། ཨ་མས་གྲངས་རིག་བསླབ་མ་མྱོང་མོད་ང་ཆུང་དུས་སེམས་ཆུང་མ་བྱས་པར་ཤོར་བའི་ཉེས་པ་དག་ཨ་མས་ཞེ་རྩིས་རྒྱག་གི་ཡོད།མཚམས་རེར་“ད་ཁྱོས་ཁ་གང་ཡོང་གི་ཡོད་”ཟེར་རྒྱུ་ཞིག་ཡོད། ཉེན་བརྡ་འདི་འདྲ་གཏོང་སྐབས་ངས་ཁོ་མོར་གོམ་ཚགས་མང་ཙམ་ལེན་རོགས་མ་བྱས་ཚེ་ཨ་མའི་ཐལ་ལྕགས་ཏེ་སྙིང་རྗེ་མེད་པར་ངའི་མགོ་ལ་འབབ་ཀི་ཡོད། རོང་ཚོང་བ་སོང་ཉིན་ནས་སྐྱ་ཀ་དང་ཕོ་རོག་གི་སྐད་ལ་ཉན་ནས་རོང་ཚོང་བའི་གནས་ཚུལ་ལ་བརྟག།མཚན་མོ་སྒོ་ཟོག་མི་ཚང་སྐབས་ཨ་མས་རྒྱུན་དུ་འུར་ཆ་བཀོལ་ནས་མོ་འདེབས་པ་ཡིན། དེ་བས་རོང་ཚོང་བ་སོང་ནས་ཉིན་གཉིས་འགོར་ན་ངས་ཨ་མར་ཉི་མ་རེ་རེ་བཞིན་མོ་འདེབས་ཀི་འཇུག་སྲོལ་ཡོད། ཐ་གུ་རིང་ཤད་དང་མཛོ་མོ་གསེར་རྣ་བབ་ན་རོང་ཚོང་བ་མྱུར་ཏུ་ཐོན་པའི་རྟགས་ཡིན།ཤྭ་བོའི་སྐེ་གཅུས་བབ་ཚེ་མོ་མི་ལེགས་པར་བརྩི་མོད་རོང་ཚོང་བ་ལ་མོ་འདི་འདྲ་འབབ་མྱོང་མེད། ཕྱིས་སུ་ངེད་ཚང་གི་དགུན་ས་དེ་གཞན་ལ་བཙོང་ནས་ངེད་ཚང་ས་ཆ་གཞན་ཞིག་ཏུ་སྤོས་སོང་།ཉི་མ་དེ་དག་ད་ལྟའི་བར་དུ་ངའི་བརྗེད་ཐབས་མི་འདུག། ང་རང་སློབ་ཆུང་ལོ་རིམ་གསུམ་བཞི་ཞིག་ཡིན་དུས་ངས་ཨ་མར་སྐབས་དེ་དུས་ཀྱི་སྐོར་ཁ་བརྡ་བྱེད་སྐབས། ཨ་མས་མི་རྣམས་འཆི་སྐབས་ཕྱི་དབུགས་ཆད་ནས་ནང་དབུགས་མ་ཆད་པའི་བར་གླགས་དེར། ཚེ་འདིར་རང་ཉིད་གང་ལ་སོང་མྱོང་བའི་ས་ཆར་སླར་ཡང་ཕྱིར་ལྡོག་གིས་ཐེངས་གཅིག་འགྲོ་བ་རེད། སྐབས་དེ་དུས་མ་མཏོགས།མོ་རང་རྗེས་སུ་ས་ཆ་དེ་ཚོར་ཐོན་ཐུབ་རྒྱུ་མ་རེད་ཟེར། ངའི་མིག་མཐར་བརླན་སོབ་སོབ་ཀྱི་མཆི་མ་ཞིག་འཁྱིལ་བྱུང་།ཕྱིས་སུ་སློབ་གྲྭའི་མལ་ཁང་ནང་ནས་སྐད་ཆ་དེ་ཡང་ཡང་དྲན་ཡོང་ལ་དྲན་ནས་ངུས་པའང་ཐེངས་མང་པོ་ཡོད། མཚམས་འདིར་ངས་རང་གི་ཉིན་ཐོ་དག་ལས་མཐོ་འབྲིང་སྐབས་ཨ་མར་བྲིས་པའི་ཚན་པ་གཅིག་ཀློག་ན་འདོད།

  ངའི་ཨ་མ་ད་ལོ་ལོ་ལྔ་བཅུ་རྩ་གསུམ་ཡིན། ལོ་ངོ་ལྔ་བཅུ་རྩ་གསུམ་འདི། ཨ་མས་དཀའ་སྡུག་ཁོ་ནས་བརྒལ་ནས་ཡོང་བ་ཡིན།དོན་དངོས་སུ། དཀའ་སྡུག་གི་མདུན་དུ་མི་སུ་ཡིན་ཡང་ཁེར་རྐྱང་ཡིན་ངེས།ཨ་མ།ངས་ཁྱོད་རང་དྲན་ཚུལ་ནི།སྦྲའི་ཁ་ཚེབས་བར་ནས་སྐར་མ་བརྩི་ཚུལ་དྲན་སྟངས་ཡིན། རི་དབྱར་མཚེར་ལ་སྤོ་ཁའི་སེམས་ཀྱི་བྲེལ་ཟིང་དྲན་སྟངས་ཡིན། ལོ་སར་ཁ་མའི་དགོང་མོའི་གཉིད་མི་ཡོང་བའི་ནམ་ཚ་དྲན་སྟངས་ཡིན། མིག་དབང་བསྲེག་པར་བྱེད་པའི་དབྱར་གྱི་མེ་ཏོག་གི་མཛེས་པ་དྲན་སྟངས་ཡིན། ཨ་ཕ་རོང་ཚོང་ལ་སོང་ནས་ཕྱིར་ལོག་པའི་བར་གྱི་ངང་སྒུག་དྲན་ཚུལ་ཡིན། མ་ཎིའི་མགུར་དབྱངས་ཉི་མའི་ཕྱི་མིག་དང་འདྲེས་པའི་དགོངས་སྲོད་དྲན་སྟངས་ཡིན། ཨ་མ་དྲེད་མ་དང་ཨ་ཁུ་སྤྱང་ཀིའི་གནའ་གཏམ་དྲན་ཚུལ་ཡིན།དགོ་དགོའི་བཞོ་དབྱངས་གདངས་ལ་བཀུགས་པའི་འགྱུར་ཁུགས་དྲན་སྟངས་ཡིན།འབྲི་མོའི་འོ་མ་ཟོམ་དུ་བཞོ་བའི་ཤག་སྒྲ་དྲན་སྟངས་ཡིན། ཨ་མ་དྲན་ཚུལ་ནི་ཆའི་དྭངས་གཙང་གི་ན་ཚོད་དྲན་སྟངས་ཡིན།ཨ་མ་དྲན་ཚུལ་ནི་ཐ་སྙད་ཀྱི་དཔུང་བས་མི་ཁྱོག་པའི་གཟི་དཔལ་དྲན་སྟངས་ཡིན། ཨ་མ།་འཇིག་རྟེན་འདིར། གཏན་དུ་རྟོགས་ཐབས་བྲལ་བ་ནི། ད་ལྟའི་བདེ་སྐྱིད་རེད། ཡིད་གདུང་ཚད་མེད་པ་ཞིག་སྐྱེ་དུས་སུ། ཁྱོད་ཀྱི་བདེ་སྐྱིད་དེ་གཏན་དུ་ཤོར་ཟིན་པ་ཞིག་རེད། ཆུང་དུས་སུ།ངས་ནར་སོན་པ་ནི་སྡུག་བསྔལ་ཞིག་ཡིན་པ་དྲན་མ་མྱོང་། དོན་དག་མང་པོ་ཞིག།དུས་ཚོད་ཡོལ་རྗེས་གཞི་ནས་ཧ་གོ་ཡོང་བ་ཞིག་རེད། ཧ་གོ་རྗེས་ཡོད་ཚད་འཕྱི་དྲག་འདུག་ན་ཡང་། ཨ་མ།ཁྱོད་ཀྱིས་ས་མཐར་སློབ་སྦྱོང་དུ་འགྲོ་མཁན་ཚོའི་དཀའ་ངལ་ཤེས་མི་སྲིད་ལ།འཚོ་བ་ངན་ངོན་གྱིས་སྐྱེལ་བའི་སློབ་སྦྱོང་བ་ཕལ་བ་ཞིག་གི་ས་མཐའི་དཀའ་སྡུག་ནི་ལྷག་ཏུ་ཤེས་མི་སྲིད། དེ་ལྟ་ན་ཡང་།ཁྱེད་ཀྱི་བརྩེ་བ་ལ་ཡུལ་གྱི་རིང་ཐུང་མེད།ཁྱེད་ཀྱི་བརྩེ་བ་ལ་དུས་ཀྱི་ཚད་བཀག་མེད། འདི་དག་ཨ་མ་རླབས་ཆེན་ཡིན་པའི་རྒྱུ་མཚན་ཡིན།ཁྱོད་ཀྱིས་རང་གི་བུ་ཆུང་དྲན་པའི་སྨྲེང་སྐྱོ། ཡི་གེའི་གཟུགས་སུ་བཀོད་དེ་འཕྲིན་ཡིག་ཏུ་སྐུར་མི་ཤེས་ན་ཡང་།ཁྱོད་ཀྱིས་རང་གི་བུ་ལ་བཅིངས་བའི་བརྩེ་འདང་གི་ལྗིད་ཚད་དེ། ངག་ནས་འཁྲོལ་མི་ཐུབ་ན་ཡང་།ཁྱོད་ཀྱིས་མཚམས་ལན་རེར་བཏང་ཡོང་བའི་ཁ་པར་དེས། ངས་འཇིག་རྟེན་ནས་བརྩེ་འདང་ཞེས་པའི་ཐ་སྙད་དེའི་བསྟན་དོན་རྙེད་སོང་། ཚིག་དང་ཡིག་འབྲུས་མཚོན་མི་བཏུབ་པའི་ཁྱོད་ཀྱི་བརྩེ་བ་ཡོད་པས།ཨ་མ།ཁྱོད་ནི་ངའི་སྐྱེ་བ་ནས་འཆི་བའི་བར་གྱི་བདེ་སྐྱིད་ཡིན།

  ལོ་མང་པོ་ཞིག་གི་རྗེས་ཀྱི་དཔྱིད་མགོ་ཞིག་ལ། ངས་ཆུང་དུས་ཀྱི་དགུན་ས་ནས་སྒོ་ཕྱུག་ལྷས་ལ་འདེད་ཞོར་དགོང་ཀའི་ཉི་ནུབ་ལ་བལྟས་ནས་བསྡད། མདུན་ཕྱོགས་ཀྱི་གཞུང་ཆུ་ཁུག་མགོ་གཅིག་ནས་ཕྱོགས་གཉིས་སུ་གྱེས་ཏེ་བཞུར་ཞིང་དེ་ལ་དགོང་ཀའི་མཚམས་སྤྲིན་གྱི་འོད་མདངས་གསལ་ལ་རིབ་པ་དེ་ཕོག་པའི་ངང་ཚུལ་ནི།ཏག་ཏག་མཚམས་མཚམས་སུ་ན་ཚོད་དང་མི་འཚམས་པའི་ཁེར་སྡུག་གིས་མནར་བའི་ཕ་ཡུལ་གྱི་བུ་མོ་དེ་དག་གི།རྡུལ་གྱིས་ཁེངས་པའི་ངོ་གདོང་ནས་མཐོང་ཐུབ་པའི་མིག་ཆུའི་གྲོག་ཤུར་ཕྲ་མོ་དེ་གཉིས་དང་ཅི་འདྲའི་འདྲ་བ་ལ།མིག་ཆུའི་གྲོག་ཤུལ་ཕྲ་མོ་དེར་འོ་དོད་ཀྱི་བྲོ་བ་ཞིག་གིས་ཁྱབས་ཡོད་སྣང་ཤར།དུས་འདི་འདྲར་ངས་འཇིག་རྟེན་སྣང་བའི་དབང་གིས་ཐོག་མར་སྐྱིད་སྡུག་སྐྱ་འཐབ་པའི་འཚོ་བའི་ཁ་ཆར་ལ་མཉམ་དུ་གདོང་གཏོད་པའི་ཁ་དན་ཡོད་པའི་སྡེ་བའི་གསར་བུ་དང་གསར་མོ་དག་དྲན་ཡོང་།ཁོང་ཚོ་ཐོག་མར་གོ་ཁའི་ཕར་ཚུར་ཙམ་ནས་བསྡད་ཀྱང་ཕན་ཚུན་གྱི་བར་ཐག་ཧ་ཅང་རིང་འདུག་པ་འདྲ་བའི་ཚོར་བ་དེ།ད་ལྟ་ལེ་བར་བརྒྱ་ཕྲག་ལྷག་གི་བར་ཐག་ཁྲོད་ནས་ཟླ་དང་ཞག་མཐུད་དེ་མ་འཕྲད་ཀྱང་སྐབས་ཐོག་དེའི་ཚོར་བ་དེ་གང་ཡང་མེད་པར།འཇིག་རྟེན་ཨ་གསར་གྱི་སྣང་བའི་སྤེན་མའི་མེ་ལྕེ་འབར་སྐབས་དྲོ་རུང་འབར་ཡུན་ཐུང་བའི་དཔེ་བཞིན།ལུང་པ་རེ་རེའི་ནང་ཕལ་ཆེར་བུ་མོ་ཁེར་འདུག་རེ་རེས་དཀའ་སྣང་སྐྱོ་སྣང་བསྲེས་པའི་འཚོ་བ་ཤ་གཟེང་སྤུ་གཟེང་རེ་རོལ་བཞིན་ཡོད།དེ་དག་ལ་ཁ་བརྡ་མེད་པའི་བྱིས་པ་རེ་གཉིས་ཀྱང་ཡོད།ཁུག་མགོ་གཉིས་སུ་གྱེས་པའི་གཞུང་ཆུ་སླར་ཡང་ཁུག་མགོ་གཞན་ཞིག་ནས་མཉམ་དུ་འདྲེས་ཏེ་བཞུར་བས།མིག་ཆུའི་གྲོག་ཤུར་ཕྲ་མོ་དེ་གཉིས་ཁོ་མོའི་སེམས་ཀྱི་ཟབ་ས་ནས་བཞུར་ཞིང་མཐའ་མར་སླར་ཡང་སེམས་ཀྱི་གཏིང་རིམ་ཏུ་འཁྱིལ་ཡོད་པ་དང་ཡང་འདྲ།གཞུང་ཆུའི་ཆུ་མགོ་འདི་ཡངས་པའི་ཐང་ཆེན་ནས་བབས་ཏེ།ཀྱག་ཀྱོག་གི་རི་ལུང་དུ་ཆུ་ཀླུང་སྣ་ཚོགས་སུ་གྲུབ་ཅིང་ནགས་ཚལ་དང་རི་རྒྱུད་དུ་མ་བརྒལ་ནས་མིང་དུ་གྲགས་པའི་ཆུ་བོ་ཆེན་པོ་ཞིག་གྲུབ་ཡོད་ཅིང་།ཆུ་རྒྱུན་འདི་དེད་དེ་བསམ་བློ་བཏང་ཚེ།འཐུང་ཆུ་འདི་བརྟེན་ཡོད་པའི་མི་སུས་ཀྱང་ཆུ་འདིའི་མགོ་ཁོང་གང་ཞིག་ཡིན་མིན་དང་།ཀྱག་ཀྱོག་གི་རི་ལུང་ག་ཚོད་བརྒྱུད་མྱོང་ཡོད་མེད་ལ་བསམ་བློ་གཏོང་མི་སྲིད།ཆུ་མགོ་འདི་ནས་བརྩམས་ཏེ།ཧ་ཅང་ཁེར་རྐྱང་གིས་ཡོད་ཚད་ལ་སྨྲ་བ་མེད་པར་ཁ་རོག་གེར་མཐའ་མཇུག་གི་རྒྱ་མཚོ་ཆེན་པོའི་ནང་དུ་བཞུར་འགྲོ་བ་ནང་བཞིན།ཁོ་ཚོའི་མི་ཚེ་ཡང་དེ་ལྟར་ཧ་ཅང་ཁེར་རྐྱང་གིས་མགོ་བརྩམས་ཤིང་ཁེར་རྐྱང་གིས་འཆི་བའི་པང་དུ་ལོག་དགོས་ཡོད་པ་འདྲ།མུན་ནག་རྐྱང་རྐྱང་གི་ལྷས་རའི་ནང་སྒོ་ཕྱུག་གི་མིག་མདངས་ལས་དབྱེ་འབྱེད་དཀའ་བའི་འོད་ཟེར་གྱི་ཁ་དོག་སྣ་ཚོགས་ལམ་ལམ་འཚེར།ཐབ་ཀའི་ནང་གི་མེ་ལྕེ་རིམ་གྱིས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཅིང་།ཟོག་ལུག་གིས་གཟན་རྩྭ་ལྡད་པའི་སོ་སྒྲ་དང་སྒོ་ཁྱིའི་ཟུག་སྐད་རེ་ཟུང་རླུང་གིས་ཁུར་བའི་སྐབས་འདིར་གཞི་ནས་ཁོ་ཚོས་ཉིན་གཅིག་གི་ངལ་བ་བསྐྱུར་ནས་ངལ་གསོའི་དབུགས་འགའ་བླངས་ཆོག་པའི་དུས་ཡིན།སུ་རུ་དང་སྤེན་མ་སོགས་སྐྱེ་དངོས་དམའ་མོ་དག་སྐྱེས་ཡོད་པའི་རྫ་སྒང་འདི་ཡི་སྒང་གཤོང་བར་གསེང་ཀུན་ཏུ།ཡུན་རིང་ལུས་པའི་ཁ་བ་ད་དུང་ཞི་མ་ཐུབ་པར་འཁྱག་དར་གྱི་ཚུལ་དུ་ལུས་ནས་སྔར་ལས་སྲ་མཁྲེགས་སུ་གྱུར་ཡོད།དེ་ནི་ཡུན་རིང་པོར་ཕྱིར་མ་ཡོང་བའི་ཁྱོ་བོ་གང་ཞིག་སེམས་པའི་གཏིང་རུམ་ནས་བརྗེད་མི་ཐུབ་པའི་ཞེན་ཆགས་ཀྱིས།ཡུན་རིང་རེ་བས་སྒུག་པའི་དྲན་གདུང་གི་ན་ཟུག་བསྲན་བསྲན་པའི་མཐའ་མར་སེམས་ནད་དུ་གྱུར་ནས་སྔར་ལས་འབྱུང་ཁམས་ལ་ན་ཟུག་སློང་བ་དང་གཉིས་སུ་མ་མཆིས།

  དུས་ཚོད་ནི་རྒན་སྨན་བླའི་ཐ་མག་གི་སྣེར་འཇུས་པའི་མེ་སྟག་ལས་ཀྱང་མགྱོགས་པ་འདྲ།ངའི་སྣང་ངོར་ཡོད་པའི་ཕ་ཡུལ་ཆུང་ཆུང་དེ་ཡང་མིག་གིས་རིག་རིག་དང་སེམས་ཀྱིས་འཚོས་འཚོས་ལ་འགྱུར་སོང་།ཕ་ཡུལ་ནས་དཀར་མཛེས་ལ་འཐེན་པའི་རོང་ཚོང་བའི་གཤར་ལམ་དེ་ཡང་ད་ལྟ་ཤུལ་ཙམ་ལས་མི་འདུག།རོང་ཚོང་བའི་གཤར་ལམ་དེ་ཕ་ཡུལ་ནས་དཀར་མཛེས་ལ་གཟུགས་ཅན་དུ་འཐེན་ཞིང་དཀར་མཛེས་ནས་ངའི་སེམས་ཀྱི་ཟབ་སར་གཟུགས་མེད་དུ་འཐེན་ཡོད།མི་རབས་འདིའམ་ཡང་ན་མི་རབས་མང་པོ་ཞིག་གི་རྗེས་སུ་ཕ་ཡུལ་ནས་ཏྲེ་ཤོད་དཀར་མཛེས་ལ་འཐེན་པའི་ཁས་ལམ་ཀྱག་ཀྱོག་འདི།ལོ་རྒྱུའི་མཁན་པོའི་ལྕེ་ཡི་མདུད་པར་འགྱུར་སྲིད་དམ།ཁས་ལམ་རིང་མོ་འདིའི་མགོ་རྔ་ནས་དཀར་མཛེས་ལ་འགྲོ་བའི་རོང་ཚོང་བར་སྒུག་མཁན་གྱི་བས་པ་ཞིག་སླར་ཡང་ཡོད་སྲིད་དམ།

  2019ལོར་ངས་ལྕགས་རྟ་ཞོན་ནས་དཀར་མཛེས་ལ་སོང་བ་ཡིན།སྐབས་དེར་དབྱར་ཁ་ཞིག་ཡིན།ཆར་བ་ཉིན་མཚན་བསྟུན་མར་བབ་པས།ཉི་མ་རེ་རེ་བཞིན་གཞུང་ཆུའི་འགྲམ་དུ་སྡོད་པའི་ཁྱིམ་ཚང་དག་གི་ཁང་པ་ཆུས་བསྣུད་སོང་རབས་དང་ཡར་མར་གྱི་འགྲུལ་བའི་རྒྱུན་ཡང་ཆད་ཡོད་པའི་དུས་ཚོད་ཅིག་རེད།གཞུང་ཆུ་བྲུག་ནས་ཁམ་ནག་ཏུ་གྱུར་ཡོད་ལ་གཞུང་ལམ་ད་མཐུད་ན་ད་ཆད་འགྲོ་བའི་སྐབས་ཤིག་ཡིན།རི་ངོས་ཀྱི་གད་པ་དག་ནུད་ནས་མདུན་རྒྱབ་ནས་རྫ་རྡོ་ཐོག་འདྲ་བ་རེ་ཡར་ཡོང་།དུས་འདི་ཀ་ཙམ་ལ།ངའི་འགྲུལ་བཞུད་དེ་སོས་ཀའི་གནམ་ངོ་ལས་ཀྱང་གློ་བུར་བ་ཞིག་གི་ངང་ནས་མགོ་བརྩམས།ཟླ་ཆུའི་གཞུང་རྒྱུད་དུ་ཡོད་པའི་ལུག་གི་རྒྱུ་མ་ལྟ་བུའི་ལམ་དེ་དེད་ནས་སོང་།སྐབས་དེའི་ངའི་སེམས་ཤུགས་ནི་ལྕགས་རྟའི་རྐང་འཁོར་གྱི་དབུགས་ལས་ཀྱང་མཁྲེགས་པོ་ཡོད།ང་རང་ལོ་དགུ་ཙམ་གྱི་དུས་ཨ་ཕས་སྣག་བུམ་རྙིང་པ་དེ་བཙོང་བའི་རིན་གྱིས་ང་རང་དཀར་མཛེས་ལ་ཐེངས་གཅིག་ཁྲིད།དེ་དུས་འཕྲུལ་རྟ་ཡོད་པས་སྔོན་གྱི་ཉིན་ལམ་དུས་ཚོད་འགའ་ཤས་ཀྱིས་གཅོད་ཐུབ།ཐོག་མར་དཀར་མཛེས་དགོན་པར་སོང་ནས་འདོན་བྱ་བཞག་པ་དྲན་ལ་དཀར་མཛེས་དགོན་པ་ཡོད་ས་ནས་མར་གྲོང་ནང་ལ་མར་བལྟས་ཚེ།དེ་ནི་མིག་མངས་གྱི་རེའུ་མིག་ལས་ཀྱང་རྙོག་དྲ་ཚ་བ་ཞིག་ཡིན་སྣང་ཤར།མ་གཞི་ཏྲེ་ནི་ཡུལ་སྤྱིའི་མིང་ཡིན་ནམ།ཏྲེ་ཧོར་ཞེས་པ་ནི་སོག་པོས་དབང་བསྒྱུར་ཚུན་ནས་འབོད།ཡིན་ན་ཡང་ཏྲེ་ཞེས་པ་འདི་སྔར་མི་ཉག་གི་རུས་རྒྱུད་རྙིང་པ་ཞིག་གམ་ཚོ་པ་ཆེ་ཆུང་གང་རུང་གི་མིང་ཡུལ་ལ་ཐོགས་པ་ཡིན་པ་མི་ཤེས།ཏྲེ་རབས་དབྲ་ཡིས་བཟུང་བའི་དུས་བའི་དུས་རབས་ནས།ཏྲེ་རབས་ཧོར་གྱིས་བཟུང་བའི་དུས་རབས།མཐར་ཏྲེ་རབས་ཧོར་སེར་ད་ར་ཁག་ལྔར་གྱེས་པའི་ལོ་རྒྱུས་ཡོད།ད་ལྟའི་ཧོར་མ་ཟུར་དང་ཧོར་བྲག་མགོ་ཁང་སར་བེ་རི་ཏྲེ་བོ་བཅས་ཧོར་སེར་ད་ར་ཁག་ལྔར་བརྩི་སྲོལ་ཡོད།དཔེར་ན་ང་ཚོའི་ཚོ་བ་དེ་སྟོད་སྨད་གཉིས་སུ་ཕྱེས་པའི་ཏོག་ཚ་སྟོད་མའི་ས་ཆ་དེ་ཧོར་མ་ཟུར་ཚང་གི་ས་ཆ་ཡིན།སྨད་ཀྱི་ཆ་དེ་སྟོང་འཁོར་གྱི་ས་ཆ་ཡིན།འདི་ལ་ང་ཚོས་ད་ལྟའི་བར་ས་ཁྲལ་འཇལ་ནས་ཡོང་བ་རེད།རགས་བཀྲམ་དགོན་ཐོག་མར་ཕྱག་འདེབས་མཁན་ནི་གླིང་བཞག་ཨོ་རྒྱན་ལྷུན་གྲུབ་རྒྱ་མཚོ་ལགས་སྐབས་དེའི་ཧོར་སྟོང་འཁོར་ཞབས་དྲུང་བསོད་ནམས་རྒྱ་མཚོའི་དབུ་བླ་ཡིན་པས་ད་ལྟའི་དགོན་པའི་ས་ཆ་དེ་ཡང་གཞི་ཆེན་ཚང་གི་བླ་མ་གླིང་བཞག་ཨོ་རྒྱན་ལྷུན་གྲུབ་ཀྱིས་ལོ་རེའི་ནང་རྟ་རེ་སྦྱིན་ནས་ཉོས་པ་ཡིན་པར་གྲགས།ཏོག་ཚ་ཉ་མཚོ་མར་ཡོང་དང་།གེ་འཕེན་ནི་ལུ་ཁོག་མ་ནས་ཡར་ཚོ་རྡེའུ་དགུ་ཡོང་བ་རེད་ཅེས་ཡིག་ཚང་དང་ངག་རྒྱུན་གཉིས་ཀར་གྲགས་སོ།།ང་ཚོའི་དགོན་པ་ཡོད་ས་ནས་མུ་མཐུད་དུ་ཟླ་ཆུའི་གཞུང་དེད་དེ་ཡོང་ན་ལུ་གུ་དགོན་པར་ཐོན།དེ་ནས་ཧོར་སྟོང་འཁོར་དགོན་པར་འབྱོར།དགོན་པ་འདིར་ནང་རྟེན་རྩ་ཆེ་བ་མང་པོ་མཇལ་རྒྱུ་ཡོད།ལྷ་བཟོ་ནམ་མཁའ་རྒྱན་གྱིས་བྲིས་པའི་དཔག་བསམ་འཁྲི་ཤིང་གི་སྐུ་ཐང་།ནམ་མཁའ་རྒྱན་གྱི་དངོས་སློབ་དང་ཡང་སློབ་བཅས་ཀྱིས་བྲིས་པའི་རྣམ་འདྲེན་གསེར་ཐང་ཆེན་མོ།གདུགས་དཀར་མཆོག་གྲུབ་མའི་ཞལ་ཐང་ཆེན་མོ།རྒྱན་དྲུག་མཆོག་གཉིས་ཀྱི་ཞལ་ཐང་།རྒྱ་ནག་གོང་མའི་ཞལ་ཐང་།གནས་བརྟན་རྟོགས་བརྗོད།གནས་བརྟན་ཆུ་རིས་མ།ཇོ་བོ་རྗེའི་རྟོགས་བརྗོད།རྗེ་ཙོང་པ་པའི་རྟོགས་བརྗོད།ཞབས་དྲུང་རིམ་བྱོན་གྱི་སྐུ་ཐང་།གྲུབ་ཆེན་བརྒྱད་ཅུའི་སྐུ་ཐང་རྙིང་པ་བཀའ་གདམས་མཆོད་རྟེན།གཞན་ཡང་སོག་ཨལ་ཐན་རྒྱལ་པོས་ཞབས་དྲུང་སྐུ་ཕྲེང་གཉིས་པར་ཕུལ་བའི་ལྕགས་ཐབ་པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་ཀྱིས་གནང་བའི་སྟོན་སྐུ་སོགས་མང་དུ་འདུག།ཕྱི་ཉིན་དཀར་མཛེས་དཀོན་པར་འབྱོར།ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་རྒྱལ་དབང་ལྔ་བའི་མདུན་ནས་ཧོར་ཕྱོགས་སུ་དགོན་སྡེ་བཅུ་གསུམ་འདེབས་པར་དམ་བཅས་པའི་ཁྲོད་འདི་དང་པོ་དཀར་མཛེས་དགོན་པ་འདི་ཡིན་ལ།དགོན་པ་འདིར་འབྱོར་དུས་ཉིན་གུང་ཙམ་རེད།ཀ་བྲག་ཇོ་བོ་སོགས་ཀྱི་སྐོར་ལ་ཡིག་ནག་འདོམ་པ་བཅོ་བརྒྱད་འབྲི་རྒྱུ་འདུག་མོད་རེ་ཞིག་བསྐྱུར།ཕྱི་ཉིན་རྫ་ཆུའི་འགྲམ་བརྒྱུད་དེ་ཁམས་བེ་རི་དགོན་པར་འབྱོར།དེ་ནས་དུས་ཚོད་གཉིས་ཙམ་ལ་སོང་མ་སོང་གི་བར་དེར་གཡུང་དྲུང་གླིང་ཞེས་པའི་བོན་པོའི་དགོན་པ་ཆུང་ཆུང་ཞིག་འདུག་པ་དེ་ནས་ཉིན་གཅིག་ལ་བསྡད།ཕྱི་ཉིན་མུ་མཐུད་དུ་རྫ་སྟེང་ཆེན་དགོན་པའི་ཕྱོགས་སུ་འགྲོ་བའི་སེམས་ཤུགས་འགག་འདུག་ལ།ལྕགས་ལྟའི་རྐང་འཁོར་དུ་ཡང་དབུགས་མང་པོ་མེད་པ་དང་རྫ་ཆུའི་རྒྱུད་ཀྱི་ལམ་མང་པོ་ཆད་འདུག་པ་སོགས་སྐབས་དེའི་རང་གི་བསམ་བློའི་རྒྱབ་རྩར་ཡར་མར་གྱི་གནས་ལུགས་མང་ཙམ་བཙལ་རྗེས་ཕྱིར་དཀར་མཛེས་ལ་འགྲོ་བའི་སེམས་ཐག་བཅད།དཀར་མཛེས་ནི་ཆུང་དུས་རོང་ཚོང་བ་དག་ཉིན་གཉིས་ཀྱིས་སླེབས་ཐུབ་ས་དེ་རེད་ལ་གཏན་དུ་མགོ་ཁུངས་རྙེད་མི་ཐུབ་པའི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཆུ་མགོ་ཞིག་ཀྱང་ཡིན་པ་འདྲ།འདི་ལྟར་བསམ་བློ་བཏང་ན་ངས་ཨ་མའི་གནའ་གཏམ་ཁྲོད་ཀྱི་གནའ་སྔ་མོ་དེར་ཡང་བསྐྱར་བསམ་བློ་གཏོང་དགོས་བྱུང་།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཏྲེ་ཤོད་གཞུང་དུ་གཤར་བའི་རོང་ཚོང་བ།

2022-09-28 དགྲ་ཟོར།(གསེར་རྟ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།