ངའི་སྐྱེས་སྐར་དང་སྙིང་སྡུག་གི་མཛུབ་དཀྲིས།

  དེ་རིང་གི་ཉི་མ་ནི་བྲེལ་འཚུབ་ཀྱིས་རྫོགས་ཏེ་རྒོངས་མོར་ཐུག་སོང་། ངས་ཁ་པར་གྱི་ངོས་ནས་ཟླ་ཚེས་ལ་ཐེངས་གཅིག་བལྟས་པར། སང་ཉིན་ནི་ཏག་ཏག་ངའི་སྐྱེས་སྐར་ལ་ཁེལ་འདུགལོ་ཟླ་ནི་དེ་ལྟར་ཐོལ་གྱིས་རྫོགས་བཞིན་འདུག་ལ།ང་རང་ཕ་ཡུལ་དང་བྲལ་ནས་ལོ་ཟླ་ཡང་དེ་ལྟར་ཇེ་མང་ནས་ཇེ་མང་འགྲོ་བཞིན་འདུགདེ་རིང་ངའི་ཁ་པར་ནང་དུ་ཤིན་ཏུ་ལྷིང་འཇགས་ཤིག་རེད།”སང་ཉིན་ཁྱོད་ཀྱི་སྐྱེས་སྐར་ལ་ཁེལ་འདུག”ཅེས་ཟེར་ནས་བཤད་མཁན་མི་འདུགདེ་ཡང་ཅི་ཁག་སྟེ།ངས་ཀྱང་གློ་རྡེག་ཏུ་ཟླ་ཚེས་ལ་བལྟས་པ་མིན་ན། སང་ཉིན་ངའི་སྐྱེས་སྐར་ཅི་ལྟར་རྫོགས་པ་ཡང་མི་ཤེས་པའི་ཚོད་རེད།སང་ཉིན་ངའི་སྐྱེས་སྐར་ལ་ཁེལ་ཡོད་པ་མཐོང་འཕྲལ།ང་ལ་ལམ་སང་སྙིང་ཉེ་ལ་ཁ་པར་གཏོང་འདོད་ཀྱི་བྲེལ་ཤ་ཞིག་འགོག་མེད་དུ་ལངས་བྱུང་།ངའི་སྙིང་ཉེ་ལགས་ཀྱི་སྐྱེས་སྐར་ནི་བོད་ཟླ་དང་པོའི་ཚེསxxལ་ཡིན།དེ་དུས་ང་ཕ་ཡུལ་ལ་ལོག་ཡོད་པའི་སྐབས་ཡིན་པས་ངེད་གཉིས་མཉམ་དུ་སྐྱེས་སྐར་ལ་རོལ་བའི་དུས་བཟང་ཞིག་ཤིན་ཏུ་དཀོན།འོན་ཏང་ངའི་སྐྱེས་སྐར་སྐབས་ངེད་གཉིས་མཉམ་དུ་འཛོམས་ཡོད་ལ། ན་ནིང་ངའི་སྐྱེས་སྐར་སྐབས། ངས་གཞན་སུ་ཡང་མགྲོན་འབོད་མ་བྱས་པར་ངེད་གཉིས་ཁེར་མོས་ངའི་སྐྱེས་སྐར་ལ་རོལ་བ་ཡིན།དེ་དུས་ཤིན་ཏུ་ལྷིང་འཇགས་ཤིག་ཡིན།མོས་མགོ་བོ་ངའི་བྲང་ཁར་བཞག་ནས་སྙིང་གཏམ་གྱི་མངར་ཁ་བླུད་པ་ཡང་། དེ་རིང་ད་རུང་ཡང་ངའི་དྲན་འཛིན་གྱི་བུ་གར་གསལ་ལམ་མེར་འཆར་གྱིན་འདུགད་རུང་སྐབས་དེར་སྙིང་སྡུག་གིས་ངའི་སྐྱེས་སྐར་ལ་ལག་སྐྱེས་སུ་གནང་བའི་VioNKiརྟགས་ཅན་གྱི་དྲི་ཞིམ་དེ་ད་ལོར་ད་ལྟ་ཡང་བེད་སྤྱོད་མང་པོ་མ་བྱས་པར་མང་ཆེ་བ་ཉར་ཚགས་བྱས་ནས་ཡོད།

  ངས་སྐད་འཕྲིན་ལས་སྙིང་ཉེ་ལགས་ཀྱི་འཕྲིན་མིང་བཏགས་ཏེ།“སང་ཉིན་ངའི་སྐྱེས་སྐར་རེད་འདུག ཁྱོད་ང་དང་མཉམ་དུ་ཡོད་ན་བསམ་གི། ན་ནིང་ངའི་སྐྱེས་སྐར་སྐབས་འུ་གཉིས་མཉམ་དུ་ཡོད་རེད།”དེ་ལྟར་སྙིང་ཉེ་ལགས་ལ་བརྡ་འཕྲིན་བསྐུར་བ་ཡིན།སྐད་ཆ་དེ་གློ་རྡེག་བཤད་པས་ཡིན་ནམ།ཡང་ན་མོ་རང་ལས་ཀ་ཅི་ཞིག་ལ་བྲེལ་བ་ཆེ་ནས་མ་གོ་བ་གང་ཡིན་ཆ་མ་འཚལ།ང་ལ་ཉེར་མཁོའི་ལན་ཞིག་གནང་མ་བྱུང་།ཅིག་བྱས་ན་མོས་ཧ་གོ་ཡོད་ན་ཡང་བདེན་དུ་མ་སོང་ནས་སྣང་མེད་བཏང་བ་ཡིན་ཤས་ཆེ་སྟེ།ངས་རྒྱུན་པར་མོ་ལ་ཀུ་རེ་འདྲ་མིན་བྱས་པ་མང་བས་སོ།།འོན་ཀྱང་ངས་ཡང་བསྐྱར་མོ་ལ།སང་ཉིན་དངོས་གནས་ངའི་སྐྱེས་སྐར་ལ་ཁེལ་འདུག ཅེས་འགྲེལ་བཤད་རྒྱག་ན་མི་འདོད། དེ་ལྟར་འགྲེལ་བཤད་རྒྱག་དགོས་པའི་རྒྱུ་མཚན་ཡང་ངས་ད་རུང་རྙེད་མེད་པ་འདྲ། གང་ལྟར་སང་ཉིན་ནི་ངའི་སྐྱེས་སྐར་རེད་འདུག སང་ཉིན་གྱི་ཉི་མ་ནི་ང་ལ་མཚོན་ན་དམིགས་བསལ་གྱི་ཉི་མ་ཞིག་ཡིན་པས་ང་ལ་རེ་བ་ཞིག་ཡོད་པ་དེ་ནི། ང་དང་ངའི་སྙིང་ཉེ་ངེད་གཉིས་མུ་མཐའ་མེད་པའི་རྩྭ་ཐང་ཞིག་ལ་སོང་ནས་ལྷིང་འཇགས་ཀྱིས་སྤྲོ་སེང་ཞིག་རོལ་ཐུབ་ན་སྙམ་བྱུང་། དེ་ལྟར་རབ་རིབ་ཀྱི་རྟོག་ཚོགས་འདྲ་མིན་ཞིག་འཆར་བཞིན་རྨི་ལམ་གྱི་ཞིང་ཁམས་སུ་ཉུལ་བ་ཡིན།

  ནམ་ལངས་བྱུང་། ཞོགས་པའི་ཉི་ཟེར་གྱི་མཛེས་པ་མཁའ་དབྱིངས་སུ་འཆར་ནས་ཡོད་ཚད་མར་ཁུའི་མདངས་དང་འདྲ་བར་སེར་ལམ་མེར་འཆར་འདུག ང་རང་མལ་ནས་ལངས་བཞིན་རང་ཉིད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་ཞུས། དང་པོ་རང་ཉིད་ཀྱི་མི་ཚེ་འདི་འོད་སྟོང་ལྡན་པར་སྨོན་འདུན་ཞུས། དེ་རྗེས་རང་ཉིད་མི་ལུས་ཤིག་བླངས་པ་ཙམ་གྱིས་མི་ཆོག་པར་འཇོན་ནུས་ཀྱི་མི་ཞིག་འགྱུར་དགོས་པར་དྲན་སྐུལ་བྱས། ང་དང་ངའི་སྙིང་ཉེ་གཉིས་མི་ཚེ་འདིར་གསོན་བྲལ་མི་ཡོང་བའི་སྨོན་ལམ་ཡང་ཐེངས་འགར་བཏབ། དེ་ལྟར་ཞོགས་པའི་ཉི་ཟེར་གྱི་མཛེས་པར་ལྟ་བཞིན་རང་ཉིད་ཀྱི་སྐྱེས་སྐར་ལ་རྟེན་འབྲེལ་གྲངས་མེད་ཞུས། ཁ་པར་གྱི་ངོས་ལ་བལྟས་པར་དུས་ཚོད་བརྒྱད་པ་རྫོགས་ནས་དགུ་བར་ཁེལ་འདུག སེམས་ཚོར་ཞིག་ལ་དེ་རིང་གི་དུས་ཚོད་འདི་ཡང་ངའི་མི་ཚེ་དང་འདྲ་བར། ལམ་སང་བཞུད་ཀྱིན་འདུག་སྙམ་པའི་ཚོར་བ་ཞིག་ལུས་ཀྱི་ཤ་གསེང་ཞིག་ནས་འགོག་ཐབས་མེད་པར་རྡོལ་བྱུང་། “ཏིག་ཏིག”ཅིག་གིས་བརྡ་འཕྲིན་ཞིག་བཏང་བྱུང་། ངས་ལམ་སང་ཁ་པར་བླངས་ནས་བལྟས་པར། དེ་ནི་སྙིང་ཉེ་ལགས་ཀྱིས་བརྡ་འཕྲིན་བཏང་བ་རེད་འདུག“ཧ་ལོ། ཞོགས་པ་བདེ་ལེགས། སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས། དེ་རིང་འུ་གཉིས་རྩྭ་ཐང་དུ་ཁྱོད་ཀྱི་སྐྱེས་སྐར་རོལ་དུ་འགྲོ། ངས་སྤྲི་གོར་སོགས་ཉེར་མཁོའི་ཅ་ལག་ཆ་ཚང་ཉོས་ཡོད། ཁྱེད་རང་འགྲོ་གྲབས་བྱོས་ཤོག་དང་ཅུང་ཙམ་ནས་ང་ཁྱོད་བསུ་སར་ཐོན་ཡོང་།”ཞེས་བཏང་འདུག སྐད་ཆ་དེ་ཤིན་ཏུ་སྙིང་ཉེ་བ་ཞིག་རེད་ཨང་། ཅི་ཞིག་ངང་སྒུག་བྱེད་ཀྱིན་ཁེར་རྐྱང་གིས་གདུང་བཞིན་པའི་ད་ལྟའི་ང་འདྲར་སྐད་ཆ་དེ་ཐོས་འཕྲལ་མིག་ནས་མཆི་མ་མི་འཐོར་རུང་སེམས་འགུལ་མི་ཐེབས་མཁན་ཞིག་གཏད་ནས་ཡོད་མི་སྲིད། ངའི་མིག་ཀོང་ནས་ཀྱང་མཆི་མ་མ་འཐོར་རུང་སྨྲ་བསམ་བརྗོད་འདས་ཀྱི་སེམས་ཚོར་ཞིག་ཤུགས་ཀྱིས་བསླེབ་བྱུང་།

  དེ་ལྟར་ཅུང་ཙམ་ནས་མོས་རླངས་འཁོར་དམར་པོ་ཞིག་སྐོར་ནས་ང་བསུ་སར་ཐོན་བྱུང་། མོས་ཁོག་སྟོད་དུ་ཤིན་ཏུ་སྲབ་པའི་སེང་རས་ནག་པོ་ཞིག་གྱོན་འདུག་ལ། ཞིབ་ཀྱིས་བལྟས་ན་མྱོས་བུམ་གཉིས་ཀྱང་གཡོ་འགུལ་ཇི་ལྟར་བྱེད་པ་གསལ་པོར་མཐོང་ཐུབ། ད་དུང་ཁོག་སྨད་དུ་གྱོན་པའི་སྨད་གཡོགས་ཅུང་ཙམ་ནག་ཞེད་ཡོད་པ་དེ་ཡང་ཤིན་ཏུ་མོ་ལ་མཛེས་པོ་འདུག མོས་གནག་ཅིང་སྣུམ་པའི་སྐྲ་ལོ་མ་བསླས་པར་རང་སོར་བཞག་འདུག་ལ། རང་སོར་བཞག་པའི་སྐྲ་ཉག་རེ་རེ་རླུང་གིས་ལྡེབ་སྟེ་དྲི་ཞིམ་ཞིག་ངའི་དྲི་འཛིན་གྱི་བུ་གར་མཆེད་པ་ན། ང་རང་རེ་ཞིག་ཧད་དེ་ལུས་པར་གྱུར། ང་རང་ཡིད་ཀར་འོང་བའི་མཛེས་མ་འདི་འདྲ་ཞིག་ལ་ཕྲད་པར་ང་རྒྱལ་བྱས། གཞན་གྱིས་ཕྲག་དོག་དང་མི་དགའ་བར་བྱས་པ་ཡང་ཁག་མི་འདུག་སྙམ། མི་ཚེ་ནི་ཤིན་ཏུ་ཐུང་ཐུང་ཞིག་ཡིན་པས་ང་རང་ཡིད་ཀར་འོང་བའི་སྙིང་ཉེ་ལགས་དང་མཉམ་དུ་འཛོམས་པའི་ལས་སྐལ་འདི་ཡང་། སྐྱེ་བ་སྔོན་མར་ཚོགས་བསགས་ཀྱི་སྟོབས་ལས་ཡིན་པ་ང་ལ་ངོས་འཛིན་གསལ་བོར་ཐོབ་སོང་། མོ་རང་ང་ལ་ཤིན་ཏུ་དགའ་དུང་ཆེ་བས། ངས་ཀྱང་ངེད་གཉིས་འགྲོ་བཞིན་པའི་ལམ་ཁ་ནས་སྙིང་ཉེ་ལགས་ཀྱི་བྱད་བཞིན་ལ་གཟབ་ནན་གྱིས་ཐེངས་གཅིག་བལྟས་ཏེ། སེམས་ནང་ནས་ངས་མོ་ལ་གཅེས་སྤྲས་བཟང་པོ་ཞིག་དགོས་པར་རང་གིས་རང་ལ་དམ་བཅའ་དང་བསྐུལ་མ་བྱས།

  སྙིང་ཉེ་ངེད་གཉིས་དགའ་སྤྲོ་དང་ལྷན་དུ་བསྡེབས་ཏེ་རྩྭ་ཐང་ཕྱོགས་སུ་སོང་། ངས་ག་ས་གང་དུ་སྔོ་ལྗང་གིས་གཡོགས་པའི་རྩྭ་ཐང་དག་ལ་རོལ་མྱོང་བྱས། ངེད་གཉིས་དེ་ཙམ་ཁ་ཐག་མི་རིང་བའི་སྐྱིད་ཆུ་འགྲམ་ལ་སོང་ནས་སྐྱེས་སྐར་རོལ་བ་ཡིན། ཉི་འོད་གཉོམ་པོ་ཞིག་སྐྱིད་ཆུར་ཕོག་པས་སྐྱིད་ཆུའི་སྟེང་ལས་ཟེར་མ་ལྷམ་ལྷམ་འཕྲོ་བར་བྱེད། ལྷམ་ལྷམ་དུ་འཕྲོ་བའི་ཟེར་མ་དེ་ནི་ངས་སྙིང་ཉེ་ལ་ཉོས་པའི་ཆུ་ཤེལ་གྱི་སྨད་གཡོགས་དེ་དང་ཤིན་ཏུ་མཚུངས། ཟེར་མ་བརྒྱ་ཕྲག་མང་པོ་དུས་གཅིག་ཅར་ལ་ལྷམ་ལྷམ་དུ་འཆར་བར་བྱེད། ངེད་གཉིས་ཤག་ཤག་ཏུ་བཞུར་གྱིན་པའི་སྐྱིད་ཆུ་འགྲམ་དུ་མོས་ཁུར་ཡོང་བའི་ཚད་ལ་རན་པའི་རས་གུར་དེ་ཕུབ་སྟེ་གནས་སྡོད་བྱས། མོས་ཅ་ལག་མང་པོ་ཞིག་ཁྱེར་འདུག་ལ། ད་རུང་ཉལ་གོས་ཀྱང་ཁྱེར་འདུག དེ་ལྟར་བཤད་ན་དོ་ནུབ་ངེད་གཉིས་གནས་སྡོད་བྱ་རྒྱུ་མོས་སྔ་ས་ནས་སྟ་གོན་བྱས་ཡོད་པ་འདྲ།

  ངེད་གཉིས་ཀྱི་ཅ་ལག་ཚང་མ་རླངས་འཁོར་ནང་ནས་བླངས་ཏེ་རས་གུར་ནང་དུ་གྲ་དག་ཅིག་བཞག ད་དུང་མོས་ངའི་སྐྱེས་སྐར་ལ་ཆེད་དུ་ངེད་གཉིས་ཀྱི་འདྲ་པར་ཆེན་པོ་ཞིག་ལས་འདུག འདྲ་པར་གྱི་མཇུག་ཏུ་མོས”སྐྱིད་ཆུའི་འགྲམ་དུ་སྙིང་སྡུག་གི་སྐྱེས་སྐར་རོལ”ཞེས་དབུ་མེད་ཀྱི་ལག་བྲིས་ཡག་པོ་ཞིག་བྲིས་འདུག ངས་ཀྱང་མཇུག་ཏུ”ཁྱེད་རང་ཡོད་པས་སྐྱིད་མགོ་ཟིན”ཞེས་ཡིག་གཟུགས་དེ་ཙམ་ཡག་རྒྱུ་མེད་མོད། བྲིས་མ་ཞིག་གིས་སྙིང་ཉེ་ལགས་ཀྱི་བརྩེ་དུང་གི་ཆུ་མིག་དྭངས་མོ་དེ་མཚོན་པར་བྱས། ཁ་གཏད་ཀྱི་པར་ངོས་མཇུག་ཏུ་ངས་བྲིས་པའི་ཡིག་གཟུགས་དེ་དང་སྙིང་ཉེས་བྲིས་པའི་ཡིག་གཟུགས་གཉིས་གནམ་ས་ལྟ་བུའི་ཧེ་བག་འདུག་མོད། འོན་ཀྱང་མོས་དེ་ལ་སྣང་དོགས་ཅི་ཡང་བྱེད་ཀི་མེད་པ་འདྲ། ངས་བྲིས་པ་དེ་མཐོང་འཕྲལ་མོ་རང་དགའ་བས་བཟི་བར་བྱེད།

  ཉི་མ་ནི་ངོ་ཚ་རྒྱུར་དགའ་བའི་བུད་མེད་དར་མ་ཞིག་དང་འདྲ་བར་སྤྲིན་གསེབ་ནས་འཆར་ཙམ་འཆར་ཙམ་བྱེད་ཀྱིན་རི་སྒང་ནས་བཞུད་སོང་། ཆུ་འཛིན་དམར་པོ་ཞིག་གིས་ཅི་ཞིག་བློས་མི་ཐོང་བར་ལ་མགོ་གན་ནས་ཕྱི་མིག་ཡང་ཡང་ལྟ་བཞིན་ཕར་ལ་འགྲོ་མི་འདོད་པའི་རྟུལ་ཞུགས་འཛིན། ངས་མར་ཁུའི་མདངས་དང་འདྲ་བའི་ཕྱི་དྲོ་འདིར། སྙིང་སྡུག་གིས་འཁྲབ་པའི་ཞབས་བྲོ་ལ་བལྟས་ནས་འདུག་ཡོད། སྙིང་སྡུག་གི་ལུས་ཀྱི་ལྡེམ་མྱུར་དང་། མོའི་བྲང་གཞུང་གི་མྱོས་བུམ་དེ་གཉིས་དལ་གྱིས་གཡོ་བའི་རྣམ་པ་དེ་ཡིས་ང་རང་བདུད་རྩི་ཆང་གིས་བཟི་བ་ལྟར་ལུས་ཀྱི་རྩ་ཕྲན་སོ་སོ་ནས་སྔར་བྱུང་མ་མྱོང་བའི་བདེ་སྣང་མོད་པོ་ཞིག་གིས་ཡོངས་སུ་ཁྱབ་པར་བྱས་སོང་། སྙིང་ཉེ་ལགས་ཀྱི་མཛེས་སྡུག་གི་ཆ་ཤས་གང་མང་ཞིག་གིས་ང་རང་འཇིམ་སྐུ་ཞིག་དང་འདྲ་བར་གཡོ་འགུལ་ཅི་ཡང་མེད་པ་བྱས་སོང་། ང་རང་ཧད་ཀྱིས་སད་དུས་ཆུ་འཛིན་དམར་པོ་དེ་ནི་ཉི་ནུབ་ཀྱི་ཕྱོགས་སུ་བསྡུས་ཟིན་འདུག དགོང་ཀའི་གྲིབ་རིས་ནི་ལུས་ལ་གོན་པ་ནག་པོ་གྱོན་པའི་སྐྱ་མི་ཞིག་དང་འདྲ་བར་རྒྱང་རིང་རྒྱང་རིང་ཞིག་ནས་ཚུར་ལ་འོང་ནས་ངའི་ཉེ་སར་བསླེབས་འདུག

  མུན་ཡོངས་སུ་རུབ་སོང་། ཤག་ཤག་ཏུ་བཞུར་གྱིན་པའི་ཆུ་སྒྲ་ལས་ཡོད་ཚད་ལྷིང་འཇགས་སེར་གནས། སྙིང་སྡུག་ངེད་གཉིས་ཀྱིས་མཚན་མོའི་ཕྱི་རོལ་ཏུ་མེ་སྒོང་ཆེན་པོ་ཞིག་བརྒྱབས། མེ་སྒོང་གི་མཐའ་ནས་སྐོར་བྲོ་སྣ་ཚོགས་འཁྲབ། དོ་ནུབ་གནམ་གཤིས་ཧ་ཅང་དྭངས། ཡུན་རིང་གཉིད་དུ་ཡུར་བའི་ས་གཞི་དྲོད་དང་འགྲོགས་ཏེ་སད། མཛེས་སྡུག་གི་མེ་ཏོག་སྣ་ཚོགས་པ་མཚན་མོར་གཉིད་ལ་མི་རོལ་པར་མགོ་ལྕོག་ལྡེམ་ལྡེམ་བྱེད་ཀྱིན་གླུ་གར་ལ་རོལ། ཤག་ཤག་ཏུ་བཞུར་གྱིན་པའི་ཆུ་བོ་དེས་ཀྱང་གཟབ་ནན་གྱིས་གླུ་གར་ལ་མཉན་གྱིན་ཡོད་པ་དང་འདྲ་བར་ཆུ་སྒྲ་ཇེ་ཆུང་དུ་གྱུར། སྙིང་སྡུག་གི་འཛུམ་དཀར་དང་དགོད་སྒྲའི་ནང་དུ་མི་སེམས་འགུལ་བའི་ནུས་པ་ཡོད་པ་བཤད་ཅི་དགོས་ཏེ། ཐ་ན་མཛེས་སྡུག་གི་མེ་ཏོག་དང་ཆུ་ཕྲན་དག་གི་སེམས་པ་ཡང་འཕུར་ལྡིང་བྱེད་པའི་བྱེའུ་ཞིག་དང་འདྲ་བར་རྒྱང་རིང་གི་ཕྱོགས་སུ་འཕུར་སྐྱོད་བྱས་སོང་། མཚན་མོ་འདིར་ངས་བདེ་སྐྱིད་ཀྱི་འཚོ་བ་ནི་ཅི་འདྲ་ཞིག་ཡིན་པ་ཧ་གོ་སོང་། དེ་ནི་དཔེ་མཚོན་གྱིས་དཔོག་པར་དཀའ་བའི་ཚོར་བ་ཞིག་རེད། དེ་ནི་ཆུང་དུས་སུ་ཕ་ལགས་རྫོང་མཁར་ལ་སོང་ནས་ཕྱིར་ལོག་པར་རེ་བའི་ངང་སྒུག་གི་ཚོར་བ་དེ་དང་ཤིན་ཏུ་མཚུངས།

  སྙིང་ཉེ་ལགས་ཀྱིས་ངའི་སྐྱེས་སྐར་ལ་ཆེད་དུ་ངེད་གཉིས་ཀྱི་འདྲ་པར་ཆེན་པོ་ཞིག་ལས་ཡོད་པ་དེའི་མཐའ་སྐོར་དུ་གློག་འོད་དཀར་དམར་གྱིས་ཡོངས་སུ་བརྒྱན་པར་བྱས། ཁྲ་ཆེམ་ཆེམ་གྱི་འོད་མདངས་སྣ་ཚོགས་པ་དེ་ཡིས་དོ་ནུབ་ངའི་སྐྱེས་སྐར་གྱི་ཐོག་མའི་དབུ་ཁྲིད་བྱས། མདུན་ཅོག་གི་དཀྱིལ་དུ་སྐྱེས་སྐར་སྤྲི་གོར་བཞག་འདུག དེའི་མཐའ་སྐོར་དུ་དཀར་དམར་གྱི་སིལ་ཏོག་སྣ་ཚོགས་པ་དང་། དྲི་མཆོག་ལྡན་པའི་རྒུན་ཆང་མངར་མོ། ད་རུང་སྙིང་ཉེ་ལགས་ཀྱིས་ཆེད་དུ་བཟོས་པའི་ཟ་མ་སྣ་ཚོགས་པ་སོགས་མང་ཙམ་བཤམས་འདུག ངེད་གཉིས་ཀྱིས་སྤྲི་གོར་སྟེང་གི་མཆོད་མེ་དག་སྒྲོན་ནས་སྨོན་ལམ་འདེབས་མགོ་བརྩམས། ངས་དང་པོ་རང་ཉིད་ཀྱི་མི་ཚེ་འདི་འོད་སྟོང་ལྡན་པར་སྨོན་འདུན་ཞུས། དེ་རྗེས་རང་ཉིད་མི་ལུས་ཤིག་བླངས་པ་ཙམ་གྱིས་མི་ཆོག་པར་འཇོན་ནུས་ཀྱི་མི་ཞིག་འགྱུར་དགོས་པར་དྲན་སྐུལ་བྱས། ང་དང་ངའི་སྙིང་ཉེ་གཉིས་མི་ཚེ་འདིར་གསོན་བྲལ་མི་ཡོང་བའི་སྨོན་ལམ་བཏབ། དེ་ལྟར་ད་ནངས་ཞོགས་པའི་ཉི་ཟེར་དང་འགྲོགས་ཏེ་སྨོན་འདུན་གཙང་མ་དེ་དག་སླར་ཡང་གསོལ་བ་ཕུར་ཚུགས་སུ་བཏབ་པ་ཡིན།

  སྐྱེས་སྐར་རོལ་མཁན་མང་ཤོས་ཀྱིས་སྨོན་འདུན་བཏབ་རྗེས་སྤྲི་གོར་སྟེང་གི་མཆོད་མེ་གཟིམས་པར་བྱེད་མོད། འོན་ཀྱང་ང་ཚོ་བོད་མི་ཚོས་སྐྱེར་སྐར་རོལ་སྐབས་ཤོག་ཞྭ་གོན་པ་དང་མཆོད་མེ་གཟིམས་པ་དེ་དག་རྟེན་འབྲེལ་མི་ལེགས་པ་ཞིག་ལ་ངོས་འཛིན་གྱིན་ཡོད་པས་དེ་ལྟར་བྱེད་སྲོལ་མེད། སྙིང་ཉེ་ལགས་ཀྱིས་རེ་བ་དང་དགའ་དུང་འདྲེས་མའི་མིག་ཟུང་ཆ་གཅིག་གིས་ང་ལ་ལྟ་བཞིན། ཤིན་ཏུ་ཡི་གར་འོང་བའི་སྒམ་ཆུང་ཞིག་གི་ནང་ནས་མཛུབ་དཀྲིས་ཤིག་བླངས་ནས”སྐྱེས་སྐར་ལ་བཀྲ་ཤིས་བདེ་ལེགས། སྐྱེས་སྐར་ལེགས་སྐྱེས་ཡིན། གྱོན་དང་ཚད་ལ་རན་པ་རེད་ཨེ་འདུག ལེགས་སྐྱེས་དེས་ངའི་ཡོད་ཚད་མཚོན་ཡོད། ཁྱེད་རང་དགའ་པོ་ཡོད་པར་སྨོན། ”ཞེས་ཟེར། ངས་ཅི་ཞིག་བཤད་དགོས་པར་མི་ཤེས་པར་གྱུར། ང་རང་ཤིན་ཏུ་དགའ་པོ་བྱུང་སོང་། ངས་སྙིང་ཉེ་ལགས་ཀྱི་གདོང་ལ་བརྩེ་བ་མཚོན་པའི་འོ་ཞིག་བྱས་རྗེས།”དོ་ནུབ་ཀྱི་སྐྱེས་སྐར་འདི་ངའི་མི་ཚེའི་ནང་གི་བརྗེད་ཐབས་བྲལ་བའི་སྐྱེས་སྐར་དེ་ཡིན། སྐྱེས་སྐར་རོལ་ནས་ཅུང་ཞིག་མ་འགོར་བར་སྨོན་འདུན་ཞིག་འགྲུབ་བྱུང་།”ཞེས་བཤད།

                                 2024/5/9ཉིན་བྲིས། 2024/11/23ཉིན་མཇུག་རྫོགས་པར་བྲིས།

   __2024ལོའི《གངས་དཀར་རི་བོ》དེབ་དྲུག་པ་ལས་བདམས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།