རྒྱུ་ནོར་རང་དབང་།

མདའ་ཡུམ་ཕྲུག(རྨ་ལྷོ་སོག་རྫོང) 琼迈文学网 2026-07-27

  རྩོམ་རིག་སྒྱུ་རྩལ་གྱི་རྩིས་ཐང་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་ཞིང་དཔལ་འབྱོར་ཁེ་ཕན་གྱི་འཚོལ་སྙེག་འདུན་པ་ཇེ་ཆེ་ནས་ཇེ་ཆེ་ཡིན་པའི་དུས་སྐབས་འདི་ལ།ང་ཚོས་རྒྱུ་ནོར་རང་དབང་ཞེས་པ་དེ་དོན་དམ་དུ་ག་འདྲ་ཞིག་ཡིན་མིན་ལ་མནོ་བསམ་རེ་བཏང་ན་ཕན་པ་མ་གཏོགས་གནོད་པ་ག་ལ་ཡོད། དེས་ན་རྒྱུ་ནོར་རང་དབང་ཞེས་པ་ནི་དོན་དམ་དུ་ཇི་ལྟ་བུ་ཞིག་རེད། ངས་བསམ་ན་དེ་ནི་འཚོ་བའི་ཁྲོད་དུ་དཔལ་འབྱོར་གྱི་གནོན་ཤུགས་མེད་པ་ཞིག་ལ་གོ་ན་ཆོག་སྙམ། དཔལ་འབྱོར་གྱི་གནོན་ཤུགས་དེ་ཡང་མཐར་དེད་ན་འགྲོ་སོང་དང་ཡོང་སྒོ་གཉིས་ལས་ཡོང་སྒོ་དེ་འགྲོ་སོང་ལས་ཆེ་ན་མེད་འགྲོ་བ་རེད། དེའི་རྐྱེན་གྱིས་ཕྱོགས་གཞན་ཞིག་ནས་བཤད་ན་རྒྱུ་ནོར་རང་དབང་ནི་དཔལ་འབྱོར་གྱི་ཡོང་སྒོ་དེ་དཔལ་འབྱོར་གྱི་འགྲོ་སོང་ལས་ཆེ་བ་ཞིག་ལ་གོ་ཡང་ཆོག་པ་ཞིག་རེད་སྙམ།

  འོ་ན་ཁྱེད་ཀྱི་དཔལ་འབྱོར་གྱི་ཡོང་སྒོ་དེ་འགྲོ་སོང་ལས་ཆེའམ།ཟླ་བ་རེ་རེ་དང་ལོ་རེ་རེར་ངེས་པར་དུ་འཛད་དགོས་པའི་འགྲོ་སོང་དེས་ཁྱེད་ལ་གནོན་ཤུགས་བསྩལ་ཡོང་ངམ།དྲི་བ་འདི་གཉིས་ལ་ཁྱེད་ཀྱིས་སེམས་ཞིབ་མོས་འདང་རེ་རྒྱོབས་དང་།ཁྲིགས་ཁྲིགས་མེད་ན་ཁྱེད་ཀྱི་མི་ཚེ་ལ་ཕན་ཐོགས་པའི་ངེས་ཤེས་གསར་བ་རེ་འདྲོངས་ངེས་ཡིན། མི་རེ་རེས་འཚོ་བ་ལོངས་སུ་སྤྱོད་སྟངས་མི་འདྲ་བས་ན་རྒྱུ་ནོར་རང་དབང་གི་གཞི་འཛིན་ས་ཡང་མི་འདྲ།མི་ལ་ལ་ཞིག་ལ་མཚོན་ན་ལོ་རེར་དམངས་སྒོར་ཁྲི་གཅིག་ཙམ་ཡོད་ན་འཚོ་བ་ལ་གསོན་ཤུགས་རྒྱས་ཐུབ་ལ། ཡང་མི་ལ་ལ་ཞིག་ལ་མཚོན་ན་ལོ་རེར་དམངས་སྒོར་འབུམ་གཅིག་གི་ཡོང་སྒོ་ཡོད་ཀྱང་འཚོ་བ་ལ་སྔར་བཞིན་གསོན་ཤུགས་རྒྱས་མི་ཐུབ་པ་ལྟ་བུ་རེད། དེས་ན་ཁྱེད་ལ་ནི་ལོ་རེར་དམངས་སྒོར་ག་ཚོད་མངའ་ན་འཚོ་བ་ལ་དངོས་པོའི་ལོངས་སྤྱོད་ཀྱི་ཐད་ནས་དཀའ་ཁག་མེད་པ་རེད། དེ་ལ་བློ་ཞིབ་མོས་རྩིས་རེ་རྒྱོབས་དང་དེ་ནི་ཁྱེད་ལ་མཚོན་ན་ཧ་ཅང་གལ་ཆེན་ཞིག་ཡིན་པ་འདྲ།

  ང་ལ་མཚོན་ན་མིག་སྔར་གྱི་གནས་བབ་ལྟར་ན་ལོ་རེའི་ཡོང་སྒོ་དམངས་སྒོར་དྲུག་ཁྲི་ཙམ་ཡོད་ན་དངོས་པོའི་འཚོ་བ་ལ་གསོན་ཤུགས་རྒྱས་ཐུབ་པ་འདྲ།ཡིན་ན་ཡང་ཁོ་བོར་ད་ལྟ་ལོ་རེར་དམངས་སྒོར་དྲུག་ཁྲི་ཙམ་གྱི་ཡོང་སྒོ་རེག་ཐུབ་ཀྱིན་མེད་པས།དངོས་པོའི་དཔལ་འབྱོར་ཐད་ཀྱི་དཀའ་ཁག་ད་དུང་སེལ་ཐུབ་ཀྱིན་མེད།དེ་བས་ཐབས་བརྒྱ་ཇུས་སྟོང་གིས་མིག་སྔའི་དཔལ་འབྱོར་གྱི་གནོན་ཤུགས་ཇེ་ཆུང་དུ་གཏང་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་ཏུ་ཆགས་ཚར་ཡོད། འདི་ནི་ང་ཡི་དཔལ་འབྱོར་གྱི་གནས་བབ་རེད།འོ་ན་ཁྱེད་ཀྱི་དཔལ་འབྱོར་གྱི་གནས་བབ་ག་འདྲ་ཞིག་ཡིན། ཁྱེད་ལ་མཚོན་ན་ལོ་རེའི་ཡོང་སྒོ་དམངས་སྒོར་དྲུག་ཁྲི་ཙམ་རེག་རྒྱུ་ནི་ལས་སླ་བོ་ཞིག་ཡིན་སྲིད། དེ་ལྟ་ན་ཡང་ཁྱེད་ཀྱི་དཔལ་འབྱོར་གྱི་གནོན་ཤུགས་སེལ་ཐུབ་ཡོད་དམ།གང་ལྟར་རང་རང་སོ་སོའི་འཚོ་བའི་དགོས་མཁོ་ལྟར་དུ་དཔལ་འབྱོར་གྱི་ཡོང་སྒོ་ཕུགས་བསམ་དང་ལྡན་པ་ཞིག་གཉེར་ཐུབ་རྒྱུ་ནི་ང་ཚོ་ཚང་མར་ཡོད་འོས་པའི་དངོས་པོའི་དཔལ་འབྱོར་ཐད་ཀྱི་འོས་འགན་གཟུར་དུ་མེད་པ་ཞིག་ཡིན་པ་འདྲ།

  བརྒྱ་ལ་ནམ་ཞིག་ང་ཚོས་རྒྱུ་ནོར་རང་དབང་གི་འཚོ་བ་ཞིག་རོལ་ཐུབ་ཚེ་ཁྱེད་ལ་རྟེན་འབྲེལ་ཞུ། རྒྱུ་ནོར་རང་དབང་གི་འཚོ་བ་ཞིག་རོལ་ཐུབ་པའི་རྗེས་སུ་རང་གི་སེམས་ཁམས་ལ་སྙོམས་སྒྲིག་ཚགས་སུ་ཆུད་པ་ཞིག་བྱ་རྒྱུ་ནི་ཧ་ཅང་ནས་ཀྱང་གལ་ཆེན་ལོས་ཡིན།སྤྱིར་བཏང་དུ་ཁྱེད་ཀྱི་རྒྱུ་ནོར་ལ་རང་དབང་གི་རྣམ་པ་ཞིག་གྲུབ་ནས་ཅི་ཞིག་ཉོ་འདོད་པ་དང་ཅི་ཞིག་འཐོབ་འདོད་པ་དག་དགོས་འདོད་ལྟར་དུ་མངོན་འགྱུར་བྱུང་ན་ཡང་། འཛད་སྤྱོད་ལ་ཚོད་འཛིན་མེད་པར་ཆེས་མ་མཐའི་འཛད་སྤྱོད་ཀྱི་འགྲོ་སོང་ལས་བརྒལ་བ་ཡིན་ན་ཁྱེད་ཀྱི་རྒྱུ་ནོར་རང་དབང་གི་རྨི་ལམ་དེ་འགྲུབ་དཀའ་བས་ན། རྩིས་ཞིབ་མོ་བརྒྱབ་ཏེ་དོན་དམ་དུ་ལོ་རེའི་དཔལ་འབྱོར་ཡོང་སྒོ་ག་ཚོད་ཙམ་གྱིས་ཁྱེད་ཀྱི་འགྲོ་འཆག་ཉལ་སྡོད་ཀྱི་འགྲོ་སོང་མཐའ་དག་དཀའ་ཁག་མེད་པར་གཏོང་ནུས་པ་ཡིན་མིན་ལ་སོན་ཕན་དཔྱིས་ཕྱིན་པ་ཞིག་བརྒྱབ་རྗེས།ད་གཟོད་རང་རང་སོ་སོ་ལ་མཁོ་བའི་རྒྱུ་ནོར་རང་དབང་གི་ཕྱིར་དུ་འབད་པ་ལྷོད་མེད་གནོངས་དང་།དེ་ནས་དྲི་བ་གཞན་ཞིག་ཡོད་པ་ནི་ནམ་ཞིག་ཁྱེད་ཀྱི་རྒྱུ་ནོར་རང་དབང་གི་རྨི་ལམ་དེ་མངོན་འགྱུར་བྱུང་རྗེས་ཁྱེད་ཀྱིས་ཅི་ཞིག་བྱ་རྩིས་ཡོད་དམ།

  དངོས་པོའི་དཔལ་འབྱོར་ཐད་ཀྱི་རྒྱུ་ནོར་རང་དབང་གི་ཕུགས་བསམ་དེ་ལམ་ལྷོང་བྱུང་རྗེས།ཁྲིམས་ཀྱི་དམར་ཐིག་དང་ཀུན་སྤྱོད་ཀྱི་དགོངས་པ་ལས་མི་འགལ་བའི་ཆ་རྐྱེན་འོག་ནས་གང་དུ་འགྲོ་བསམ་ན་དེ་རུ་འགྲོ་བ་དང་གང་དུ་འདུག་བསམ་ན་དེ་རུ་འདུག་པ།གང་དུ་ཉལ་བསམ་ན་དེ་རུ་ཉལ་བ་དང་གང་དུ་གོམས་བསམ་ན་དེ་ལ་གོམས་པར་བྱ་རྒྱུ་ནི་ཅི་འདྲའི་རང་དབང་དང་ལྡན་པའི་འཚོ་བ་ཞིག་རེད། ཡང་འཕྲད་འདོད་པའི་མི་དག་ལ་འཕྲད་པར་བྱས་ནས་གླེང་འདོད་པའི་གཏམ་དག་གླེང་བར་བྱ་ཞིང་། བསྒྲུབ་འདོད་པའི་བྱ་བ་དག་བསྒྲུབ་པར་བྱས་ནས་བརྒྱུད་དགོས་པའི་ལམ་དག་བརྒྱུད་པར་བྱ་རྒྱུ་ནི་ཅི་འདྲའི་བདེ་སྐྱིད་དང་ལྡན་པའི་འཚོ་བ་ཞིག་རེད། ཡིན་ན་ཡང་རང་དབང་དང་ལྡན་ཞིང་བདེ་སྐྱིད་ཅན་གྱི་འཚོ་བ་དེ་འདྲ་ཞིག་རོལ་བའི་སྔོན་འགྲོའི་ཆ་རྐྱེན་ནི་རྒྱུ་ནོར་རང་དབང་གི་འགག་སྒོ་ལས་ཐར་ཐབས་བྱ་རྒྱུ་དེ་རེད་སྙམ་པས།ཆེས་ཐོག་མར་དངོས་པོའི་དཔལ་འབྱོར་གྱི་དཀའ་ཁག་སེལ་བར་བྱེད་པ་དང་དེར་མཐུད་ནས་ད་གཟོད་བསམ་པའི་དཔལ་ཡོན་ལ་བརྩོན་པར་བྱ་རྒྱུ་ནི་གོ་རིམ་འགངས་ཆེན་ཞིག་མ་རེད་དམ།ཅིས་ཀྱང་རེ་བར་ཁྱེད་ཀྱི་རྒྱུ་ནོར་རང་དབང་གི་ཕུགས་བསམ་དེ་འགྲུབ་ཐུབ་པར་ཤོག་ཅིག་གུ།།

                                                                                  སྤྱི་ལོ་2026ལོར་རྨ་ལྷོ་སོག་རྫོང་དུ་བྲིས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྒྱུ་ནོར་རང་དབང་།

2026-07-27 མདའ་ཡུམ་ཕྲུག(རྨ་ལྷོ་སོག་རྫོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།