གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སུམ་རྟགས་ཁྲི་སྲོང་གི་རྗེས་སུ་བརྩམས་པའི་སྒྲུབ་བྱེད་དང་ཞར་བྱུང་འཕྲོས་གཏམ།

  • ཏ་ལ་ལ།ip:42.93.189.*
    2017-02-18 23:35:18
    དུས་རབས་བདུན་པར་སུམ་རྟགས་ཀྱི་གཞུང་མེད་ཅེས་སུས་ཀྱང་སྨྲ་བར་མི་སྤོབས་ཏེ། ཡི་གེ་གསར་དུ་བཟོས་པ་ནས་དེར་ཡི་གེ་ཕན་ཚུན་སྦྱར་བའི་བརྡ་སྤྲོད་པའི་གཞུང་ཞིག་ཡོད་པ་ནི་ཤུགས་ནས་གྲུབ་ལ། དུས་སྐབས་དེ་འདྲ་ཞིག་ཏུ་གཞུང་དེ་ཡང་ལག་ལེན་དང་ཁྱབ་གདལ་དུ་གཏོང་བར་དུས་ཡུན་ངེས་ཅན་ཞིག་བརྒྱུད་དགོས་པ་ནི་སྨོས་མ་དགོས་སོ། ཡིན་ཀྱང་རྗེས་སུ་གཞུང་དེའི་ཚིག་སྦྱོར་དང་ནང་དོན་གྱི་ཆ་ལ་སྣོན་འཕྲི་གང་རུང་བརྒྱབ་མེད་ཅེས་ཁ་ཚོན་གཅོད་མི་རིག་ཏེ། ཞིབ་མོར་བརྟག་ན་རིམ་གྱིས་བློ་ལ་འཆར་ངེས་རེད།
  • མྱིག་གཅོད།ip:118.182.83.*
    2015-10-29 17:41:40
    སུམ་རྟགས་ཀྱི་གཞུང་ནི་འདི་འདྲ་ཚད་ལྡན་ཞིག་ཡིན་པ་དང་། ཏུན་ཧོང་གཏེར་ཡིག་ནི་དེ་འདྲ་ཚད་ལྡན་ཞིག་མིན་པས། སུམ་རྟགས་ནི་རྗེས་སུ་བྱུང་བ་རེད་ཅེས་བརྗོད་ན་བདེན་པ་ལོས་ཡིན་སྙམ། ཡིན་ཡང་འགའ་ཞིག་གིས་དེ་གོ་དུས་ཁོང་ཁྲོ་ལངས་ཤས་ཆེ།