གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ཧོར་གཙང་འཇིགས་མེད་ཀྱིས་སེང་རྡོར་གྱི་སྙན་ངག་གླེང་བ།

  • བློན་གསེར་ཆེན།ip:12.0.129.*
    2018-04-27 02:11:47
    ཧོར་གཙང་འཇིགས་མེད་ལགས་ཀྱིས་སེང་རྡོར་གྱི་སྙན་རྩོམ་ལ་དཔྱད་བསྡུར་གནང་བ་འདིས། སྙན་ངག་ཚད་ལྡན་ཞིག་འབྲི་བ་ལ་ཚད་དང་ཁ་ཕྱོགས་གང་འདྲ་ཞིག་དགོས་མིན་གསལ་སྟོན་གནང་སོང་བཀའ་དྲིན་ཆེ་ཞུ།
  • གསངip:223.221.156.*
    2018-04-26 17:48:23
    ཡག
  • ཁྲེལ།ip:171.210.246.*
    2018-04-25 16:43:29
    འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས།
  • ཕ་རོལ་བོ།ip:223.104.9.*
    2018-04-24 19:02:57
    ༄༅།།སྐུ་ཞབས་སེང་རྡོར་གྱི་རྩོམ་གྱི་ཐད་ནས་མང་བོ་ཞིག་ལབ་ཀི་འདུག་སྟེ། དེར་ང་རང་གིས་དོ་ཁུར་བྱེད་ཀི་མེད། ཁོའི་ལྟ་བའི་ཐད་ནས་ཀྱང་ཅིག་ལབ་ཀི་འདུག་སྟེ། ངས་བལྟས་ན་དེ་ལ་དོ་སྣང་བྱ་རིན་མི་འདུག ད་ཐེངས་ཁོས་སྐུ་ཞབས་ཧོར་འཇིགས་ལ་ཆེད་དུ་བསྐུལ་ནས་འབྲིར་བཅུག་པའི་རྩོམ་ཡིག་ཅིག་ཁོ་རང་གིས་གཅོད་གཏུབ་ཀྱིས་ཁོ་རང་ལ་འགྲིག་པ་ཞིག་བཟོས་ནས་དྲྭ་ལམ་ལ་བཀྲམས་འདུག་པ་མཐོང་སོང་། དེ་ནི་ཁྲམ་པའི་ལས་ཀ་ཞིག་ཅི་ལ་མིན། ཡིན་རུང་དེར་ཡང་ང་ལ་འགན་ཁུར་མེད། འོན་ཀྱང་སྐུ་ཞབས་ཧོར་འཇིགས་ཀྱིས་བྲིས་པའི་མ་རྩོམ་ངོ་མ་གང་འདྲ་ཞིག་ཡིན་པ་དེ་མི་གཞན་ལ་ངོ་སྤྲོད་འདོད་སོང་།     སྟག་རྒན་ཚང་མི་ལྕགས་མེད་ཀྱིས།
  • ཐེ་སྨྱོྨྱན།ip:60.165.6.*
    2018-04-22 23:13:47
    འདི་ལས་ལྷག་པའི་གཟུ་བོར་གནས་པའི་གཏམ་ཞིག་གང་ནས་འཚོལ །
  • ཚེ་རིང་ཐརip:106.58.133.*
    2018-04-22 19:31:48
    བཙན་བྱོལ་གྱི་དྲ་འབུ་དག་ཐོན་ཡོད་ས་རེད། འདི་ཚོ་རང་དབང་ལུང་པ་ནས་དམངས་གཙོ་ལོངས་སུ་སྤྱོད་ཞོར་ངན་ལང་སྐྱག་ལང་དུ་སོང་ཡོད།
  • མར་མེ།ip:117.136.29.*
    2018-04-22 16:35:22
    འཇིགས་མེད་དང་སེང་རྡོར་གཉིས་གྲོགས་པོ་ཡིན་ས་རེད།
  • འཁོར་བའི་བཙོན་མ།ip:36.100.223.*
    2018-04-22 11:38:34
    དྲང་མོར་བཤད་ཧོར་གཙང་འཇིགས་མེད་ཀྱིས་སེང་རྡོར་གླེང་རིན་མི་འདུག ངོ་མ་མི་འདུག
  • རིན་ཆེན།ip:171.210.222.*
    2018-04-22 08:39:08
    ཧོར་འཇིགས་ཀྱིས་བྲིས་པ་གནད་དུ་ཁེལ། ཁོང་བོད་ཀྱི་ཚིགས་བཅད་ལ་ཆ་རྒྱུས་ཟབ་ཁར་དྲང་པོ་གཟིར་གནས་རེད། དེ་བས་འདི་བྲིས་པ་ཧ་ཅང་ཡག  འདིའི་ནང་དུ་སེང་རྡོར་གྱི་གཡོ་འཕྲུལ་མང་པོ་ཞིག་བསླངས་ལ་ཕུད་ཡོད་པ་མ་ཟད།  སེང་རྡོར་ལས་གཞན་རིག་མྱོང་མེད་དེ་སེང་རྡོར་གནམ་ལ་བསྟོད་ཁུལ་བྱེད་པའི་མི་སྐོར་ཞིག་གི་རྨོངས་འཕྲུལ་ལ་ཟུར་ཟ་དང་བཅས་ཏེ་ཐེར་འདོན་བྱས་འདུག  ད་ནི་གསལ་གསལ་དག་དག་བྱས་ཏེ་སེང་རྡོར་དང་ཁོའི་མ་སྨིན་པའི་ཀློག་མཁན་དག་གི་མཚང་ཕྱི་ལ་འབུད་བཞིན་འདུག
  • དོན་དམ་པ།ip:47.8.74.*
    2018-04-21 23:34:09
    ཧོར་འཇིགས་ར་བཟི་ཞིག་གིས་བཤད་མི་དགོས་པ་མང་པོ་ཞིག་བཤད་འདུག
    དཔྱད་བརྗོད་ཟེར་བ་འདི་འདྲ་ཞིག་ག་ལ་ཡིན།

    དེ་ལས་གཡོག་ལས་བྱས་ཏེ་རང་གི་མི་ཚེ་ཨེ་འཁྱོལ་ལྟ་དགའ་ས་རེད།
  • ཕ་ལམ།ip:117.157.152.*
    2018-04-21 23:09:13
    དྲང་མོར་ལབ་ན།  ཧ་ལས་ཤིང་ཧང་སངས་ཡ་འདྲ་ཅང་བཤད་མི་འདུག
  • ཁྱུང་རིག་འདུལ།ip:27.98.255.*
    2018-04-21 14:37:39
    ད་ཐེངས་ཁོང་གི་སེང་རྡོར་གྱི་སྙན་ངག་གླེང་བ་ཞེས་པའི་དཔྱད་ཐུང་འདིའི་ཐོག་མར་ཁོ་བོའི་མིག་ལམ་དུ་གསལ་བ་ན།ཁོ་བོའི་སེམས་སུ་འཆར་འོང་བ་དེ་ནི་ཡང་སུ་ཞིག་གིས་རྒྱུས་མེད་ཀྱི་རྒྱུས་གཏམ་སྨྲ་བའམ་ཡང་ན་མི་སྒེར་གྱི་ཁེ་ཕན་ཉི་ཚེ་བ་འབའ་ཞིག་གི་སླད་དུ་བསྟོད་པའི་ཆེད་དུ་བསྟོད་པ་བྲིས་པ་ཞིག་བྲིས་ནས་བཅོས་མའི་འཛུམ་མདངས་ཤིག་སྟོན་པ་ཡིན་ན་སྙམ་པའི་བློ་སྔ་མ་སྔོན་དུ་ཕྱིན་སོང་ལ་བལྟ་འདོད་ཀྱི་བསམ་པའང་ཁོ་བོར་དེ་ཙམ་མ་བྱུང་། རྒྱུ་མཚན་ནི།གཅིག་ནས་རང་ངོས་ནས་ད་ཐེངས་སེང་རྡོར་གྱི་སྙན་ངག་གླེང་མཁན་གྱི་དཔྱད་བརྗོད་པ་ཁོང་ལ་ཆ་རྒྱུས་གང་ཡང་མེད་པས་ཉེས་ལ། གཉིས་ནས་དེང་"སང་མ་བྱས་བྱས་ཀྱི་བླ་མའི་རྣམ་ཐར་འདིར་བླུན་རྣམས་དད་ཀྱང་མཁས་རྣམས་ཁྲེལ་བའི་རྒྱུ་"ཞེས་ཟེར་བའི་དཔེ་ལྟར་དཔྱད་བརྗོད་མཁན་ཡོན་ཏན་ཅན་དཀོན་པ་དང་ཡོན་ཏན་ཅུང་ཟད་རེ་ལྡན་ན་ཡང་།མང་པོ་ཞིག་ནི་ང་རང་སྲུང་གཙིགས་ཆེན་དེས་བསྟོད་པ་མ་གཏོགས་མིག་མཐོང་ཟིན་དུ་སྣང་བའི་སྐྱོན་དུ་མཐོང་བ་དག་ཀྱང་གང་ཡང་མི་སྨྲ་བར་བཞུགས་ཐུབ་པའི་དཔྱད་བརྗོད་མཁན་གྱི་རང་མཚང་ཕྱིར་རུ་མངོན་མཁན་དུ་མ་མཆིས་པའི་ཡིན་ལ། ད་དུང་རང་མགོ་རང་གིས་གཡོགས་ནས་བླུན་པོའི་བརྟུལ་གཞུགས་འཛིན་མཁན་དེ་བས་མང་བས་སོ༎  སྐབས་འཕྲལ་ཞུ་འདོད་པ་ཞིག་ལ་ནི། རྒྱུ་སྔ་མའི་རྐྱེན་གྱིས་ཐོག་མར་མཆོང་ཐེངས་འགའ་བརྒྱབ་ནས་བལྟས་པས་བལྟ་རིན་ཡོད་ས་རེད་སྙམ་པའི་བློ་ཞིག་བྱུང་བས།མགོ་ནས་མཇུག་བར་དུ་ཐེངས་གཅིག་ཞིབ་ཏུ་བཀླགས་པས། ད་ཐེངས་ཧོར་གཙང་འཇིགས་མེད་ལགས་ཀྱིས་རྩོམ་པ་པོ་སེང་རྡོར་གྱི་སྙན་ངག་གླེང་བ་འདི་ནི་ཧ་ཅང་གནད་དུ་འཁེལ་བ་ཞིག་ཏུ་མཐོང་ལ། ལྷག་པར་དུ་ཁོང་ནི་རྩོམ་པ་པོ་སེང་རྡོར་ལགས་ཀྱི་རྩོམ་གྱི་ལེགས་ཉེས་བཅས་པ་ལ་ཅུང་ཟད་ཤེས་རྟོགས་ཟབ་པ་དང་བློ་གཟུ་བོར་གནས་པའི་ཐོག་ནས་དཔྱད་པ་ཞིག་མཛད་འདུག་སྙམ་པས། ང་ཚོ་དང་འདྲ་བའི་དྲ་འབུ་ཀླད་མེད་རྐྱལ་སྟོང་ཚོར་ལ་ཡང་ལམ་སྟོན་ཞིག་མཛད་འདུག་ལ། གླེང་མཁན་ཁོང་གིས་སོ་སོའི་རྣམ་དཔྱོད་མ་བོར་བའི་ཐོག་ནས་ཚིག་ཞི་ཞིང་དུལ་བའི་ངང་ནས་དཔྱད་བརྗོད་གནང་བ་འདིས་ཁོང་གི་མི་གཤིས་ལེགས་པོ་དེ་མངོན་ཐུབ་འདུག་སྙམ་མོ༎