གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ལྷ་བྱམས་རྒྱལ་གྱི་རྩོམ་གསར་བ། པེ་ཅིན་གྱི་བོད་པ།

  • Beychawaip:125.72.89.*
    2015-12-20 14:25:23
    དཀར་པོ་ཞོ། དམར་པོ་ཁྲག རབ་ཏུ་ཡག་སོང་།
  • གཅའ་འབྲུག་མོ།ip:117.136.82.*
    2015-12-20 14:02:54
    འདི་ལྟ་བུའི་རྩོམ་ཡིག་ཀློག་མ་ཐུབ་པར་ཡུན་རིང་འགོར།
  • ཡུལ་འཁྱར་བ།ip:66.30.15.*
    2015-12-20 13:19:07
    འདི་ནི་འཛམ་གླིང་གང་སར་ཁྱབ་པའི་ཚོར་བ་ཞིག་ཏེ་མནོ་བསམ་འཁོར་ས་མང་བར་གདའ། ཐུགས་རྗེ་ཆེ།
  • གཙགས་བུ།ip:110.166.254.*
    2015-12-20 13:08:07
    རླབས་རྒྱུན་གསར་བ་ཞིག་གི་སྒོ་མོ་ཁྱོན་ནས་བརྡོལ་འདྲའི་སྣང་བ་བཅོས་མིན་ཏུ་བསྩལ་བྱུང་།
  • ཟླ་ཞེན།ip:110.166.254.*
    2015-12-20 12:52:17
    འདས་སོང་གི་ཁ་སང་ནས་དེ་རིང་གི་བར། ང་ཚོར་གཞི་ནས་བློ་སྤོབས་ཉམས་འདུག ད་དུང་སང་ཉིན་གྱི་གནས་མལ་ག་ཙམ་ཡིན་པ་བསམ་པའི་གཏིང་ན་མེད་ཚོད་རེད །ཡང་བསྐྱར་བཀླག་འདོད།
  • མགོ་ལོགབློ་ལྡན།ip:221.207.37.*
    2015-12-20 12:19:47
    རྗོད་བྱེད་ནི་རེ་འགར་བཞུར་རྒྱུན་མི་ཆད་པའི་ཆུ་བོ་ཆེན་པོ་བཞིན་ལྷུག་ལྷུག་གིས་བཞིར་ཞིང་།  སྐབས་འགར་མེ་སྟོབས་ཆེན་པོ་ལྟར་ཚ་ཚ་རུ་མཆེད།  བརྗོད་བྱ་ནི་དགའ་བ་དང་སྐྱོ་བ་རེས་མོས་སུ་འཁོར་ཏེ་ལན་རེར་སྙིང་ལ་ཁ་བ་བབས་འདྲ།  མཚམས་རེར་སེམས་སུ་མེ་དཔུང་སྦར་འདྲ་བྱེད།  སྙན་ངག་འདི་ལས་ངས་སྙིང་ཉེ་བའི་པེ་ཅིན་གྱི་བོད་མི་སྤུན་ཟླ་དག་གི་ཉམས་ཆུང་བའི་ངོ་གདོང་དང་འུ་ཐུག་པའི་མིག་ཟུང་། རེ་ཆད་པའི་སེམས་པ་མཐོང་བྱུང་།  འོ་ན་པེ་ཅིན་གྱི་བོད་མི་ནི་དེ་ཙམ་ཞིག་ཡིན་ནམ་ཟེར་ན། དེ་འང་མ་ཡིན་ཏེ།  ཁོ་ཚོར་ད་དུང་རིགས་ཞེན་གྱི་འདུ་ཤེས་དང་།  བརྩོན་སེམས་ཀྱི་སྤོབས་པ།  བོད་མིའི་རང་ཚུགས་དག་ཀྱང་ཡོད་པ་མཐོང་བྱུང་།
  • ལེའུ།ip:223.104.27.*
    2015-12-20 11:07:09
    སྨྱུག་རྩེ་ན་བཞུར་བའི་ལོ་རྒྱུས་དང་དངོས་ཡོད་ཀྱི་འབྲེལ་བ།  འུ་ཐུག་ཐབས་ཟད་ཀྱི་འཚོ་བའི་ཀློང་ན་མང་པོ་ཞིག་འགྱུར་བཞིན་འགྱུར་བཞིན།  ཐ་མར་ཅི་འདྲ་ཞིག་ཏུ་ཆགས་འགྲོ་བ་སུས་ཀྱང་གཞལ་དཀའ་སྟེ།  ཅི་ལྟར་འགྱུར་འགྲོ་བཞིན་པ་ཕལ་ཆེར་སུ་ལ་ཡང་གསལ་འདྲིས་ཆེ་བ་ཞིག་རེདའང་།
  • ཞོགས་སྐར།ip:221.207.37.*
    2015-12-20 10:55:02
    ཕ་ཡུལ་ནས་འཁྱག་གྲང་ལ་སེམས་པ་གླན་ནས་བཀླགས་མཁན་དེ་ང་གཅིག་པུ་ཡིན་འདོད།ཞེ་དྲག་ཡག་སོང་།
  • ཨ་རིག་རྗེན་པ།ip:222.210.11.*
    2015-12-20 10:26:05
    གྲོང་ཁྱེར་གྱི་མི་རེ་རེ་འཁྲུལ་བ་ལྟ་བུའི་མི་ཚོགས་ཀྱི་རབ་རིབ་གཡོ་བའི་སྣང་བརྙན་ཁྲོད་འཚང་ཁ་ཤིག་ཤིག་གིས་རྒྱུ་ཞིང་དེ་ཡིས་ཁྱུག་ཙམ་ལ་རང་ཉིད་ཀྱང་བརྗེད་པར་བྱེད། མཚན་མོ་སླེབས་པ་ན་ཉིན་གཅིག་གི་བྲེལ་འཚུབ་དང་འུར་ཟིང་འཇམ་པའི་ལྷིང་འཇགས་རེ་ཞིག་ལྷག་པ་དེའང་དེ་ལྟར་སེམས་ཁ་འཁྱག་སིབ་བེར་གཏོང་བྱེད་ཙམ་མོ༎ པེ་ཅིང་གི་གོམ་འགྲོས་དང་པེ་ཅིང་གི་གདོང་བ་དག པེ་ཅིང་གི་ཁང་བརྩེགས་དང་ལམ་གྱི་བཞི་མདོ་རེ་རེ་དང་མོ་ཊའི་གཙང་བོ་དང་ས་འོག་གི་ཕྱོགས་ངེས་མེད་ལ་བསྲིངས་པའི་མགྱོགས་མཁོར་ནང་གི་འཚང་ཁ། ལམ་འགྲམ་གྱི་ཡུལ་གྱར་གཞས་པ་དང་གཟབ་འཕྱོར་སྤྲས་པའི་བུད་མེད་ཅིག་དང་མོའི་གདོང་ལ་འཕོས་པའི་སྐྱོ་དུབ་དག ཚོང་ར་རེ་རེའི་ཞབས་ཞུ་བའི་འཛུམ་མདངས་མཁྲེགས་པོ། རྣ་ལམ་ལ་འཇགས་པའི་འུར་ཟིང་ལ་སོགས་རྒྱུས་ཡོད་པ་འདྲ་ལ་མེད་པར་སྣང་བའི་པེ་ཅིང་གི་ཞེད་སྣང་སློང་བའི་ཚོར་བ་དེས་ནམ་ཡང་མི་སོ་སོ་འཆི་བའི་ཕྱོགས་སུ་གཏོང་གིན་ཡོད་པ་དང་འཆི་བ་ལ་དུས་རྟག་པར་གྲ་འགྲིག་པོ་བྱས་ནས་ཉི་མ་རེ་རེ་སྐྱེལ་དགོས་པ་ལྟ་བུའོ༎
  • མགུ་རུ།ip:219.143.78.*
    2015-12-20 09:57:30
    གྲང་བསིལ་བསིལ་གྱི་པེ་ཅིན་གྱི་དགུན་དུས་མཚན་མོ་ནས་རྨུག་རྡུལ་གྱིས་བཏུམས་པའི་པེ་ཅིན་གྱི་ཞོགས་པའི་བར། རྩོམ་ཡིག་འདི་ཐེངས་གཉིས་བཀླགས་པ་ཡིན། བཀླགས་ཐེངས་རེ་རེར་སྣང་བ་རེ་རེ་འབྱིན་བྱུང་། འོན་ཏང་། ངའི་སེམས་ལ་འགྱུར་མེད་ཀྱི་རྟགས་ཤིག་རང་ཤུགས་སུ་གྲུབ་བྱུང་། རེད་ཨཱ། སྤྱིར་ང་ཚོ་པེ་ཅིན་གྱི་བོད་པ་ཚོའི་སྒྱུ་ལུས་ཀྱི་ཕུང་པོ་འདིར་གནམ་གཤིས་ཀྱི་རྐྱེན་པས་གནོད་འཚེ་བཟོ་བ་ལས། “ང་བོད་པ་ཡིན་པའི་ཐོབ་ཐང་དང་། ང་བོད་པ་ཡིན་པའི་སེམས་པ་འདི་ལ་རྨ་ཁ་ཏོག་ཙམ་ཡང་བཟོ་མི་ཐུབ”ཟེར་བ་དེ་ནི་ཅི་མི་བདེན། ང་ཚོ་གངས་རི་བདག་པས། ལེགས་སྐྱེས་ཀྱང་གངས་རི་ལ་ཐོབ་སྲིད། ་་་་་་་་་་་་་་་་་་
  • བཙན་མགོ་དགྲ་འདུལip:27.227.175.*
    2015-12-20 09:55:15
    ཡག་པོ་འདུག
  • གཅན་མེ་ཏོགip:110.166.90.*
    2015-12-20 09:46:26
    ཐེངས་གསུམ་ལ་བཀླགས།   ངོ་མ་དགེ་བ་རེད།