document.write("");
document.write("
གངས་སེང་།ip:223.221.209.*
2018-04-29 14:56:41
ཡང་གཅིག་བཤད་ན། རྟ་ནག་སྒྲོག་འགྲོས་ཟེར་བའི་སྒྲུང་གཏམ་དེ་ཡང་སྒྲུང་གཏམ་ཡིན་མིན་ཀྱང་གསལ་བོར་བཤད་དཀའ། བོད་མི་གླེན་པ་ཚོ། སོག་པོ་ཚོའི་སྦྲ་གུར་གྱི་ནང་ནས་རྨི་ལམ་སྐྱིད་པོ་རྨི་བཞིན་གཉིད་གཏམ་བརྗོད་བཞིན་མ་འདུག
");
document.write(" གངས་སེང་།ip:223.221.209.*
2018-04-29 14:51:47
སོག་པོ་ཚོས་རང་མི་རང་གིས་བཀུར་བ་ལ། བོད་མི་མགོ་སྟོང་ཁ་ཤས་ཀྱིས་ཅི་ཡིན་འདི་ཡིན་མ་ཤེས་པར་ཚོགས་འདུ་ལ་ཞུགས་འདུག་པ་ནི་དགོད་བྲོའོ།
");
document.write(" གཡུ་སྒང་དཔལ་ལྡནip:223.220.56.*
2016-08-21 00:57:41
སྤྱིར་ཁོ་ཚོ་རྒྱས་པ་བཅས་ནས་གཏམ་འདྲ་མ་ཞིག་བཤད་རྒྱུ་ནི་སླ་མོ་རེད། རྒྱུ་མཚན་ཁོ་ཚོའི་
ཁ་ནས་ལྷུང་ཡོང་བ་ནི་གསེར་མ་ཡིན་པར་དབུགས་ཕུད་པ་ཙམ་རེད། དེའི་བདེན་
དཔང་ནི་ཚོགས་འདུའི་སྟེང་གི་དཔྱད་བརྗོད་པ་ཡིན་ཟེར་མཁན་ཚོ་ཐ་ན་སྒྲུང་ཐུང་གི་
རྩ་བའི་སྐད་ཆ་འགའ་ཡང་མི་ཤོད་པ་གསལ་བོ་ཡིན་པས་ཤེས་སླ། ང་མི་སྒེར་ལ་མཚོན་
ན་གཙོ་སྒྲུབ་པའི་དཀའ་སྡུག་དང་དུས་ཚོད་བཏང་བ་ནི་ཚེ་སྲོག་ཆུ་ཟོས་སུ་བཏང་བ་
ཡིན་པས་དེ་ལ་རྡོག་བརྫིས་བཏང་བ་ནི་དངོས་བཟོད་དཀའ་བ་ཞིག་རེད། སྤྱིར་མིང་ཙམ་
མ་བྲིས་པ་ནི་གལ་ཆེན་ཞིག་ཏུ་མི་སྣང་མོད། ངོ་པགས་གྱོན་པའི་གསར་འགོད་པ་དེ་ཚོ་
གཏན་ནས་གུ་ཡངས་ལ་གཏོང་མི་འདོད།
");
document.write(" གཡུ་སྒང་དཔལ་ལྡན།ip:125.72.46.*
2016-08-21 00:22:35
ང་ཚོའི་གསར་་འགོད་པ་འདི་ཚོ་ལྐོག་ལྐོག་སུད་སུད་བགྱིས་ནས་འགན་མི་འཁུར་བའི་ལས་སྒྲུབ་རྒྱུར་དགའ་བ་འདི་
ཞེན་པ་གཏིང་ནས་ལོག ང་ཚོའི་བགློ་གླེང་འདིའི་མི་སྣ་རྒན་པ་ཁ་ཤས་ཀྱི་“མཛད་པ”དང་། “འཕྲིན་ལས”སྐྱོང་བ་འདི་
ནི་གུང་ཁྲན་ཏང་གི་ཁ་གཡང་ལྟར་བརྙན་འཕྲིན། དྲ་གནས། ཚགས་པར་སོགས་སུ་གཏོར་འཇོག་པ་ལས་ན་གཞོན་ཚོའི་སྙིང་སྟོབས་སྲིད་ཙམ་ཡང་མི་གླེང་བར་དཔགས་ན་གསར་འགོད་པ་འདི་རྒན་པ་བསམ་མི་ཤེས་པ་ཞིག་ཡིན་ཚོད་རེད།
");
document.write(" ནམ་མཁའི་སྐར་ཆེན།ip:111.12.251.*
2016-08-05 21:23:02
སོག་རྫོང་གི་རྩོམ་མཁན་དང་ཤེས་ལྡན་པ་དག་གིས་བྱ་བ་འདི་སྒྲུབ་པར་སེམས་གཏིང་ནས་དགའ་ཡོད།
རང་ས་གནས་ཀྱི་ཤེས་ལྡན་པ་འདི་དང་འདི་ལྟ་བུ་ལ་རྗེས་དྲན་བྱེད་འོས་པ་ཞིག་རེད། རང་ཉིད་སོག་རྫོང་མིན་མོད། བྱ་བ་འདི་འདྲར་རྒྱབ་སྐྱོར་བྱེད་བཞིན་ཡོད།
");
document.write(" མྱིག་གཅོད།ip:111.12.251.*
2016-08-03 17:50:22
རྨ་ལྷོ་སོག་རྫོང་གིས་རང་ཡུལ་དུ་འཁྲུངས་པའི་མཁས་པ་ཚོར་བདག་པོ་བརྒྱབ་པ་དེ་ཡག་པོ་རེད། སྤྱི་ཚོགས་ལ་བྱས་རྗེས་ཡོད་པའི་མི་ཞིག་ཡིན་ཕྱིར་རྗེས་དྲན་ཞུ་འོས་པ་རེད། རྒན་གཏམ་བཤད་ནི་མིན། ངོ་མ་བཤད་ནི་ཡིན།
");
document.write("");