document.write("");
document.write("
རྭ་ཅོ་ནག་པོ།ip:117.136.82.*
2018-04-10 22:41:48
ཕ་ཡུལ།
རྭ་ཅོ་ནག་པོ།
མཐོ་ལ་རི་བོ་འདི་ཚོའི་ཕ་རྒྱབ་ན།།
ཆུ་དང་གཙང་བོ་འདི་ཚོའི་ཡར་སྣེ་ན།།
ངོ་མས་ངོ་མར་བཤད་ན་ཅི་ཞིག་སྟེ།།
གྱང་ཆག་སྐྱ་བོ་དག་གི་ཁང་ཤུལ་ལས།།
མཛེས་ཤིང་ལྟ་ན་སྡུག་པ་མ་མཐོང་མོད།།
ཡུལ་དེར་བསྡད་ནས་གན་རྐྱལ་ལོག་པ་ན།།
བག་ཆགས་ངར་མ་ཞིག་གི་བར་གསེང་ནས།།
རང་སྣང་སྐྱིད་པའི་རྫི་གླུ་འཐེན་བཞིན་དུ།།
ལབ་རྡོལ་འབྱིན་པའི་རྒུན་ཆང་མང་དུ་བཏུང་།།
རྒུན་ཆང་དམ་གང་ལག་པས་བསྐྱོར་གྱིན་དུ།།
ཡུལ་དེའི་ཁང་ཤུལ་གསེང་དུ་ཉུལ་དུ་སོང་།།
ང་ལ་དགོས་པའི་གླེགས་བམ་དེབ་ཕྲེང་ཞིག།
ས་དང་རྡོ་ཡི་འོག་ཏུ་ལྷུང་ནས་འདུག།
ཕུ་ཞིག་བཏབ་ནས་ལག་པས་བྱིལ་བྱིལ་རྗེས།།
ཁྱིམ་མའི་གདོང་རྒྱུད་བཅས་ཏེ་དར་ཚུར་དང་།།
ས་ཆ་ཞིག་ནས་གནས་བབས་བཟུང་བ་དག།
ཡང་དང་ཡང་དུ་བཤད་མཚམས་མ་རྫོགས་བར།།
ང་ཡིས་སླར་ཡང་ཞིབ་ཏུ་ཉན་རྗེས་ན།།
ཁང་ཤུལ་ཙམ་ལས་མེད་པའི་ས་སྤོང་དག།
ང་ཡི་ཕ་ཡུལ་ཡིན་པ་གཞི་ནས་རྟོགས།།
");
document.write("");