document.write("");
document.write("
གངས་སེང་།ip:110.166.208.*
2021-04-25 00:01:52
ཚེ་རིང་དོན་གྲུབ་ཀྱིས་སོག་པོའི་ནང་ནས་གོ་ས་གང་ཡང་མ་རེག་པར་རང་རེའི་བོད་པའི་རྩོམ་པ་པོ་གྲགས་ཅན་དག་དང་འབྲེལ་ཏེ་བོད་པ་གླེན་པ་ཚོར་མགོ་སྐོར་སྣ་ཚོགས་གཏོང་བ་ལ་འབད་པ་བྱེད་བཞིན་པ་མ་གཏོགས། ཁོའི་སྒྲུང་གཏམ་ཟེར་བ་དེ་དག་ལ་སྒྱུ་རྩལ་གྱི་ཆ་གང་ཡང་མི་འདུག་ཅིང་། ཁོས་སྒྲུང་གཏམ་དུ་འབོད་བཞིན་པའི་བརྩམས་ཆོས་དེ་དག་ལ་སྒྲུང་གཏམ་ཟེར་བ་ལས་སྙན་ཞུ་རྩོམ་ཡིག་ཅེས་བཏགས་ན་འགྲིག་འདུག་སྙམ། དྲང་མོར་བཤད་ན། ཁོའིབརྩམས་ཆོས་ཁྲོད་ཀྱི་ར་ལོ་གཙོ་བྱས་པའི་བོད་པ་ཚོ་ནི་གང་ཡང་མི་འཇོན་ཞིང་། ཅི་ཡང་མི་ནུས་པའི་གླེན་པ་ལུག་ལྟ་བུ་ཞིག་ལས་གང་ཡང་བྲིས་མི་འདུག་གོ། གཞན་ཡང་། ར་ལོ་དང་བཙུན་ཡག་ལྟ་བུ་ནི་རྩོམ་པ་པོ་ཁོའི་སེམས་ཁོང་གི་བོད་པ་སྤྱིའི་སྣང་བརྙན་ཡིན་ནོ།།
བོད་ཀྱི་གླེན་པ་ལུག་ལྟ་བུའི་ཀློག་པ་པོ་ཚོ། ང་ཚོ་སད་རན་པའི་མི་ཚད་འཕྱིས་འདུག
");
document.write("");