document.write(""); document.write("
  • 匿名ip:124.31.235.*
    2023-09-07 12:18:43
    rffffff
    རྒྱབ་སྐྱོར།[5ངོ་རྒོལ།[5]
  • "); document.write("
  • འཇམ་དབྱངས།ip:125.70.168.*
    2023-07-02 16:23:00
    སྙན་ངག་《མཐོང་བ་རྗེན་ནེ་བ་》ཞེས་པའི་ཀློག་འགྲེལ།
    སྙན་ངག་འདིའི་ནང་། ཚན་པ་བཞི་འདུག་ལ། དེ་ལས་ཚན་པ་དང་པོའི་ནང་། “སྒྱུ་མ་མཁན་གྱིས/ནམ་མཁའ་སྟོང་པར་རི་མོ་འགའ་བྲིས”ཞེས་པའི་ནང་། དོན་དུ་སྟོང་བ་ཡིན་པའི་བར་སྟོང་ཞིག་གམ་འཇིག་རྟེན་ནི། འཛིན་རེག་བྲལ་བའི་ནམ་མཁས་མཚོན་པར་བྱས་རྗེས། རྩོམ་མཁན་རང་ངམ་ང་ཚོ་ནི་སྒྱུ་མ་མཁན་བྱས་ཏེ། གཞི་མི་གྲུབ་པའམ་འཁྲུལ་སྣང་གི་ང་ཚོའི་འཚོ་བ། སྒྱུ་མ་མཁན་གྱིས་ནམ་མཁར་བྲིས་པའི་རི་མོས་མཚོན་པར་བྱས་ཏེ། རི་མོ་དེའི་ནང་ནས་“སྤྲིན་པ་ཞོགས/ཆར་པ་བབས/འཇའ་གུར་ཕུབ”ཅེས་པ་སོགས་ཀྱིས་རྩོམ་མཁན་རང་ངམ་ང་ཚོའི་འཚོ་བའི་བདེ་སྡུག་སྣ་ཚོགས་ཀྱང་སྒྱུ་མའི་འཁྲུལ་འགྱུར་འགའ་རུ་བསྟན་ནས། མཚོན་ཐབས་འདི་དག་གིས་སྤྱིའི་ཆ་ནས་འཇིག་རྟེན་དང་དེའི་འབྱུང་ཁུངས་ལ་ངོས་འཛིན་རགས་པ་ཞིག་བྱས་རྗེས། མཚན་ཉིད་རིག་པ་དང་འབྲེལ་བའི་ཚན་པ་ཕྱི་མ་དག་གི་མཐོ་རླབས་འཕྱོ་སའི་རྨང་གདན་བསྐྲུན་ཡོད།
    ཚན་པ་གཉིས་པ། “རི་མོའི་ནང/རེས་འགའ   ཁ་དོག་སྣ་ཚོགས་ནམ་མཁའ་ལ་འཕྲོ/རེས་འགའ   ནམ་མཁའ་ཡང་ཁ་དོག་སྣ་ཚོགས་སུ་གྱུར”ཞེས་པས། རི་མོའི་ཁ་དོག་སྣ་ཚོགས་ནམ་མཁའ་ལ་འཕྲོས་ནས་ནམ་མཁའ་ཡང་རི་མོའི་ཁ་དོག་སྣ་ཚོགས་སུ་གྱུར་བ་དེ། སྒྱུ་མ་མཁན་གྱིས་བྲིས་པའི་རི་མོ་སྒྱུ་མ་ཡིན་པ་མ་ཟད། སྒྱུ་མ་མཁན་གྱིས་བྲིས་པ་མིན་པའི་ནམ་མཁའ་ཡང་སྒྱུ་མ་ཡིན་པ་བསྟན་ནས། སྒྱུ་མའི་རི་མོའམ་ང་ཚོའི་འཚོ་བ་དང་ནམ་མཁའ་འམ་འཇིག་རྟེན་གཉིས་ངོ་བོ་དབྱེར་མེད་དུ་སྒྱུ་མའམ་སྟོང་བ་འཁྲུལ་བ་ཡིན་པ་བསྟན་ཡོད།
    ཚན་པ་གསུམ་པ་“རི་མོའི་ནང/ཉི་འོད་གཅིག་པུ/ཁུ་སིམ་སིམ/མུན་པ་དང་བྲལ་བའི་ཁེར་རྐྱང་གིས་མནར”ཞེས་པས། སྒྱུ་མ་མཁན་གྱིས་བྲིས་པའི་སྒྱུ་མའི་རི་མོ་དང་། སྒྱུ་མ་མཁན་གྱིས་མ་བྲིས་པའི་ནམ་མཁའ་གཉིས། ངོ་བོ་དབྱེར་མེད་དུ་སྒྱུ་མར་ཤེས་པའི་སྙན་ངག་མཁན་རང་གི་བསམ་གཞིགས་ཀྱི་རྟོག་པ་དེ་ཉི་འོད་ཀྱིས་མཚོན་པར་བྱས་ནས། རྟོག་པའི་ཉི་འོད་དེ། སྒྱུ་མའི་འཇིག་རྟེན་དངོས་ཡོད་དུ་འཁྲུལ་བའི་བློ་ཡི་མུན་པ་དང་བྲལ་ནས། ཁུ་སིམ་སིམ་ངང་ཟབ་བརླིང་ཁེར་རྐྱང་གིས་སྡོད་པ་མཚོན་པར་བྱས་ཡོད།
    དེ་ནས་ཚན་པ་བཞི་བའི་ནང་། “སྒྱུ་མ་མཁན་གྱིས/རི་མོའི་ནང/རང་ཉིད་སྒྱུ་མ་མཁན་ཡིན་པ་མཐོང”ཞེས་པས། སྒྱུ་མའི་རི་མོ་དང་རི་མོ་དེ་འབྲི་སའི་ནམ་མཁའ་གཉིས་ངོ་བོ་དབྱེར་མེད་དུ་སྒྱུ་མར་ཤེས་པའི་ཟབ་བརླིང་ཁེར་རྐྱང་གི་རྟོག་པ་དེས། མཐར་ནམ་མཁར་སྒྱུ་མའི་རི་མོ་འབྲི་མཁན་གྱི་སྒྱུ་མ་མཁན་དེ་ཡང་། ནམ་མཁའི་རི་མོའི་ནང་གི་སྒྱུ་མ་མཁན་ཞིག་ལས། ནམ་མཁའ་ལ་སྒྱུ་མའི་རི་མོ་འབྲི་བའི་སྒྱུ་མ་མཁན་ལོག་གེར་བ་ཞིག་མིན་པ་བྱས་ཡོད།
    དེས་ན་སྙན་ངག་འདི་ལ་ཧྲིལ་གྱིས་བལྟས་ན། སྒྱུ་མ་མཁན་ཞིག་གིས་ནམ་མཁའ་ལ་རི་མོ་ཞིག་བྲིས་པ་ནས་འགོ་བརྩམས་ཏེ། བར་དུ་ནམ་མཁའ་དང་རི་མོ་གཉིས་ངོ་བོ་དབྱེར་མེད་དུ་བསྲེས་ཤིང་། མཐར་སྒྱུ་མ་མཁན་དེ་ཡང་སྒྱུ་མའི་རི་མོ་དེ་འབྲི་མཁན་ནས། སྒྱུ་མའི་རི་མོ་དེའི་ནང་གི་སྒྱུ་མའི་སྒྱུ་མ་མཁན་དུ་གྱུར་བའི་སྒྲུང་གི་བྱུང་རིམ་ཞིག་བྲིས་ཏེ། ཡོད་ཚད་ནས་ཡོད་ཚད། སྒྱུ་མ། འཁྲུལ་སྣང་། སྟོང་བ་སོགས་ཡིན་པ་བསྟན་ནས་སྙན་ངག་འདི་ཉིད་མཇུག་རྫོགས་པར་བྱས་འདུག
    རྒྱབ་སྐྱོར།[13ངོ་རྒོལ།[10]
  • "); document.write("");