ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(2)

གཉིས་པ།

དགོང་ཕྱི་དྲོའི་གྲིབ་མ་གོན་ཐལ།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
མ་བཟང་མོ་ཟླ་བཟང་སྒྲོལ་མ།།
ཞིང་གྲུ་བཞིའི་ཞིང་ཚིགས་བར་ནས།།
ཚིག་བཤད་ནས་གང་འགོར་མ་ཤེས།།
དགོང་ཉི་མ་ཚང་ལ་ནུབ་ནས།།
ཕོ་བཟང་པོ་ཉི་མ་ཚེ་རིང་།
རྟ་འདོ་བ་གྲོ་གཞིར་ཞོན་ནས།
ཕྱིར་འཁོར་རེ་ཡུལ་ལ་བུད་ཐལ།
མ་ང་ཚོས་ཡུར་མཚམས་བཞག་ནས།།
ཕྱི་འཁོར་རེ་ཡུལ་ལ་ལོག་སྟེ།།
ཁ་མར་འཁོར་ཇ་ཁང་ནང་ནས།།
འདི་ཐབ་ཀ་གྲུ་བཞིའི་ཐོག་ལ།
འཁར་ཁྲོ་ཟགས་སེར་པོ་བཙུགས་ནས།།
ཡང་སེར་པོའི་འཁར་ཟངས་ནང་ལ།
སྟོད་རྫ་ཆུ་བསིལ་མ་བླུགས་ནས།།
ཇ་མེ་ཏོག་ཡོངས་འཛིན་བཏབ་སྟེ།
ཁྱིམ་ཐབ་ཁུང་གོར་མོའི་ནང་ལ།
བྲག་ཤུག་པ་ལྷ་ཤིང་བུས་ཏེ།།
མེ་མེ་ལྕེ་དམར་པོ་འབར་ནས།།
དུད་ནག་པོ་དགུང་ལ་འཕྱུར་གི།
མོས་ཇ་ནག་གསར་སྐོལ་བྱས་ནས།
ཇ་གཡིས་མ་བསྐོལ་བའི་འཁོལ་མགོ།
རོགས་ཡོང་སའི་ས་ལ་མཆོད་ལ།
རོགས་ཆུང་ལོའི་སྐྱེ་ལུས་ཕྲ་མོར།
བགེགས་བར་ཆད་མ་ཡོང་ཟེར་ནས།།
ལྷ་བླ་མར་གསོལ་བ་བཏབ་ནི།།
ཁ་ཡར་འཁོར་མགྲོན་ཁང་ནང་གི།
ཁྲི་འདྲ་བའི་ཚ་ཐབ་སྟེང་ལ །
ཁོས་གདན་དཀར་གདན་དམར་བཏིང་ནས།།
སྔས་མཐོན་པོ་ཅན་ཞིག་བཞག་ནས།།
རོགས་ཡོང་བ་བསམས་ནས་བསྒུགས་ནི།།
ས་རུབ་ནས་ནམ་གུང་ཐོན་ཐལ།།
ཁྲ་གསལ་ལེ་སྐར་མའི་གཞུང་རེད།།
རོགས་དགའ་ལོ་ཡོང་བའི་ཚད་རེད།།
ཇ་ཞིམ་པོ་འཐུང་གི་སྐབས་རེད།།
མ་ངེད་ཚོ་བྲེལ་བ་ལངས་ནས།།
ཁྱིམ་ཁང་བའི་ཀླད་ལ་བུད་ནས།།
རོགས་ཡོང་སའི་ཕྱོགས་ལ་བལྟས་བསྡད།
ཟངས་སེར་པོའི་གླིང་བུའི་ནང་ནས།།
སེམས་འགུག་པའི་གླུ་ཞིག་བླངས་ཐལ།།
ངའི་གསལ་བོ་རྣ་ཡིས་ཉན་ན།།
ངའི་རོགས་ཀི་འབུད་ཚུལ་ལྷང་རེད།།
ངའི་ངོ་ལ་འཛུམ་ཞིག་ལངས་ནས།།
ངའི་སེམས་ལ་དགའ་སྤྲོ་སྐྱེས་ནོ།
ནང་འཇིག་རྟེན་མི་ཡིས་ཆད་ཤེས།།
ང་གཤོག་ཐོགས་བྱ་རིགས་བཞིན་དུ།།
ཁང་ཐོག་ནས་མར་ལ་བབས་ནས།།
ཕྱི་སྒོ་ཁར་རྒྱུགས་ནས་སོང་དུས།།
སྡེ་ཏཱ་ནའི་སྟོད་ཀི་དགའ་།
ཞེ་སྣང་བ་མཐུན་གི་རོགས་ལོ།
ཁ་བགད་ནས་སྒོ་ཁར་ཐོན་ཐལ །
ཕར་འཁོར་ནས་འཚམས་འདྲི་བྱས་།
ཚུར་འཁོར་ནས་སྐེ་ལ་འཇུས་ནས།།
སེམས་མཐུན་པའི་འོ་ཞིག་བྱེད་ཀི།
ཕྱིར་སྒོ་ཆེན་ཕྱིར་ལ་བརྒྱབ་ནས།།
ཡར་འཁོར་ནས་མགྲོན་ཁང་ནང་ལ །
སྐེ་ལག་འཇུས་བྱས་ནས་སོང་བ། །
ངས་ཚ་ཐབ་གྲུ་བཞིའི་ཐོག་ལ།།
འདི་ཅོག་ཙེ་སུག་བཞི་བཞག་ནས།།
ཤིང་ཙན་དན་སྡེར་མའི་ནང་ལ །
ཟས་ཀ་ར་བུ་རམ་བསྒྲིགས་ནས།།
ཟངས་སེར་པོའི་ཇ་དེམ་ནང་ལ།།
ཇ་ཞིམ་མངར་ཅན་ཞིག་བསྐོལ་ནས།།
འབྲི་ཐུལ་མའི་འོ་མ་བླུགས་ནས།།
རྟགས་རྟེན་འབྲེལ་ཅན་གི་དཀར་ཡོལ།
དེའི་ཁ་ན་འཁོར་ལོ་རྩིབས་བརྒྱད།།
དེའི་སྐེད་ན་བཀྲ་ཤིས་རྟགས་བརྒྱད།།
ཡང་ཞབས་ན་པད་མ་འདབ་བརྒྱད།།
བཀྲ་ཤིས་པའི་དཀར་ཡོལ་ནང་ལ།
ཇ་དཀར་པོ་འོ་ཇ་བླུགས་ཏེ།།
ལག་ཉིས་ལག་བྱས་ནས་བྱིན་ནས།།
ངས་ཁྱེད་ཟོ་ཁྱེད་འཐུང་ཟེར་དུས།།
ངའི་ཆུང་དུས་རོགས་ལོའི་ངོ་ལ །
སྐྱིད་ཉི་མ་འདྲ་ཞིག་ཤར་ནས།།
ཁོས་ང་ཟོ་ང་འཐུང་ཟེར་གི།
ཟས་ཞིམ་པོ་ཟ་དབང་མ་བྱུང་།།
ཇ་མངར་མོ་འཐུང་དབང་མ་བྱུང་།།
ཚིག་སྙན་མོ་བཤད་དབང་མ་བྱུང།།
གསུམ་མ་བྱུང་ལས་ཀི་ཐ་མ།།
ལས་མ་བཟང་བ་ཞིག་བྱུང་སོང་།།
ཕྱི་སྒོ་ཆེན་ཐག་ཐག་རྡུང་གི།
ངའི་མིང་གིས་ཡང་ཡང་འབོད་ཀི།
སྐད་བཙོག་པའི་སྒྲ་ལ་ཉན་ན།།
ངའི་བཟའ་ཟླ་ཡིན་པ་ཤེས་སོང་།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ཡར་ལངས་ནས་སྒོ་ལ་རྒྱུགས་ཀི།
ཁྱེད་དེ་འདྲ་མ་བྱེད་ཟེར་ནས།།
རོགས་ཉི་མའི་ལག་མགོར་འཇུས་ནས།།
དེ་མ་བྱེད་ཉི་མ་ལོ་ལོ།
ངའི་བཟའ་ཟླས་སྟོད་ལ་ཇག་བྱས།།
འདིས་སྨད་ལ་སོང་ནས་རྐུས་བྱས།།
འཐབ་རྩལ་ངན་ཤེད་ཆེན་ཡིན་།།
རོགས་དགའ་ལོས་སྔར་ནས་ཤེས་མོད།
ཁྱོའི་ཡུལ་གྱི་ཕ་ལོ་མ་ལོར།།
ཁྱེད་མེད་ན་ལག་པ་མེད་འདྲ།།
ཁྱོའི་ཡུལ་གྱི་རྒྱུ་བྱིན་ཆུང་མར།།
ཁྱེད་མེད་ན་སྐྱ་ཡ་མེད་འདྲ།

ཕོ་བཟང་པོ་ཉི་མ་ལོ་ལོ།
སེམས་བསམ་པས་འདང་གསུམ་རྒྱག་དགོས།།
སྡེ་ཏཱ་ནའི་ཉི་མ་ཚེ་རིང་།།
སྐྱེས་ཕོ་རབ་ཅིག་གི་སྐྱེས་ནས།།
ཁྱོད་བསྐྱུར་ནས་ང་རང་བྲོས་ན།།
ཕོ་ཉི་མ་ཡིན་པ་དོན་མེད །
ས་འཇིག་རྟེན་ཁམས་ཀི་འཚོ་བ།།
ཞེ་ཆགས་ནས་འདུག་ས་ང་མེད།།
སྨན་ཟླ་བཟང་སྒྲོལ་མ་མིན་པས།།
ཞེ་ཆགས་ས་གཅིག་ཀྱང་ང་མེད །
སྨན་ཟླ་བཟང་སྒྲོལ་མ་ལོ་ལོ།
ཁྱོད་བསྐྱུར་ནས་འགྲོ་སྲོལ་ང་མེད།

སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་བསྡུས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(2)

གཉིས་པ།

དགོང་ཕྱི་དྲོའི་གྲིབ་མ་གོན་ཐལ།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
མ་བཟང་མོ་ཟླ་བཟང་སྒྲོལ་མ།།
ཞིང་གྲུ་བཞིའི་ཞིང་ཚིགས་བར་ནས།།
ཚིག་བཤད་ནས་གང་འགོར་མ་ཤེས།།
དགོང་ཉི་མ་ཚང་ལ་ནུབ་ནས།།
ཕོ་བཟང་པོ་ཉི་མ་ཚེ་རིང་།
རྟ་འདོ་བ་གྲོ་གཞིར་ཞོན་ནས།
ཕྱིར་འཁོར་རེ་ཡུལ་ལ་བུད་ཐལ།
མ་ང་ཚོས་ཡུར་མཚམས་བཞག་ནས།།
ཕྱི་འཁོར་རེ་ཡུལ་ལ་ལོག་སྟེ།།
ཁ་མར་འཁོར་ཇ་ཁང་ནང་ནས།།
འདི་ཐབ་ཀ་གྲུ་བཞིའི་ཐོག་ལ།
འཁར་ཁྲོ་ཟགས་སེར་པོ་བཙུགས་ནས།།
ཡང་སེར་པོའི་འཁར་ཟངས་ནང་ལ།
སྟོད་རྫ་ཆུ་བསིལ་མ་བླུགས་ནས།།
ཇ་མེ་ཏོག་ཡོངས་འཛིན་བཏབ་སྟེ།
ཁྱིམ་ཐབ་ཁུང་གོར་མོའི་ནང་ལ།
བྲག་ཤུག་པ་ལྷ་ཤིང་བུས་ཏེ།།
མེ་མེ་ལྕེ་དམར་པོ་འབར་ནས།།
དུད་ནག་པོ་དགུང་ལ་འཕྱུར་གི།
མོས་ཇ་ནག་གསར་སྐོལ་བྱས་ནས།
ཇ་གཡིས་མ་བསྐོལ་བའི་འཁོལ་མགོ།
རོགས་ཡོང་སའི་ས་ལ་མཆོད་ལ།
རོགས་ཆུང་ལོའི་སྐྱེ་ལུས་ཕྲ་མོར།
བགེགས་བར་ཆད་མ་ཡོང་ཟེར་ནས།།
ལྷ་བླ་མར་གསོལ་བ་བཏབ་ནི།།
ཁ་ཡར་འཁོར་མགྲོན་ཁང་ནང་གི།
ཁྲི་འདྲ་བའི་ཚ་ཐབ་སྟེང་ལ །
ཁོས་གདན་དཀར་གདན་དམར་བཏིང་ནས།།
སྔས་མཐོན་པོ་ཅན་ཞིག་བཞག་ནས།།
རོགས་ཡོང་བ་བསམས་ནས་བསྒུགས་ནི།།
ས་རུབ་ནས་ནམ་གུང་ཐོན་ཐལ།།
ཁྲ་གསལ་ལེ་སྐར་མའི་གཞུང་རེད།།
རོགས་དགའ་ལོ་ཡོང་བའི་ཚད་རེད།།
ཇ་ཞིམ་པོ་འཐུང་གི་སྐབས་རེད།།
མ་ངེད་ཚོ་བྲེལ་བ་ལངས་ནས།།
ཁྱིམ་ཁང་བའི་ཀླད་ལ་བུད་ནས།།
རོགས་ཡོང་སའི་ཕྱོགས་ལ་བལྟས་བསྡད།
ཟངས་སེར་པོའི་གླིང་བུའི་ནང་ནས།།
སེམས་འགུག་པའི་གླུ་ཞིག་བླངས་ཐལ།།
ངའི་གསལ་བོ་རྣ་ཡིས་ཉན་ན།།
ངའི་རོགས་ཀི་འབུད་ཚུལ་ལྷང་རེད།།
ངའི་ངོ་ལ་འཛུམ་ཞིག་ལངས་ནས།།
ངའི་སེམས་ལ་དགའ་སྤྲོ་སྐྱེས་ནོ།
ནང་འཇིག་རྟེན་མི་ཡིས་ཆད་ཤེས།།
ང་གཤོག་ཐོགས་བྱ་རིགས་བཞིན་དུ།།
ཁང་ཐོག་ནས་མར་ལ་བབས་ནས།།
ཕྱི་སྒོ་ཁར་རྒྱུགས་ནས་སོང་དུས།།
སྡེ་ཏཱ་ནའི་སྟོད་ཀི་དགའ་།
ཞེ་སྣང་བ་མཐུན་གི་རོགས་ལོ།
ཁ་བགད་ནས་སྒོ་ཁར་ཐོན་ཐལ །
ཕར་འཁོར་ནས་འཚམས་འདྲི་བྱས་།
ཚུར་འཁོར་ནས་སྐེ་ལ་འཇུས་ནས།།
སེམས་མཐུན་པའི་འོ་ཞིག་བྱེད་ཀི།
ཕྱིར་སྒོ་ཆེན་ཕྱིར་ལ་བརྒྱབ་ནས།།
ཡར་འཁོར་ནས་མགྲོན་ཁང་ནང་ལ །
སྐེ་ལག་འཇུས་བྱས་ནས་སོང་བ། །
ངས་ཚ་ཐབ་གྲུ་བཞིའི་ཐོག་ལ།།
འདི་ཅོག་ཙེ་སུག་བཞི་བཞག་ནས།།
ཤིང་ཙན་དན་སྡེར་མའི་ནང་ལ །
ཟས་ཀ་ར་བུ་རམ་བསྒྲིགས་ནས།།
ཟངས་སེར་པོའི་ཇ་དེམ་ནང་ལ།།
ཇ་ཞིམ་མངར་ཅན་ཞིག་བསྐོལ་ནས།།
འབྲི་ཐུལ་མའི་འོ་མ་བླུགས་ནས།།
རྟགས་རྟེན་འབྲེལ་ཅན་གི་དཀར་ཡོལ།
དེའི་ཁ་ན་འཁོར་ལོ་རྩིབས་བརྒྱད།།
དེའི་སྐེད་ན་བཀྲ་ཤིས་རྟགས་བརྒྱད།།
ཡང་ཞབས་ན་པད་མ་འདབ་བརྒྱད།།
བཀྲ་ཤིས་པའི་དཀར་ཡོལ་ནང་ལ།
ཇ་དཀར་པོ་འོ་ཇ་བླུགས་ཏེ།།
ལག་ཉིས་ལག་བྱས་ནས་བྱིན་ནས།།
ངས་ཁྱེད་ཟོ་ཁྱེད་འཐུང་ཟེར་དུས།།
ངའི་ཆུང་དུས་རོགས་ལོའི་ངོ་ལ །
སྐྱིད་ཉི་མ་འདྲ་ཞིག་ཤར་ནས།།
ཁོས་ང་ཟོ་ང་འཐུང་ཟེར་གི།
ཟས་ཞིམ་པོ་ཟ་དབང་མ་བྱུང་།།
ཇ་མངར་མོ་འཐུང་དབང་མ་བྱུང་།།
ཚིག་སྙན་མོ་བཤད་དབང་མ་བྱུང།།
གསུམ་མ་བྱུང་ལས་ཀི་ཐ་མ།།
ལས་མ་བཟང་བ་ཞིག་བྱུང་སོང་།།
ཕྱི་སྒོ་ཆེན་ཐག་ཐག་རྡུང་གི།
ངའི་མིང་གིས་ཡང་ཡང་འབོད་ཀི།
སྐད་བཙོག་པའི་སྒྲ་ལ་ཉན་ན།།
ངའི་བཟའ་ཟླ་ཡིན་པ་ཤེས་སོང་།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ཡར་ལངས་ནས་སྒོ་ལ་རྒྱུགས་ཀི།
ཁྱེད་དེ་འདྲ་མ་བྱེད་ཟེར་ནས།།
རོགས་ཉི་མའི་ལག་མགོར་འཇུས་ནས།།
དེ་མ་བྱེད་ཉི་མ་ལོ་ལོ།
ངའི་བཟའ་ཟླས་སྟོད་ལ་ཇག་བྱས།།
འདིས་སྨད་ལ་སོང་ནས་རྐུས་བྱས།།
འཐབ་རྩལ་ངན་ཤེད་ཆེན་ཡིན་།།
རོགས་དགའ་ལོས་སྔར་ནས་ཤེས་མོད།
ཁྱོའི་ཡུལ་གྱི་ཕ་ལོ་མ་ལོར།།
ཁྱེད་མེད་ན་ལག་པ་མེད་འདྲ།།
ཁྱོའི་ཡུལ་གྱི་རྒྱུ་བྱིན་ཆུང་མར།།
ཁྱེད་མེད་ན་སྐྱ་ཡ་མེད་འདྲ།

ཕོ་བཟང་པོ་ཉི་མ་ལོ་ལོ།
སེམས་བསམ་པས་འདང་གསུམ་རྒྱག་དགོས།།
སྡེ་ཏཱ་ནའི་ཉི་མ་ཚེ་རིང་།།
སྐྱེས་ཕོ་རབ་ཅིག་གི་སྐྱེས་ནས།།
ཁྱོད་བསྐྱུར་ནས་ང་རང་བྲོས་ན།།
ཕོ་ཉི་མ་ཡིན་པ་དོན་མེད །
ས་འཇིག་རྟེན་ཁམས་ཀི་འཚོ་བ།།
ཞེ་ཆགས་ནས་འདུག་ས་ང་མེད།།
སྨན་ཟླ་བཟང་སྒྲོལ་མ་མིན་པས།།
ཞེ་ཆགས་ས་གཅིག་ཀྱང་ང་མེད །
སྨན་ཟླ་བཟང་སྒྲོལ་མ་ལོ་ལོ།
ཁྱོད་བསྐྱུར་ནས་འགྲོ་སྲོལ་ང་མེད།

སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་བསྡུས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།