ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(3)

  གསུམ་པ།

ངའི་རོགས་ལོའི་ངར་ལ་བལྟས་ན།།
མ་ང་ཚོ་ཐར་ས་མེད་ཀི།
ངའི་མི་ལུས་སྨྱུག་གཞོན་འདྲ་མོ།
ཤིང་སྡོང་ལོ་བཅོམ་བཅོམ་བྱེད་ཀི།
སྐྲ་ལན་བུ་ལྗང་ལོ་འདྲ་བོ།།
ཤིང་སྨྱུག་མ་གཏུབ་གཏུབ་བྱས་ཐལ །
ངའི་མི་ཤ་རློན་པའི་སྟེང་ལ།།
ལྕག་ཕྲ་མོས་ལྔ་བརྒྱ་འབྲབ་ཀི།
ཁྲག་དམར་པོ་རྐ་ཆུ་བཞུར་བཞུར།།
ངའི་གཏན་གྲོགས་བསམ་ནག་གན་གིས།།
མགོ་སྒུར་ནས་འདང་ཞིག་རྒྱག་གི།
སེམས་སེན་མོ་འདྲ་ཞིག་རྙེད་ནས།།
མ་ཁྱོད་ཚོ་ཁག་མེད་ཟེར་ནས།།
ཁོས་འཇམ་པོའི་གདན་ཞིག་འདིང་གི།
དེ་བླ་ཤིང་ཚེར་མའི་རྩུབ་རེད།།
ཁོས་མཐོན་པོ་སྔས་ཤིག་འཇོག་གི།
དེ་དམའ་མོ་དོང་ལས་དམའ་རེད།།
ཁོས་ཡང་མོ་གོས་ཤིག་འགེབ་ཀི།
དེ་གོར་མོ་རྡོ་གི་ལྗི་རེད །
ཁྱོད་ཇི་འདྲ་གང་འདྲ་ཟེར་གི།
ལན་མ་དགོས་ཡིད་ནས་བརྒྱགས་ཀི།
ས་རུབ་ནས་ནམ་གུང་ལོན་དུས།།
ང་གཟེར་རྒོད་རྟ་རྒོད་རྒྱུག་རྒྱུག།
ང་གཟེར་འབྲིང་ཕུར་བ་བརྡབ་བརྡབ།།
ང་གཟེར་ཆུང་གཡག་རྒོད་ངུར་ངུར།།
སྙིང་དམར་བོ་ལུ་གུ་རྩེ་རྩེ།།
ལུས་དབང་རྒྱུ་མིན་པ་ཤེས་ཀི།
ཚེ་འདི་ཡི་ཟ་སྐལ་ཚར་ཐལ །
ང་སྐྱོང་གི་དྲིན་ཆེན་ཕ་མ།།
ཡིད་སེམས་ལ་ཤར་ནས་ཐོན་ཐལ།།
ངས་ཕ་འབོད་མ་འབོད་བྱས་ནི།།
ངས་ལོས་འབོད་དྲིན་ཆེན་ཕ་མ།།
གཅིག་བོས་རུང་གོ་རྒྱུ་ཆད་ཡོད།།
དྲིན་ཕ་མ་ཁ་ཐག་རིང་གི།
དྲིན་ཆེ་བའི་ཕ་མ་གཉིས་ཀ།
ཚེ་འདི་ནས་དྲིན་ལན་མ་འཇལ།།
དྲིན་ཕ་མའི་སེམས་ལ་མ་གནོད།།
ཚེ་འདི་ནས་ངོ་ཐུག་མེད་ཀི།
ངོ་མ་ཐུག་ནངས་མོ་ཞིག་ལ།།
ང་ཟླ་བཟང་སེམས་ལ་མ་འཛིན།།
མིག་ཁྲ་རིལ་མཆི་མ་མ་གཏོར།།
རང་མ་གཏོར་ཟེར་ནི་མིན་ད།།
ངའི་རྣམ་ཤེས་སྦྲང་མ་འདྲ་མོ།
ཞིང་བདེ་བ་ཅན་ལ་འགྲོ་དུས།།
ང་འགྲོ་སའི་ལམ་ཁའི་དགྲ་རེད།།
ང་བསམ་དབང་དྲན་དབང་མེད་ལ།།
ངའི་ཕྱི་སྲོག་ཆད་ནས་བུད་ཐལ།།
ངའི་ནང་སྲོག་རྟ་རྔ་འདྲ་མོ།།
གཅིག་མ་ཆད་ཉི་མར་སྒུག་ཡོད།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ངས་སྒུག་རུང་ཐོན་ས་མེད་ཀི།
ཚེ་འདི་ཡི་ཟ་སྐལ་ཚར་ཐལ།།
ཚེ་ཕྱི་མའི་ཡུལ་ལ་འགྲོ་དགོས།།
འགྲོ་དགོས་ནོ་སྔོན་གི་ལས་རེད།།
ངའི་རྣམ་ཤེས་སྦྲང་མ་འདྲ་བོ།
ཕྱི་བར་དོའི་ལམ་དུ་ཕྱིན་དུས།།
ཞེ་ཕྱིར་ལ་རོགས་ལོར་ཆགས་ཡོད།།
ངའི་རྣམ་ཤེས་སྦྲང་མ་འདྲ་བོ།།
སྡེ་ཏཱ་ནའི་སྟོད་ལ་སོང་ནས།།
ངའི་རོགས་ལོའི་སྔས་མགོའི་ཐོག་ནས།།
སེམས་ཕྱུངས་ནས་ཚིག་གསུམ་བཤད་ན།།
ཕྱིར་འཁོར་ནས་ཚིག་ལན་མེད་ཀི།
འདང་བརྒྱབ་ན་ཚིག་ལན་ཆད་ཡོད།།
ཚེ་འདི་ཕྱི་གཉིས་ཀའི་བར་རེད།།
རོགས་ཉི་མ་འཇིག་རྟེན་ཁམས་རེད།
མ་ང་ཚོ་བར་དོའི་འཕྲང་རེད །
ཨ་ཤི་རེ་ཞེ་རེ་སྨྲེང་གི།
ཞེ་སྨྲེང་རུང་གང་གི་ཡུལ་རེད།།

སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་བསྡུས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(3)

  གསུམ་པ།

ངའི་རོགས་ལོའི་ངར་ལ་བལྟས་ན།།
མ་ང་ཚོ་ཐར་ས་མེད་ཀི།
ངའི་མི་ལུས་སྨྱུག་གཞོན་འདྲ་མོ།
ཤིང་སྡོང་ལོ་བཅོམ་བཅོམ་བྱེད་ཀི།
སྐྲ་ལན་བུ་ལྗང་ལོ་འདྲ་བོ།།
ཤིང་སྨྱུག་མ་གཏུབ་གཏུབ་བྱས་ཐལ །
ངའི་མི་ཤ་རློན་པའི་སྟེང་ལ།།
ལྕག་ཕྲ་མོས་ལྔ་བརྒྱ་འབྲབ་ཀི།
ཁྲག་དམར་པོ་རྐ་ཆུ་བཞུར་བཞུར།།
ངའི་གཏན་གྲོགས་བསམ་ནག་གན་གིས།།
མགོ་སྒུར་ནས་འདང་ཞིག་རྒྱག་གི།
སེམས་སེན་མོ་འདྲ་ཞིག་རྙེད་ནས།།
མ་ཁྱོད་ཚོ་ཁག་མེད་ཟེར་ནས།།
ཁོས་འཇམ་པོའི་གདན་ཞིག་འདིང་གི།
དེ་བླ་ཤིང་ཚེར་མའི་རྩུབ་རེད།།
ཁོས་མཐོན་པོ་སྔས་ཤིག་འཇོག་གི།
དེ་དམའ་མོ་དོང་ལས་དམའ་རེད།།
ཁོས་ཡང་མོ་གོས་ཤིག་འགེབ་ཀི།
དེ་གོར་མོ་རྡོ་གི་ལྗི་རེད །
ཁྱོད་ཇི་འདྲ་གང་འདྲ་ཟེར་གི།
ལན་མ་དགོས་ཡིད་ནས་བརྒྱགས་ཀི།
ས་རུབ་ནས་ནམ་གུང་ལོན་དུས།།
ང་གཟེར་རྒོད་རྟ་རྒོད་རྒྱུག་རྒྱུག།
ང་གཟེར་འབྲིང་ཕུར་བ་བརྡབ་བརྡབ།།
ང་གཟེར་ཆུང་གཡག་རྒོད་ངུར་ངུར།།
སྙིང་དམར་བོ་ལུ་གུ་རྩེ་རྩེ།།
ལུས་དབང་རྒྱུ་མིན་པ་ཤེས་ཀི།
ཚེ་འདི་ཡི་ཟ་སྐལ་ཚར་ཐལ །
ང་སྐྱོང་གི་དྲིན་ཆེན་ཕ་མ།།
ཡིད་སེམས་ལ་ཤར་ནས་ཐོན་ཐལ།།
ངས་ཕ་འབོད་མ་འབོད་བྱས་ནི།།
ངས་ལོས་འབོད་དྲིན་ཆེན་ཕ་མ།།
གཅིག་བོས་རུང་གོ་རྒྱུ་ཆད་ཡོད།།
དྲིན་ཕ་མ་ཁ་ཐག་རིང་གི།
དྲིན་ཆེ་བའི་ཕ་མ་གཉིས་ཀ།
ཚེ་འདི་ནས་དྲིན་ལན་མ་འཇལ།།
དྲིན་ཕ་མའི་སེམས་ལ་མ་གནོད།།
ཚེ་འདི་ནས་ངོ་ཐུག་མེད་ཀི།
ངོ་མ་ཐུག་ནངས་མོ་ཞིག་ལ།།
ང་ཟླ་བཟང་སེམས་ལ་མ་འཛིན།།
མིག་ཁྲ་རིལ་མཆི་མ་མ་གཏོར།།
རང་མ་གཏོར་ཟེར་ནི་མིན་ད།།
ངའི་རྣམ་ཤེས་སྦྲང་མ་འདྲ་མོ།
ཞིང་བདེ་བ་ཅན་ལ་འགྲོ་དུས།།
ང་འགྲོ་སའི་ལམ་ཁའི་དགྲ་རེད།།
ང་བསམ་དབང་དྲན་དབང་མེད་ལ།།
ངའི་ཕྱི་སྲོག་ཆད་ནས་བུད་ཐལ།།
ངའི་ནང་སྲོག་རྟ་རྔ་འདྲ་མོ།།
གཅིག་མ་ཆད་ཉི་མར་སྒུག་ཡོད།།
ཕོ་བཟང་པོ་ཉི་མ་ཚེ་རིང་།།
ངས་སྒུག་རུང་ཐོན་ས་མེད་ཀི།
ཚེ་འདི་ཡི་ཟ་སྐལ་ཚར་ཐལ།།
ཚེ་ཕྱི་མའི་ཡུལ་ལ་འགྲོ་དགོས།།
འགྲོ་དགོས་ནོ་སྔོན་གི་ལས་རེད།།
ངའི་རྣམ་ཤེས་སྦྲང་མ་འདྲ་བོ།
ཕྱི་བར་དོའི་ལམ་དུ་ཕྱིན་དུས།།
ཞེ་ཕྱིར་ལ་རོགས་ལོར་ཆགས་ཡོད།།
ངའི་རྣམ་ཤེས་སྦྲང་མ་འདྲ་བོ།།
སྡེ་ཏཱ་ནའི་སྟོད་ལ་སོང་ནས།།
ངའི་རོགས་ལོའི་སྔས་མགོའི་ཐོག་ནས།།
སེམས་ཕྱུངས་ནས་ཚིག་གསུམ་བཤད་ན།།
ཕྱིར་འཁོར་ནས་ཚིག་ལན་མེད་ཀི།
འདང་བརྒྱབ་ན་ཚིག་ལན་ཆད་ཡོད།།
ཚེ་འདི་ཕྱི་གཉིས་ཀའི་བར་རེད།།
རོགས་ཉི་མ་འཇིག་རྟེན་ཁམས་རེད།
མ་ང་ཚོ་བར་དོའི་འཕྲང་རེད །
ཨ་ཤི་རེ་ཞེ་རེ་སྨྲེང་གི།
ཞེ་སྨྲེང་རུང་གང་གི་ཡུལ་རེད།།

སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་གཉིས་ཀྱིས་བསྡུས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།