ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(5)
འདི་བྱ་བྱེའུ་འབའ་འབུར་གནོད་ཐལ།
དུ་འཐེན་པའི་ཞོར་ལ་བལྟས་ན།།
ངའི་རོགས་ཀི་སྒོ་ཁའི་ཐད་ན།།
སྡེ་ཧོར་གཙང་ཁོག་གི་མ་ལོ།།
ངའི་རོགས་ཀི་སྙིང་གྲོགས་བཟང་པོ།།
མ་བཟང་མོ་ཟླ་དཀར་ཚེ་སྒྲོན།།
ཕོ་ང་ཚོའི་རྩིབ་ལ་ཐོན་ཐལ།།
ཕོ་ང་ཚོས་དེ་ལ་དྲིས་དུས།།
མ་བཟང་མོ་ཟླ་དཀར་ཚེ་སྒྲོན།།
མགོ་བླ་རི་ཇེ་དམར་བཏང་ནས།།
མིག་ཁྲ་རིལ་མཆི་མ་འཁོར་ནས།།
ངག་སྐད་མགོ་ཇེ་དམའ་བཏང་ནས།།
ཁྱོའི་རོགས་ལོ་མ་འཚམ་ཟེར་གི།
ཨ་ཤི་རེ་ཞེ་རེ་སྨྲེང་གི།
ཞེ་སྨྲེང་རུང་གང་གི་གང་རེད།།
ཞེ་སྣང་བ་མཐུན་གི་རོགས་ལོ།།
འདང་ཞེ་རྩིས་ཅན་གི་མ་ལོ།།
ངོ་མ་ཐུག་ཕྱི་མར་བུད་སོང་།།
ཨ་ཤི་རེ་རོགས་ལོ་སྙིང་རྗེ།།
སེམས་ཁྲ་མོ་ཁོ་ཐག་ཆད་ཐལ།།
ངའི་ཡ་ཆུང་གངས་དཀར་སེམས་ནས།།
མེ་མེད་ལ་ཚ་ཞིག་ལངས་ཀི།
སྤྲིན་མེད་ལ་སྨུག་ཅིག་འཐིབ་ཀི།
ངའི་ཁྲ་རིལ་མིག་གི་ནང་ནས།།
ཆུ་མེད་ལ་གཙང་པོ་བཞུར་གི།
ང་སྡེ་བའི་མཐའ་ལ་ཐོན་དུས།།
ཕོ་ཆེ་ཆུང་ལམ་ནས་ཐུག་ཐལ།།
འདི་ཅི་ཡིན་གང་ཡིན་དྲིས་ན།།
རོགས་དགའ་ལོ་ཟླ་བཟང་སྒྲོལ་མ།།
ལུས་མ་འཚམ་བེམ་པོ་སྐྱེལ་ཟེར།།
ངས་སྡེ་བའི་རྒན་པར་དྲིས་ནས།།
ངས་འགྲོ་རོགས་བྱེད་རྒྱུ་ཟེར་དུས།།
འགྲོ་མི་ཉན་ས་ཕྱོགས་མི་གཅིག།
མོའི་རྣམ་ཤེས་གནོད་ལ་ཟེར་གི།
ངས་ཁ་ཡ་ན་ཟླར་དྲིས་ནས།།
ངས་འགྲོ་རོགས་བྱེད་ལ་ཟེར་ན།།
འགྲོ་མི་ཉན་ཚོ་བ་མི་གཅིག།
མོའི་རྩེ་རོགས་མ་རེད་ཟེར་གི།
ཡིད་ཁོ་ཐག་ཆད་ནས་བུད་ཐལ།།
འགྲོ་གོམ་གསུམ་སྤོ་རྒྱུ་མ་བྱུང་།།
ངས་ཡང་ཡང་བེམ་སྐྱེལ་བཤད་ལ།།
སྨན་ཟླ་བཟང་སྒྲོལ་མའི་བེམ་པོ།།
རི་མཐོ་སའི་རྩེ་ལ་མ་འཇོག།
རི་མཐོ་སར་བྱ་བྱེའུ་འཁོར་གི།
འཁོར་སོང་ན་རྣམ་ཤེས་གནོད་ལ།།
ཡང་ལུང་གསུམ་མདོ་ལ་མ་འཇོག།
ལུང་སུམ་མདོའི་ཆུ་སྒྲ་ཆེ་གི།
སྐྲག་སོང་ན་རྣམ་ཤེས་གནོད་ལ།།
ཡང་རི་གསུམ་སྐེད་ལ་མ་འཇོག།
རྫ་རི་སྐེད་གཅན་གཟན་འཁོར་གི།
འཁོག་སོང་ན་རྣམ་ཤེས་གནོད་ལ།
དགུང་ཉི་རྩེ་ས་ལ་བརྒྱབ་ཐལ།།
ངས་རོགས་ལོའི་བེམ་སྐྱེལ་སྒུག་ཡོད།།
བེམ་འཇོག་སའི་ས་ཕྱོགས་དྲིས་ན།།
ལ་མཐོན་པོའི་སྒང་ཞིག་སྟོན་ཀི།
དེར་དམར་པོ་བྲག་ཅིག་རིག་ནོ།།
ས་གན་གི་ཕར་ནང་ཟེར་གི།
ང་གཡུ་ལོ་འདོ་བར་ཞོན་ནས།།
ས་དེ་ཕྱོགས་ས་ལ་སོང་ང་།།
ངའི་དང་མའི་རོགས་ལོ་མེད་ཀི།
ཨ་ཤུ་རེ་ཞེ་རེ་སྨྲེང་གི།
ཤ་རུས་པ་དུང་དཀར་འདྲ་མོ།།
རྒོད་ཐང་དཀར་གན་གི་ལྟོ་རེད།།
ལྟོ་བཀང་ནས་དགུང་ལ་འཕུར་ཐལ།།
རོགས་ཟླ་བཟང་རིག་རྒྱུ་མེད་ཀི།
ལུས་ཤ་ཁྲག་འོ་མ་འདྲ་མོ།།
བྱ་ཕོ་རོག་གན་གི་སྐོམ་རེད།།
སྐོམ་བསལ་ནས་ནམ་འཕང་བཅད་ཐལ།།
རོགས་ཟེར་ནས་རིག་རྒྱུ་མེད་ཀི།
ཁའི་དུང་སོ་སུམ་ཅུ་ཐམ་པ།།
ལྷན་ཅིག་ཏུ་ས་ལ་འཐོར་ཡོད།།
ཁའི་དུང་སོ་མིན་པས་མེད་ཀི།
ཁའི་དུང་སོ་རུམ་ལ་བཅུག་ནས།།
སྐྲ་ལན་བུ་རུམ་ལ་བཅུག་ནས།།
རོགས་ཡོད་པའི་བསམ་པ་བཟུང་ནས།།
དགོང་སྔ་དྲོར་རང་སེམས་གསོས་ན།།
དགོང་ཕྱི་དྲོར་རང་སེམས་སྨྲེང་གི།
སྨན་བཟང་མོ་ཟླ་བཟང་སྒྲོལ་མ།།
ཁྱོའི་རྣམ་ཤེས་སྦྲང་མ་འདྲ་བོ།།
ས་འདི་ཕྱོགས་ས་ན་ཨེ་ཡོད།།
ས་འདི་ཕྱོགས་ས་ན་ཡོད་ན།།
ཁྱོད་གོམ་གསུམ་ཕར་ལ་མ་འགྲོ།
ཚུར་འཁོར་ནས་ཚིག་ལ་ཉོན་དང་།།
ངའི་མགོ་གི་ཟི་ལིང་ཝ་ཞྭ།།
ཟླ་གཅིག་ལ་མ་གཏོགས་མ་གོན།།
ངས་མི་གོན་ཕུད་ནས་ཁྱོད་སྟེར།།
ངའི་མགོ་ན་ཡོད་ནོ་འདི་རེད།།
ཁྱོད་ཐོབ་པ་ཡོད་ནོ་དེ་རེད།
ངའི་ལུས་ཀི་གོས་ཆེན་འབྲུག་མ།།
ཟླ་གཅིག་ལ་མ་གཏོགས་མ་གོན།།
ངས་མི་གོན་ཕུད་ནས་ཁྱོད་སྟེར།།
ངའི་རྒྱབ་ན་ཡོད་ནོ་འདི་རེད།།
ཁྱོད་ཐོབ་པ་ཡོད་ནོ་དེ་རེད།།
ངའི་རྐང་གི་ཀོ་ནག་འཇུར་རྟ།།
ཟླ་གཅིག་ལ་མ་གཏོགས་མ་གོན།།
ངས་མི་གོན་ཕུད་ནས་ཁྱོད་སྟེར།།
ངའི་རྐང་ན་ཡོད་ནོ་འདི་རེད།།
ཁྱོད་ཐོབ་པ་ཡོད་ནོ་དེ་རེད།།
སྨན་ཟླ་བཟང་སྒྲོལ་མ་ལོ་ལོ།
ངའི་ཕྱོགས་ལ་དྲན་གིན་མ་འདུག།
རང་མ་དྲན་ཟེར་ནི་མིན་ལ།།
སེམས་སྨྲེང་བ་སྐྱེས་པའི་གཞི་རེད།།
རོགས་ཟླ་བཟང་ཁྱོད་ཀྱི་རྣམ་ཤེས།།
མ་ཁྱོད་ལ་རང་དབང་ཨེ་ཡོད།།
མ་ཁྱོད་ལ་རང་དབང་ཡོད་ན།།
སང་ནངས་མོའི་ད་ཚོད་བར་ལ།།
ཁྱོད་མི་ལུས་མ་ཐོབ་བར་དུ།།
ངས་ལྷ་ངོ་ཞིག་ལ་མི་རེ།
ངས་མི་ངོ་ཞིག་ལ་མི་བལྟ།།
དེ་མིན་ན་དཀོན་མཆོག་གསུམ་པོ།།
ང་གཡུ་ལོ་འདོ་བར་ཞོན་ནས།།
སྡེ་ཧོར་གཙང་ཁོག་ལ་ཐོན་དུས།།
ངའི་རོགས་ལོའི་ཕ་ལོ་གན་གིས།།
མགོ་བླ་རི་ཀ་ལ་ཀ་རྡེབ།།
ཤིང་གསོན་དཀར་ལན་ནི་མ་རེད།།
ངའི་རོགས་ལོའི་མ་ལོ་གན་གིས།།
མགོ་བླ་རི་གྱང་ལ་གྱང་རྡེབ།།
གྱང་སྐྱ་རིང་ལན་ནི་མ་རེད།།
སེམས་ཞེ་སྡང་དབང་གིས་ཁྱེར་ནས།།
རོགས་ངེད་གཉིས་ཁ་ཁར་བཏང་ཐལ།།
དུ་འཐེན་པའི་ཞོར་ལ་བལྟས་ན།།
ངའི་རོགས་ཀི་སྒོ་ཁའི་ཐད་ན།།
སྡེ་ཧོར་གཙང་ཁོག་གི་མ་ལོ།།
ངའི་རོགས་ཀི་སྙིང་གྲོགས་བཟང་པོ།།
མ་བཟང་མོ་ཟླ་དཀར་ཚེ་སྒྲོན།།
ཕོ་ང་ཚོའི་རྩིབ་ལ་ཐོན་ཐལ།།
ཕོ་ང་ཚོས་དེ་ལ་དྲིས་དུས།།
མ་བཟང་མོ་ཟླ་དཀར་ཚེ་སྒྲོན།།
མགོ་བླ་རི་ཇེ་དམར་བཏང་ནས།།
མིག་ཁྲ་རིལ་མཆི་མ་འཁོར་ནས།།
ངག་སྐད་མགོ་ཇེ་དམའ་བཏང་ནས།།
ཁྱོའི་རོགས་ལོ་མ་འཚམ་ཟེར་གི།
ཨ་ཤི་རེ་ཞེ་རེ་སྨྲེང་གི།
ཞེ་སྨྲེང་རུང་གང་གི་གང་རེད།།
ཞེ་སྣང་བ་མཐུན་གི་རོགས་ལོ།།
འདང་ཞེ་རྩིས་ཅན་གི་མ་ལོ།།
ངོ་མ་ཐུག་ཕྱི་མར་བུད་སོང་།།
ཨ་ཤི་རེ་རོགས་ལོ་སྙིང་རྗེ།།
སེམས་ཁྲ་མོ་ཁོ་ཐག་ཆད་ཐལ།།
ངའི་ཡ་ཆུང་གངས་དཀར་སེམས་ནས།།
མེ་མེད་ལ་ཚ་ཞིག་ལངས་ཀི།
སྤྲིན་མེད་ལ་སྨུག་ཅིག་འཐིབ་ཀི།
ངའི་ཁྲ་རིལ་མིག་གི་ནང་ནས།།
ཆུ་མེད་ལ་གཙང་པོ་བཞུར་གི།
ང་སྡེ་བའི་མཐའ་ལ་ཐོན་དུས།།
ཕོ་ཆེ་ཆུང་ལམ་ནས་ཐུག་ཐལ།།
འདི་ཅི་ཡིན་གང་ཡིན་དྲིས་ན།།
རོགས་དགའ་ལོ་ཟླ་བཟང་སྒྲོལ་མ།།
ལུས་མ་འཚམ་བེམ་པོ་སྐྱེལ་ཟེར།།
ངས་སྡེ་བའི་རྒན་པར་དྲིས་ནས།།
ངས་འགྲོ་རོགས་བྱེད་རྒྱུ་ཟེར་དུས།།
འགྲོ་མི་ཉན་ས་ཕྱོགས་མི་གཅིག།
མོའི་རྣམ་ཤེས་གནོད་ལ་ཟེར་གི།
ངས་ཁ་ཡ་ན་ཟླར་དྲིས་ནས།།
ངས་འགྲོ་རོགས་བྱེད་ལ་ཟེར་ན།།
འགྲོ་མི་ཉན་ཚོ་བ་མི་གཅིག།
མོའི་རྩེ་རོགས་མ་རེད་ཟེར་གི།
ཡིད་ཁོ་ཐག་ཆད་ནས་བུད་ཐལ།།
འགྲོ་གོམ་གསུམ་སྤོ་རྒྱུ་མ་བྱུང་།།
ངས་ཡང་ཡང་བེམ་སྐྱེལ་བཤད་ལ།།
སྨན་ཟླ་བཟང་སྒྲོལ་མའི་བེམ་པོ།།
རི་མཐོ་སའི་རྩེ་ལ་མ་འཇོག།
རི་མཐོ་སར་བྱ་བྱེའུ་འཁོར་གི།
འཁོར་སོང་ན་རྣམ་ཤེས་གནོད་ལ།།
ཡང་ལུང་གསུམ་མདོ་ལ་མ་འཇོག།
ལུང་སུམ་མདོའི་ཆུ་སྒྲ་ཆེ་གི།
སྐྲག་སོང་ན་རྣམ་ཤེས་གནོད་ལ།།
ཡང་རི་གསུམ་སྐེད་ལ་མ་འཇོག།
རྫ་རི་སྐེད་གཅན་གཟན་འཁོར་གི།
འཁོག་སོང་ན་རྣམ་ཤེས་གནོད་ལ།
དགུང་ཉི་རྩེ་ས་ལ་བརྒྱབ་ཐལ།།
ངས་རོགས་ལོའི་བེམ་སྐྱེལ་སྒུག་ཡོད།།
བེམ་འཇོག་སའི་ས་ཕྱོགས་དྲིས་ན།།
ལ་མཐོན་པོའི་སྒང་ཞིག་སྟོན་ཀི།
དེར་དམར་པོ་བྲག་ཅིག་རིག་ནོ།།
ས་གན་གི་ཕར་ནང་ཟེར་གི།
ང་གཡུ་ལོ་འདོ་བར་ཞོན་ནས།།
ས་དེ་ཕྱོགས་ས་ལ་སོང་ང་།།
ངའི་དང་མའི་རོགས་ལོ་མེད་ཀི།
ཨ་ཤུ་རེ་ཞེ་རེ་སྨྲེང་གི།
ཤ་རུས་པ་དུང་དཀར་འདྲ་མོ།།
རྒོད་ཐང་དཀར་གན་གི་ལྟོ་རེད།།
ལྟོ་བཀང་ནས་དགུང་ལ་འཕུར་ཐལ།།
རོགས་ཟླ་བཟང་རིག་རྒྱུ་མེད་ཀི།
ལུས་ཤ་ཁྲག་འོ་མ་འདྲ་མོ།།
བྱ་ཕོ་རོག་གན་གི་སྐོམ་རེད།།
སྐོམ་བསལ་ནས་ནམ་འཕང་བཅད་ཐལ།།
རོགས་ཟེར་ནས་རིག་རྒྱུ་མེད་ཀི།
ཁའི་དུང་སོ་སུམ་ཅུ་ཐམ་པ།།
ལྷན་ཅིག་ཏུ་ས་ལ་འཐོར་ཡོད།།
ཁའི་དུང་སོ་མིན་པས་མེད་ཀི།
ཁའི་དུང་སོ་རུམ་ལ་བཅུག་ནས།།
སྐྲ་ལན་བུ་རུམ་ལ་བཅུག་ནས།།
རོགས་ཡོད་པའི་བསམ་པ་བཟུང་ནས།།
དགོང་སྔ་དྲོར་རང་སེམས་གསོས་ན།།
དགོང་ཕྱི་དྲོར་རང་སེམས་སྨྲེང་གི།
སྨན་བཟང་མོ་ཟླ་བཟང་སྒྲོལ་མ།།
ཁྱོའི་རྣམ་ཤེས་སྦྲང་མ་འདྲ་བོ།།
ས་འདི་ཕྱོགས་ས་ན་ཨེ་ཡོད།།
ས་འདི་ཕྱོགས་ས་ན་ཡོད་ན།།
ཁྱོད་གོམ་གསུམ་ཕར་ལ་མ་འགྲོ།
ཚུར་འཁོར་ནས་ཚིག་ལ་ཉོན་དང་།།
ངའི་མགོ་གི་ཟི་ལིང་ཝ་ཞྭ།།
ཟླ་གཅིག་ལ་མ་གཏོགས་མ་གོན།།
ངས་མི་གོན་ཕུད་ནས་ཁྱོད་སྟེར།།
ངའི་མགོ་ན་ཡོད་ནོ་འདི་རེད།།
ཁྱོད་ཐོབ་པ་ཡོད་ནོ་དེ་རེད།
ངའི་ལུས་ཀི་གོས་ཆེན་འབྲུག་མ།།
ཟླ་གཅིག་ལ་མ་གཏོགས་མ་གོན།།
ངས་མི་གོན་ཕུད་ནས་ཁྱོད་སྟེར།།
ངའི་རྒྱབ་ན་ཡོད་ནོ་འདི་རེད།།
ཁྱོད་ཐོབ་པ་ཡོད་ནོ་དེ་རེད།།
ངའི་རྐང་གི་ཀོ་ནག་འཇུར་རྟ།།
ཟླ་གཅིག་ལ་མ་གཏོགས་མ་གོན།།
ངས་མི་གོན་ཕུད་ནས་ཁྱོད་སྟེར།།
ངའི་རྐང་ན་ཡོད་ནོ་འདི་རེད།།
ཁྱོད་ཐོབ་པ་ཡོད་ནོ་དེ་རེད།།
སྨན་ཟླ་བཟང་སྒྲོལ་མ་ལོ་ལོ།
ངའི་ཕྱོགས་ལ་དྲན་གིན་མ་འདུག།
རང་མ་དྲན་ཟེར་ནི་མིན་ལ།།
སེམས་སྨྲེང་བ་སྐྱེས་པའི་གཞི་རེད།།
རོགས་ཟླ་བཟང་ཁྱོད་ཀྱི་རྣམ་ཤེས།།
མ་ཁྱོད་ལ་རང་དབང་ཨེ་ཡོད།།
མ་ཁྱོད་ལ་རང་དབང་ཡོད་ན།།
སང་ནངས་མོའི་ད་ཚོད་བར་ལ།།
ཁྱོད་མི་ལུས་མ་ཐོབ་བར་དུ།།
ངས་ལྷ་ངོ་ཞིག་ལ་མི་རེ།
ངས་མི་ངོ་ཞིག་ལ་མི་བལྟ།།
དེ་མིན་ན་དཀོན་མཆོག་གསུམ་པོ།།
ང་གཡུ་ལོ་འདོ་བར་ཞོན་ནས།།
སྡེ་ཧོར་གཙང་ཁོག་ལ་ཐོན་དུས།།
ངའི་རོགས་ལོའི་ཕ་ལོ་གན་གིས།།
མགོ་བླ་རི་ཀ་ལ་ཀ་རྡེབ།།
ཤིང་གསོན་དཀར་ལན་ནི་མ་རེད།།
ངའི་རོགས་ལོའི་མ་ལོ་གན་གིས།།
མགོ་བླ་རི་གྱང་ལ་གྱང་རྡེབ།།
གྱང་སྐྱ་རིང་ལན་ནི་མ་རེད།།
སེམས་ཞེ་སྡང་དབང་གིས་ཁྱེར་ནས།།
རོགས་ངེད་གཉིས་ཁ་ཁར་བཏང་ཐལ།།
སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་ཀྱིས་བསྡུས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།