ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(6)

སྡེ་ཏཱ་ནའི་སྟོད་ཀི་ཡུལ་ན།།
ཡང་རྟ་ར་གོང་མའི་ནང་ན།།
རྟ་བཅད་ནས་འབུལ་རྒྱུ་ཡོད་རུང་།།
ངའི་ཨ་ཕ་ཁ་ཆེན་དབང་ཆེན།།
ང་ཉི་མ་ཁ་ཆུང་དབང་ཆུང་།།
དབང་ཆུང་རུང་བསྔོ་རྟ་ལོས་འབུལ།།
ཡང་མཛོ་ར་གོང་མའི་ནང་ན།།
མཛོ་བཅད་ནས་འབུལ་རྒྱུ་ཡོད་རུང་།།
ངའི་ཨ་མ་ཁ་ཆེན་དབང་ཆེན།།
ང་ཉི་མ་ཁ་ཆུང་དབང་ཆུང་།།
དབང་ཆུང་རུང་ཉི་མར་ཐབས་ཡོད།
འབྲི་བཅུ་ཡི་བཞོ་མ་ལེན་ན།།
འབྲི་ཐུལ་མའི་འོ་མ་བཞོས་ནས།།
ངས་འབྲི་མར་སེར་པོ་དཀྲུགས་ཏེ།།
ཚེ་གང་གི་ཚེ་འབར་ངས་འཇོག།
ལྷ་བླ་མར་གསོལ་བ་ངས་འདེབས།།
ཡར་དཀོན་མཆོག་མཆོད་པ་ངས་འབུལ།།
མར་དབུལ་ཕོངས་སྦྱིན་པ་ངས་གཏོང་།།
དགོན་གྲྭ་མང་མང་ཇ་ངས་བསྐོལ།།
དེ་ཁས་ལེན་དམ་བཅའ་ངས་བྱས།།
ས་ཧོར་གཙང་ཁོག་གི་ཟླ་བཟང་།
སྡེ་ཏཱ་ནའི་སྟོད་ཀི་ཉི་མ།།
ཚེ་གཞུག་མ་ཁྱིམ་གཅིག་སྐྱེས་ནས།།
ཚེ་གང་པོར་འཚོ་བ་མཉམ་སྐྱོང་།།
དེའི་སྨོན་ལམ་ཉི་མ་ངས་བཏབ།།
ཕྱིར་འཁོར་ནས་ཡུལ་ལ་ཡོང་བ།།
མཁར་སྐྱ་མོའི་སྒོ་ཁར་ཐོན་དུས།།
ཁྱིམ་ཆུང་མ་སྒྲོལ་མ་གན་གིས།
ངའི་རྟ་ཁ་སྔོན་ནས་ལེན་གི།
ཡང་གཡས་བསུ་གཡོན་བསུ་བྱེད་ཀི།
ཁ་ཡར་འཁོར་ཤིང་ཁང་ཁྱམས་ཀི།
འདི་གསོམ་དཀར་རྒྱུག་གི་འོག་ནས།།
ཡང་གསོམ་དམར་མཐིལ་ཤིང་སྟེང་ལ།།
བལ་དཀར་པོའི་གདན་ཞིག་འདིང་གི།
ཡང་ཙན་དན་སྡེར་མའི་ནང་ལ།།
འདི་སྦྲང་དཀར་རྩམ་པ་བླངས་ནས།།
ད་དཀར་ཡོལ་འབྲུག་རིས་ནང་ལ།།
ཡང་འབྲི་མར་སེར་པོ་འཕངས་ནས།།
ཇ་འོ་མ་ཅན་པོ་བླུགས་ནས།།
ངར་ད་ཟོ་ད་འཐུང་ཟེར་གི།
རོགས་ཟླ་བཟང་ཡིད་ལ་དྲན་ན།།
ཟ་མ་དགོས་དངན་པ་ཤོར་གི།
ངའི་ཆུང་མ་སྒྲོལ་མ་གན་གིས།།
མ་ཟླ་བཟང་ཟེར་ནས་འདྲི་གི།
རོགས་ཆུང་ལོའི་ལོ་རབས་མ་བཤད།།
ཟས་ཟ་ཁ་འཐུང་ཁ་དྲན་ན།།
ངའི་ལག་གི་དཀར་ཡོལ་ལྷུང་གི།
ངས་འགྲོ་ཁ་འདུག་ཁ་དྲན་ན།།
ང་སོང་སའི་གོམ་པ་འཁྱོར་གི།
ངས་ཉལ་ཁ་ལངས་ཁ་དྲན་ན།།
ཡང་ཁ་ནས་ཤུགས་རིང་འཆོར་གི།
ངའི་ཆུང་མ་སྒྲོལ་མ་གན་གིས།།
སེམས་ཟིན་པའི་ཚིག་གསུམ་བཤད་ཀི།
རོགས་དྲན་ནས་ཁ་ན་ཅི་ཡོད།།
ཕོ་ཁྱོད་ཚོར་རེ་བཞག་ཡོད་ན།།
མ་ཟླ་བཟང་རང་དབང་ཡོད་ན།།
མ་ང་ཚོའི་ཡིད་སེམས་དྲང་ན།།
ཁྱོད་འུ་གཉིས་ཁྱིམ་ནས་ལོས་སྐྱེས།
ལྷ་བླ་མར་གསོལ་བ་ཐོབས་དང་།།
ཡར་དཀོན་མཆོག་མཆོད་པ་ཕུལ་དང་།།
མར་དབུལ་ཕོངས་སྦྱིན་པ་ཐོངས་དང་།།
ཆོས་དགེ་བ་ཡོད་པ་བསྒྲུབ་ན།།
མོའི་རྣམ་ཤེས་སྦྲང་མ་འདྲ་མོ།།
ང་ཟེར་ནས་འཁོར་རེ་ལོས་ཡོང་།།
ངའི་ཆུང་མ་སྒྲོལ་མ་གན་གིས།།
ཤིང་དཀར་པོའི་བཞོ་ཟེའུ་ནང་ལ།།
འབྲི་ཐུལ་མའི་འོ་མ་བཞོས་ནས།།
ཤིང་དམར་པོའི་འོ་ཟོའི་ནང་ལ།།
ཡང་འབྲི་མར་སེར་པོ་དཀྲུགས་ནས།།
དངུལ་དཀར་པོའི་རྐོང་བུའི་ནང་ལ།།
མར་སེར་པོའི་མཆོད་མེ་བཞག་ནས།།
ལྷ་བླ་མར་གསོལ་བ་འདེབས་ཀི།
ངའི་ཆུང་མ་སྒྲོལ་མ་འདི་ལ།།
སྔོན་བསམ་པ་དྲང་ནོ་མ་ཤེས།།
མོས་ཚིག་གསུམ་འདི་ལྟར་བཤད་ན།།
སྔོན་རང་གི་ལས་པ་དྲན་གི།
འདི་དྲན་ན་ཡིད་སེམས་སྐྱོ་གི།
ཡང་དེ་ནས་ལོ་གཅིག་འགོར་དུས།།
འདི་ཉིན་དཀར་བལྟས་པའི་རྟགས་མཚན།།
ཡང་ནུབ་མོ་རྨིས་པའི་རྨི་ལམ།།
དོན་གང་གི་ཕྱོགས་ནས་བསྡུར་ན།།
ངའི་རོགས་ལོ་ཟླ་བཟང་སྒྲོལ་མ།།
སེམས་བསམ་པ་དཀར་པོས་དྲངས་ནས།།
མོའི་རྣམ་ཤེས་སྦྲང་མ་འདྲ་མོ།
སྡེ་ཏཱ་ནའི་སྟོད་ལ་འཁོར་ཡོད།།
ལོ་འདི་ཡི་ཟླ་བ་བཞི་པ།།
ཟླ་བཞི་པའི་བཅོ་ལྔའི་ཉི་མར།།
ཁྱིམ་ཆུང་མར་བུ་ཞིག་སྐྱེས་ཐལ།།
ངའི་སེམས་ལ་དགའ་སྤྲོ་སྐྱེས་ནས།།
ལྷ་བླ་མར་ལུང་བསྟན་ཞུས་ནི།།
ལག་རྩིས་ལྡན་ཅན་གི་བླ་མས།།
ངའི་བུ་ལོར་མིང་ཞིག་འདོག་གི།
བུའི་མིང་ལ་ཟླ་བཟང་དོན་གྲུབ།།
རྟགས་རྟེན་འབྲེལ་མ་བསྒྲིགས་རང་འགྲིག།
ངའི་བསམ་པའི་འདོད་དོན་འགྲུབ་སོང་།།
ངེད་གཉིས་ཀའི་གཅེས་ཕྲུག་དམར་ཕྲུག།
ཚེ་གང་གི་ཁ་གསོ་ཁྱོད་ཡིན།།
ཟས་ཀ་ར་བུ་རམ་ཟོ་ལ།།
གོས་ལུག་ཆུང་ཚ་རུ་གོན་ནས།
རྟ་གྲོ་གཞིར་འདོ་བར་ཞོན་ནས།།
བོའུ་ཁྲ་རིང་མ་བོ་ཁུར་ནས།།
ང་ཕ་ཤུལ་བུ་ཡིས་འཛིན་པ།།
བུ་ཟླ་བཟང་དོན་གྲུབ་ཁྱོད་ཡིན།།
ཞེ་བསམ་པའི་གངས་དཀར་སེམས་ན།།
སྐྱིད་ཆེ་བའི་སྐྱིད་གཏམ་མི་བཤད།།
སྡུག་ཆེ་བའི་སྡུག་གཏམ་བཤད་ན།
ཚེ་གང་པོར་བརྗེད་རྒྱུ་ཆད་ཡོད།།

      1991ལོའི་ཟླ་བདུན་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ》ཞེས་པ་ལས་བཏུས།

སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་ཀྱིས་བསྡུས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཏཱ་ནའི་སྟོད་དང་ཧོར་གཙང་ཁོག(6)

སྡེ་ཏཱ་ནའི་སྟོད་ཀི་ཡུལ་ན།།
ཡང་རྟ་ར་གོང་མའི་ནང་ན།།
རྟ་བཅད་ནས་འབུལ་རྒྱུ་ཡོད་རུང་།།
ངའི་ཨ་ཕ་ཁ་ཆེན་དབང་ཆེན།།
ང་ཉི་མ་ཁ་ཆུང་དབང་ཆུང་།།
དབང་ཆུང་རུང་བསྔོ་རྟ་ལོས་འབུལ།།
ཡང་མཛོ་ར་གོང་མའི་ནང་ན།།
མཛོ་བཅད་ནས་འབུལ་རྒྱུ་ཡོད་རུང་།།
ངའི་ཨ་མ་ཁ་ཆེན་དབང་ཆེན།།
ང་ཉི་མ་ཁ་ཆུང་དབང་ཆུང་།།
དབང་ཆུང་རུང་ཉི་མར་ཐབས་ཡོད།
འབྲི་བཅུ་ཡི་བཞོ་མ་ལེན་ན།།
འབྲི་ཐུལ་མའི་འོ་མ་བཞོས་ནས།།
ངས་འབྲི་མར་སེར་པོ་དཀྲུགས་ཏེ།།
ཚེ་གང་གི་ཚེ་འབར་ངས་འཇོག།
ལྷ་བླ་མར་གསོལ་བ་ངས་འདེབས།།
ཡར་དཀོན་མཆོག་མཆོད་པ་ངས་འབུལ།།
མར་དབུལ་ཕོངས་སྦྱིན་པ་ངས་གཏོང་།།
དགོན་གྲྭ་མང་མང་ཇ་ངས་བསྐོལ།།
དེ་ཁས་ལེན་དམ་བཅའ་ངས་བྱས།།
ས་ཧོར་གཙང་ཁོག་གི་ཟླ་བཟང་།
སྡེ་ཏཱ་ནའི་སྟོད་ཀི་ཉི་མ།།
ཚེ་གཞུག་མ་ཁྱིམ་གཅིག་སྐྱེས་ནས།།
ཚེ་གང་པོར་འཚོ་བ་མཉམ་སྐྱོང་།།
དེའི་སྨོན་ལམ་ཉི་མ་ངས་བཏབ།།
ཕྱིར་འཁོར་ནས་ཡུལ་ལ་ཡོང་བ།།
མཁར་སྐྱ་མོའི་སྒོ་ཁར་ཐོན་དུས།།
ཁྱིམ་ཆུང་མ་སྒྲོལ་མ་གན་གིས།
ངའི་རྟ་ཁ་སྔོན་ནས་ལེན་གི།
ཡང་གཡས་བསུ་གཡོན་བསུ་བྱེད་ཀི།
ཁ་ཡར་འཁོར་ཤིང་ཁང་ཁྱམས་ཀི།
འདི་གསོམ་དཀར་རྒྱུག་གི་འོག་ནས།།
ཡང་གསོམ་དམར་མཐིལ་ཤིང་སྟེང་ལ།།
བལ་དཀར་པོའི་གདན་ཞིག་འདིང་གི།
ཡང་ཙན་དན་སྡེར་མའི་ནང་ལ།།
འདི་སྦྲང་དཀར་རྩམ་པ་བླངས་ནས།།
ད་དཀར་ཡོལ་འབྲུག་རིས་ནང་ལ།།
ཡང་འབྲི་མར་སེར་པོ་འཕངས་ནས།།
ཇ་འོ་མ་ཅན་པོ་བླུགས་ནས།།
ངར་ད་ཟོ་ད་འཐུང་ཟེར་གི།
རོགས་ཟླ་བཟང་ཡིད་ལ་དྲན་ན།།
ཟ་མ་དགོས་དངན་པ་ཤོར་གི།
ངའི་ཆུང་མ་སྒྲོལ་མ་གན་གིས།།
མ་ཟླ་བཟང་ཟེར་ནས་འདྲི་གི།
རོགས་ཆུང་ལོའི་ལོ་རབས་མ་བཤད།།
ཟས་ཟ་ཁ་འཐུང་ཁ་དྲན་ན།།
ངའི་ལག་གི་དཀར་ཡོལ་ལྷུང་གི།
ངས་འགྲོ་ཁ་འདུག་ཁ་དྲན་ན།།
ང་སོང་སའི་གོམ་པ་འཁྱོར་གི།
ངས་ཉལ་ཁ་ལངས་ཁ་དྲན་ན།།
ཡང་ཁ་ནས་ཤུགས་རིང་འཆོར་གི།
ངའི་ཆུང་མ་སྒྲོལ་མ་གན་གིས།།
སེམས་ཟིན་པའི་ཚིག་གསུམ་བཤད་ཀི།
རོགས་དྲན་ནས་ཁ་ན་ཅི་ཡོད།།
ཕོ་ཁྱོད་ཚོར་རེ་བཞག་ཡོད་ན།།
མ་ཟླ་བཟང་རང་དབང་ཡོད་ན།།
མ་ང་ཚོའི་ཡིད་སེམས་དྲང་ན།།
ཁྱོད་འུ་གཉིས་ཁྱིམ་ནས་ལོས་སྐྱེས།
ལྷ་བླ་མར་གསོལ་བ་ཐོབས་དང་།།
ཡར་དཀོན་མཆོག་མཆོད་པ་ཕུལ་དང་།།
མར་དབུལ་ཕོངས་སྦྱིན་པ་ཐོངས་དང་།།
ཆོས་དགེ་བ་ཡོད་པ་བསྒྲུབ་ན།།
མོའི་རྣམ་ཤེས་སྦྲང་མ་འདྲ་མོ།།
ང་ཟེར་ནས་འཁོར་རེ་ལོས་ཡོང་།།
ངའི་ཆུང་མ་སྒྲོལ་མ་གན་གིས།།
ཤིང་དཀར་པོའི་བཞོ་ཟེའུ་ནང་ལ།།
འབྲི་ཐུལ་མའི་འོ་མ་བཞོས་ནས།།
ཤིང་དམར་པོའི་འོ་ཟོའི་ནང་ལ།།
ཡང་འབྲི་མར་སེར་པོ་དཀྲུགས་ནས།།
དངུལ་དཀར་པོའི་རྐོང་བུའི་ནང་ལ།།
མར་སེར་པོའི་མཆོད་མེ་བཞག་ནས།།
ལྷ་བླ་མར་གསོལ་བ་འདེབས་ཀི།
ངའི་ཆུང་མ་སྒྲོལ་མ་འདི་ལ།།
སྔོན་བསམ་པ་དྲང་ནོ་མ་ཤེས།།
མོས་ཚིག་གསུམ་འདི་ལྟར་བཤད་ན།།
སྔོན་རང་གི་ལས་པ་དྲན་གི།
འདི་དྲན་ན་ཡིད་སེམས་སྐྱོ་གི།
ཡང་དེ་ནས་ལོ་གཅིག་འགོར་དུས།།
འདི་ཉིན་དཀར་བལྟས་པའི་རྟགས་མཚན།།
ཡང་ནུབ་མོ་རྨིས་པའི་རྨི་ལམ།།
དོན་གང་གི་ཕྱོགས་ནས་བསྡུར་ན།།
ངའི་རོགས་ལོ་ཟླ་བཟང་སྒྲོལ་མ།།
སེམས་བསམ་པ་དཀར་པོས་དྲངས་ནས།།
མོའི་རྣམ་ཤེས་སྦྲང་མ་འདྲ་མོ།
སྡེ་ཏཱ་ནའི་སྟོད་ལ་འཁོར་ཡོད།།
ལོ་འདི་ཡི་ཟླ་བ་བཞི་པ།།
ཟླ་བཞི་པའི་བཅོ་ལྔའི་ཉི་མར།།
ཁྱིམ་ཆུང་མར་བུ་ཞིག་སྐྱེས་ཐལ།།
ངའི་སེམས་ལ་དགའ་སྤྲོ་སྐྱེས་ནས།།
ལྷ་བླ་མར་ལུང་བསྟན་ཞུས་ནི།།
ལག་རྩིས་ལྡན་ཅན་གི་བླ་མས།།
ངའི་བུ་ལོར་མིང་ཞིག་འདོག་གི།
བུའི་མིང་ལ་ཟླ་བཟང་དོན་གྲུབ།།
རྟགས་རྟེན་འབྲེལ་མ་བསྒྲིགས་རང་འགྲིག།
ངའི་བསམ་པའི་འདོད་དོན་འགྲུབ་སོང་།།
ངེད་གཉིས་ཀའི་གཅེས་ཕྲུག་དམར་ཕྲུག།
ཚེ་གང་གི་ཁ་གསོ་ཁྱོད་ཡིན།།
ཟས་ཀ་ར་བུ་རམ་ཟོ་ལ།།
གོས་ལུག་ཆུང་ཚ་རུ་གོན་ནས།
རྟ་གྲོ་གཞིར་འདོ་བར་ཞོན་ནས།།
བོའུ་ཁྲ་རིང་མ་བོ་ཁུར་ནས།།
ང་ཕ་ཤུལ་བུ་ཡིས་འཛིན་པ།།
བུ་ཟླ་བཟང་དོན་གྲུབ་ཁྱོད་ཡིན།།
ཞེ་བསམ་པའི་གངས་དཀར་སེམས་ན།།
སྐྱིད་ཆེ་བའི་སྐྱིད་གཏམ་མི་བཤད།།
སྡུག་ཆེ་བའི་སྡུག་གཏམ་བཤད་ན།
ཚེ་གང་པོར་བརྗེད་རྒྱུ་ཆད་ཡོད།།

      1991ལོའི་ཟླ་བདུན་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ཀྱི་དམངས་ཁྲོད་ངག་རྩོམ་ཁུ་བྱུག་མགྲིན་གླུ》ཞེས་པ་ལས་བཏུས།

སྐལ་བཟང་ཚེ་བརྟན་དང་ཚེ་རིང་བཀྲ་ཤིས་ཀྱིས་བསྡུས།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།