རྨ་ཆུའི་པར་ལེན་དུས་ཆེན་སྐབས་གཉིས་པ་རྨ་ཆུ་རྫོང་མཁར་དུ་སྤེལ་འཆར་ཡོད་པ།

རྨ་ཆུའི་པར་ལེན་དུས་ཆེན་གྱི་གོ་སྒྲིག་ཚན་ཆུང་། 琼迈文学网 2025-08-07

  ཟླ་འདིའི་ཕྱི་ཚེས་བཅུ་གསུམ་ཉིན་གྱི་ཟླ་ཚེས་བཟང་པོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་རྨ་ཆུའི་པར་ལེན་དུས་ཆེན་སྐབས་གཉིས་པ་སྤེལ་བའི་གྲ་སྒྲིག་ཚགས་སུ་ཆུད་ཡོད། ཐེངས་འདིའིི་བརྗོད་གཞི་ནི“རྒྱུད་འཛིན”དང“མཐོངས་ལམ”གཉིས་སུ་ཕྱེ་ཡོད་ཅིང་། དེ་པེ་ཅིན་དང་བོད་ལྗོངས། སི་ཁྲོན། ཧྲན་ཞི། ཀན་སུའུ་སོགས་ཡུལ་ལུང་ཁག་གི་པར་ལེན་མཁས་ཅན་ལྔ་བཅུ་ཡས་མས་ཀྱི་པར་རིས་བརྩམས་ཆོས་སུམ་བརྒྱར་ཉེ་བས་གྲུབ་ཡོད། དེ་དག་ནང་བོད་ཡུལ་གྱི་སྣོད་བཅུད་སྐྱེ་ཁམས་དང་དུས་སྐབས་གསར་བའི་ངོ་གདོང་། རིག་གནས་དང་ད་ལྟའི་རྫོགས་ལྡན་དུས་ཀྱི་སྙིང་སྟོབས་མངོན་པར་མཚོན་ཡོད། དེར་བཀྲ་ཤིས་ཚེ་བརྟན་དང་དབང་ཕྱུག་རྡོ་རྗེ་སོགས་བོད་ཀྱི་སྔ་རབས་པར་མཁན་དག་གི་རྩ་ཆེ་བའི་ལོ་རྒྱུས་ཀྱི་པར་རིས་ཡོད་པ་མ་ཟད། པར་མཁན་ཡང་ཡན་ཁེང་དང་། ཉོའུ་ཧུན་ལེ། བང་ཅན་ཅོན། ཀོ་ཅན་ཧྲི། ཅེན་ཕེན་སོགས་ཀྱི་ད་ལྟའི་གནས་བབ་མཚོན་པའི་པར་རིས་བརྩམས་ཆོས་ཀྱང་འདུས། 



    རྨ་ཀླུང་རིང་མོ་བརྗོད་གཞི་བྱས་པའི་པར་རིས་ནི་རྨ་ཆུའི་པར་ལེན་གྱི་གྲུབ་ཆ་གལ་ཆེན་ཞིན་ཡིན། ཐེངས་འདིའི་བྱེད་སྒོའི་ཁྲོད “ ཧྲན་ཞིའི་པར་མཁན་རྣམས་ཀྱི་ཝེ་ཧོ་གཙང་བོའི་རིག་གནས་པར་རིས་རྟོག་ཞིབ་ཀྱི་ལོ་སུམ་ཅུ ” ཞེས་པའི་པར་རིས་འགྲེམ་སྟོན་ཡོད། པར་མཁན་རྣམས་ཀྱིས་རྨ་ཆུའི་ར་ལག་ཆེ་ཤོས་ཝེ་ཧོ་གཙང་བོའི་འབབ་རྒྱུད་དེ་རིག་གནས་ཀྱི་བརྡ་རྟགས་ཤིག་ཏུ་ངོས་འཛིན་མཛད་ཅིང་། པར་མིག་ལ་བརྟེན་ནས་ནས་ས་ཁོངས་དང་རིག་གནས་རྟོག་ཞིབ་བྱས་ཡོད། ཁོང་ཅག་གིས་རིག་གནས་ཀྱི་འབྱུང་ཁུངས་འཚོལ་ཞིབ་བརྒྱུད་རྨ་ཆུའི་འགྲམ་རྒྱུད་ཀྱི་ལོ་རྒྱུས་བརྙན་གཟིགས་སྐོར་ལ་ཕྱིར་དྲན་དང་བསམ་གཞིག་གཏིང་ཟབ་བྱས་ཡོད། 



    ཟླ་བརྒྱད་པའི་རྨ་ཆུར་མཚར་སྡུག་རྣམ་པར་བཀྲ་སྟེ། ད་ལོའི་པར་ལེན་དུས་ཆེན་དང་རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་ཚོགས་སྐབས་བཅུ་དྲུག་པ་གཉིས་དུས་མཉམ་ངང་སྤེལ་འཆར་ཡོད། གཙོ་སྒྲུབ་ཚོ་ཆུང་གིས་པར་མཁན་གྲགས་ཅན་དུ་མ་གདན་འདྲེན་གྱིས་རིག་གནས་ཡུལ་སྲོལ་ལ་རྟོག་ཞིབ་དང་པར་ལེན་སྐོར་ལ་ལག་ལེན་དངོས་ཐོག་ནས་མཛུབ་སྟོན་གནང་ངེས། རྨ་ཆུའི་པར་ལེན་དུས་ཆེན་གྱིས་རྒྱལ་ཕྱི་ནང་གི་པར་ལེན་དུས་ཆེན་གཞན་དང་ཕྱར་བ་གྲུ་འདེགས་ཀྱིས་དུས་རབས་གསར་བའི་འོད་གཟུགས་ཀྱི་ལོ་རྒྱུས་སྙན་རྩོམ་བཞེངས་པར་སྤོབས་པས་ཁེངས་ཡོད། 

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྨ་ཆུའི་པར་ལེན་དུས་ཆེན་སྐབས་གཉིས་པ་རྨ་ཆུ་རྫོང་མཁར་དུ་སྤེལ་འཆར་ཡོད་པ།

2025-08-07 རྨ་ཆུའི་པར་ལེན་དུས་ཆེན་གྱི་གོ་སྒྲིག་ཚན་ཆུང་། ཀློག་གྲངས། མཆན ཡོད།

  ཟླ་འདིའི་ཕྱི་ཚེས་བཅུ་གསུམ་ཉིན་གྱི་ཟླ་ཚེས་བཟང་པོར། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་དུ་རྨ་ཆུའི་པར་ལེན་དུས་ཆེན་སྐབས་གཉིས་པ་སྤེལ་བའི་གྲ་སྒྲིག་ཚགས་སུ་ཆུད་ཡོད། ཐེངས་འདིའིི་བརྗོད་གཞི་ནི“རྒྱུད་འཛིན”དང“མཐོངས་ལམ”གཉིས་སུ་ཕྱེ་ཡོད་ཅིང་། དེ་པེ་ཅིན་དང་བོད་ལྗོངས། སི་ཁྲོན། ཧྲན་ཞི། ཀན་སུའུ་སོགས་ཡུལ་ལུང་ཁག་གི་པར་ལེན་མཁས་ཅན་ལྔ་བཅུ་ཡས་མས་ཀྱི་པར་རིས་བརྩམས་ཆོས་སུམ་བརྒྱར་ཉེ་བས་གྲུབ་ཡོད། དེ་དག་ནང་བོད་ཡུལ་གྱི་སྣོད་བཅུད་སྐྱེ་ཁམས་དང་དུས་སྐབས་གསར་བའི་ངོ་གདོང་། རིག་གནས་དང་ད་ལྟའི་རྫོགས་ལྡན་དུས་ཀྱི་སྙིང་སྟོབས་མངོན་པར་མཚོན་ཡོད། དེར་བཀྲ་ཤིས་ཚེ་བརྟན་དང་དབང་ཕྱུག་རྡོ་རྗེ་སོགས་བོད་ཀྱི་སྔ་རབས་པར་མཁན་དག་གི་རྩ་ཆེ་བའི་ལོ་རྒྱུས་ཀྱི་པར་རིས་ཡོད་པ་མ་ཟད། པར་མཁན་ཡང་ཡན་ཁེང་དང་། ཉོའུ་ཧུན་ལེ། བང་ཅན་ཅོན། ཀོ་ཅན་ཧྲི། ཅེན་ཕེན་སོགས་ཀྱི་ད་ལྟའི་གནས་བབ་མཚོན་པའི་པར་རིས་བརྩམས་ཆོས་ཀྱང་འདུས། 



    རྨ་ཀླུང་རིང་མོ་བརྗོད་གཞི་བྱས་པའི་པར་རིས་ནི་རྨ་ཆུའི་པར་ལེན་གྱི་གྲུབ་ཆ་གལ་ཆེན་ཞིན་ཡིན། ཐེངས་འདིའི་བྱེད་སྒོའི་ཁྲོད “ ཧྲན་ཞིའི་པར་མཁན་རྣམས་ཀྱི་ཝེ་ཧོ་གཙང་བོའི་རིག་གནས་པར་རིས་རྟོག་ཞིབ་ཀྱི་ལོ་སུམ་ཅུ ” ཞེས་པའི་པར་རིས་འགྲེམ་སྟོན་ཡོད། པར་མཁན་རྣམས་ཀྱིས་རྨ་ཆུའི་ར་ལག་ཆེ་ཤོས་ཝེ་ཧོ་གཙང་བོའི་འབབ་རྒྱུད་དེ་རིག་གནས་ཀྱི་བརྡ་རྟགས་ཤིག་ཏུ་ངོས་འཛིན་མཛད་ཅིང་། པར་མིག་ལ་བརྟེན་ནས་ནས་ས་ཁོངས་དང་རིག་གནས་རྟོག་ཞིབ་བྱས་ཡོད། ཁོང་ཅག་གིས་རིག་གནས་ཀྱི་འབྱུང་ཁུངས་འཚོལ་ཞིབ་བརྒྱུད་རྨ་ཆུའི་འགྲམ་རྒྱུད་ཀྱི་ལོ་རྒྱུས་བརྙན་གཟིགས་སྐོར་ལ་ཕྱིར་དྲན་དང་བསམ་གཞིག་གཏིང་ཟབ་བྱས་ཡོད། 



    ཟླ་བརྒྱད་པའི་རྨ་ཆུར་མཚར་སྡུག་རྣམ་པར་བཀྲ་སྟེ། ད་ལོའི་པར་ལེན་དུས་ཆེན་དང་རྨ་ཆུའི་གེ་སར་རྟ་རྒྱུག་འགྲན་ཚོགས་སྐབས་བཅུ་དྲུག་པ་གཉིས་དུས་མཉམ་ངང་སྤེལ་འཆར་ཡོད། གཙོ་སྒྲུབ་ཚོ་ཆུང་གིས་པར་མཁན་གྲགས་ཅན་དུ་མ་གདན་འདྲེན་གྱིས་རིག་གནས་ཡུལ་སྲོལ་ལ་རྟོག་ཞིབ་དང་པར་ལེན་སྐོར་ལ་ལག་ལེན་དངོས་ཐོག་ནས་མཛུབ་སྟོན་གནང་ངེས། རྨ་ཆུའི་པར་ལེན་དུས་ཆེན་གྱིས་རྒྱལ་ཕྱི་ནང་གི་པར་ལེན་དུས་ཆེན་གཞན་དང་ཕྱར་བ་གྲུ་འདེགས་ཀྱིས་དུས་རབས་གསར་བའི་འོད་གཟུགས་ཀྱི་ལོ་རྒྱུས་སྙན་རྩོམ་བཞེངས་པར་སྤོབས་པས་ཁེངས་ཡོད། 

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།