གསའ་ནག་པོས་བརྩམས་པའི་སྙན་ངག་རིང་མོ་ཁག་གཉིས།

གསའ་ནག་པོ།(རེབ་གོང) 琼迈文学网 2025-01-23

  གསའ་ནག་པོ།  བོད་ཀྱི་གོ་རབས་པའི་ན་གཞོན་སྙན་ངག་པ། དངོས་མིང་ལ་སྙིང་ལྕགས་བཀྲ་ཤིས་ཟེར། 1996ལོར་རེབ་གོང་གི་ཞིང་སྡེ་ཞིག་ཏུ་སྐྱེས། ད་ལྟའི་བར་དུ་བོད་ཁུལ་གྱི་རྩོམ་རིག་དུས་དེབ《སྦྲང་ཆར》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《མི་རིགས་ཀྱི་རྩོམ་རིག》《ཟླ་ཟེར》《གངས་རྒྱན་མེ་ཏོག》སོགས་སུ་སྙན་ངག་དང་ལྷུག་རྩོམ། རྩོམ་རིག་དཔྱད་བརྗོད་སོགས་བརྩམས་ཆོས་བརྒྱ་གྲངས་ཉེ་བ་ཞིག་སྤེལ་མྱོང་། མི་སྒེར་གྱི་ཚབ་མཚོན་བརྩམས་ཆོས་ལ་སྙན་ངག་རིང་མོ《ཟླ་བཅུ་གསུམ་པ》དང《མཚོན་དོན་གྱི་པདྨ》སོགས་ཡོད། 2024ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་ནས་སློབ་ཐོན་བྱུང་།
  ཁོང་ན་རེ། “ཁོ་བོ་ལྟར་ན། སྙན་ངག་ནི་འཚོ་བའི་ཤེས་རབ་ཅིག་སྟེ། རང་ཉིད་དང་བཅས་པའི་འཇིག་རྟེན་གྱི་ཁམས་ཆེན་པོ་འདིར་ལྟ་བྱེད་ཀྱི་བློ་མིག་རྣོན་པོ་དེ་ཡིན། སྙན་ངག་ཡོད་པས་རང་ཉིད་གསལ་བོར་མཐོང་ཞིང་། འཇིག་རྟེན་འདི་ཡང་གསལ་བོར་མཐོང་། ང་ནི་ག་དུས་ཀྱང་སྙན་ངག་གི་དོན་སྙིང་གིས་གཞིས་ཆགས་ཡོད་པ་ཞིག་ཡིན།”

 ཟླ་བཅུ་གསུམ་པ།
                 
                 དེ་ནི་ཕུགས་བསམ་གྱི་ཟླ་བ་ཞིག  
                             ཡང་ན   འཆར་ཡན་གྱིས་བསྐྲུན་པའི་རྒྱལ་ཁབ་ཅིག
            ༡
ཟླ་བཅུ་གསུམ་པ
ཆུང་མ་བླངས་ནས་ས་ཞིང་རྨོ་ཆོག་པའི་ལོ་ཟླ
འཚོ་བའི་གཏན་ཚིགས་གཏོར་ཤིང
དུས་ཚོད་ཀྱི་རྫ་བུམ་བཅག་རྗེས
ནམ་མཁའི་དབྱིངས་སུ་མི་ཞིག་གིས་ཉི་མ་ལ་ཁང་པ་བཟོ་བར་བྱེད
 
ཟླ་བཅུ་གསུམ་པ
འབྲུ་རིགས་ཀྱིས་རྒྱལ་ཁམས་འགྲིམ་ཆོག་པའི་ལོ་ཟླ
ལས་ཀྱི་མངགས་བཅོལ་བོར་ཞིང
ལམ་གྱི་དྲན་གདུང་བསྐྱུར་རྗེས
ཝར་ཏིན་མཚེའུ་*འགྲམ་ན་མི་ཞིག་གིས་རང་བྱུང་གི་མཛེས་སྡུག་གྱེར
 
ཟླ་བཅུ་གསུམ་པ
ཨ་རག་བཞེས་ཏེ་སྙན་ངག་བྲི་ཆོག་པའི་ལོ་ཟླ
ཤོག་དངུལ་གྱི་ཞེན་ཆགས་སྦར་ཞིང
དཀར་ཡོལ་གྱི་ང་རྒྱལ་བཅོམ་རྗེས
མི་ཞིག་སའི་གོ་ལའི་ཕྱི་རོལ་ཀྱི་མཚན་མོ་དག་ན་རབ་ཏུ་བཟི
 
ཟླ་བཅུ་གསུམ་པ
རྩྭ་ལྷམ་དྲུད་ནས་གངས་རིར་བརྒལ་ཆོག་པའི་ལོ་ཟླ
གྲང་འཁྱག་གི་ལག་པ་གཏུབ་ཅིང
ཚ་གདུང་གི་ངལ་དུབ་གཞོམ་རྗེས
གངས་རིའི་རྩེ་ན་མི་ཞིག་གིས་ཉི་འོད་ལ་འཁྲིག་པ་སྤྱོད་པར་བྱེད
 
ཟླ་བཅུ་གསུམ་པ
ནང་མ་ཁང་གི་གློག་འོད་ལ་སྙིང་གཏམ་གླེང་ཆོག་པའི་ལོ་ཟླ
གྲོང་ཁྱེར་གྱི་རྡུལ་འཚུབ་དཀྲུགས་ཤིང
སྲང་ལམ་གྱི་ཁེར་རྐྱང་དཀྲོགས་རྗེས
རོལ་དབྱངས་ཀྱི་སྣེ་ན་མི་ཞིག་གིས་སྙན་ངག་དང་རྒྱང་རིང་འཚོལ
 
               ༢
 
ཟླ་བཅུ་གསུམ་པར
བདག་གིས་རྒྱ་སེར་འབོད་པའི་བུ་མོ་དེའི་རྨི་ལམ་དུ
འཇའ་ཚོན་གྱི་ཐག་པ་རིང་བོ་ཞིག་བྲིས་རྗེས
སྟོང་ཁམས་ཆེན་པོའི་བར་སྣང་དུ་ཤིང་རྟ་དྲུད་ཆོག་པའི་ཟམ་པ་ཞིག་བཟོ་དགོས
 
ཟླ་བཅུ་གསུམ་པར
བདག་ལ་བརྩེ་དུང་ཡོད་ཀྱང་མིག་ཆུ་མེད་ཆོག་པའི་སྒེར་གཤིས་ཀྱིས
མུན་པའི་ནང་གི་མེ་ལོང་དེ་གུད་དུ་གཡུགས་ཏེ
འཇིག་རྟེན་མིའི་ཚབ་ཏུ
སྨག་རུམ་ཁྲོད་མེ་མདའ་ཁུར་བའི་དུས་ཚོད་ཀྱི་ལག་དམར་དེ་བཅའ་དགོས
 
ཟླ་བཅུ་གསུམ་པར
བདག་གིས་འདས་གྲོངས་སུ་གྱུར་བའི་སྙན་ངག་པ་ཚོ་ཕྱིར་བོས་ནས
ལྷའི་རོལ་དབྱངས་*ལྟ་བུའི་རལ་གྲི་དེས
འཇིག་རྟེན་འདིའི་སྡིག་སྒྲིབ་ཀྱི་ཉེས་པ་ལ་འཚང་རྩིས་བརྒྱག་དགོས་ཡོད
 
ཟླ་བཅུ་གསུམ་པར
བདག་གིས་རྒྱུགས་དང་འཛིན་ཡིག་གི་ས་བཅད་ཐལ་བར་གཏོར་ནས
འཚོ་བ་རློན་པ་ཞིག་གི་ངོ་གདོང་སྲུང་ཆེད
རང་ཉིད་བུད་ཤིང་ལྟར་འཚིག་གིན་པའི་མི་བུ་དག་ལ
རང་དབང་ནི་དཔའ་སྤོབས་ཀྱི་འབྲས་བུ་ཡིན་པའི་ལེགས་བཤད་བསྩོལ་དགོས
 
ཟླ་བཅུ་གསུམ་པར
བདག་གིས་སྙིང་ཉེ་བའི་ཆང་ཕོར་དག་སིལ་བུར་བཅག་ནས
སྐྱེ་བ་གཅིག་ལ་དགའ་མྱོང་བའི་བུ་མོ་དེར
ཚེ་སྲོག་གསར་བ་ཞིག་གི་དབྱར་ཁ་དང་དྲོད་འཇམ་གནང་དགོས་ཡོད
 
ཟླ་བཅུ་གསུམ་པར
བདག་གིས་གངས་རི་ལྟ་བུའི་མི་ཞིག་གི་འོད་སྣང་སྒོམ་གྱིན
པོ་ཏ་ལའི་མིག་ཆུ་འཁྱེར་ཏེ
སྤྲིན་ནག་གིས་ཕར་མཐར་འདེད་གྱིན་པའི་ལྷོ་ལ་བསྐྱོད་དགོས་ཡོད
ཐོག་མའི་རྨི་ལམ་ལ་བསྐྱོད་དགོས་ཡོད
 
ཟླ་བཅུ་གསུམ་པར
བདག་གིས་རང་ཉིད་ཀྱི་གྲིབ་མའི་ནང་ལ་གད་བརྡར་བྱས་ནས
ཁྲག་གི་སྦགས་པའི་ཐ་སྙད་དེ་ཚོ་མེ་ལ་བསྲེགས་ཏེ
དྭངས་གཙང་གི་གློ་བ་འདིའི་ཕུགས་ནས
ང་ཡི་ལྷ་བྱའི་ཚོགས་ཀྱི་ལམ་ཡིག་དང་རེ་སྨོན་གྱེར་དགོས་ཡོད

                ༣
 
ཟླ་བཅུ་གསུམ་པ
པའོ་ལཱ་ཐྲི*ཤི་ནས་ཡིན་རིང་འགོར་བའི་ཟླ་བཅུ་གསུམ་པ
ངའི་ནང་སེམས་ལ་ཁ་བ་བསྟུད་མར་བབས་ཏེ
གཤོག་པ་ཆག་རོ་དེའི་ངོས་ལ་རང་དབང་གི་དར་ཆ་བཙུགས་མྱོང་བའི་ལོ་ཟླ
ཟླ་བཅུ་གསུམ་པ   མི་ཡུལ་གྱི་སྐྱོ་གར་ལ་བྲི་བ་མི་འདུག
 
བདག་ནི་ཕུགས་བསམ་གྱི་ཀློང་ན
འཆར་ཡན་གྱིས་བསྐྲུན་པའི་རྒྱལ་ཁབ་དེའི་མངའ་བདག་མཛད་མཁས་པའི
མཐོ་སྒང་གི་པའོ་ལཱ་ཐྲི་ཞིག་བྱེད་པར་མོས་ཀྱང
སྐབས་འདི་དག་ཏུ   
དུས་ཚོད་ནི་བདག་ལ་བསླུ་བྲིད་བཟོ་མཁན་དུ་གྱུར་འདུག
 
ཟླ་བཅུ་གསུམ་པ
དེ་ནི་ངའི་རྨི་ལམ་དུ་གཏན་ནས་འཆི་མ་མྱོང་བའི་མེ་ཏོག་ཅིག་ཡིན
ཁ་དོག་མང་བའི་མེ་ཏོག་དེས
བདག་ལ་དགའ་སྐྱོ་གཉིས་སྡུག་གི་གཏམ་རྒྱུད་འཆད་ཀྱིན་འདུག
 
ཟླ་བཅུ་གསུམ་པ
ཁང་མིག་སྐྱ་བོའི་ནང་གི་ཡུགས་མོ་ལ་འཛུམ་མདངས་ཡོད་པའི་ལོ་ཟླ
ནེ་ཁྲེ*ལྟ་བུའི་ཕོ་ཧྲང་དག་གཉེན་བསྒྲིགས་ཏེ
དཀོན་མཆོག་གི་ལྷ་ཁང་དུ་ཆགས་སྲེད་ཀྱི་རོལ་དབྱངས་གཏོང་བའི་ལོ་ཟླ
 
ཟླ་བཅུ་གསུམ་པ
རང་དབང་རིང་ལུགས་པ་དག་གི་རྣམ་ཤེས་ལ་ལྡེ་མིག་ཐོགས་ནས
མེ་ལྕེའི་ཚོགས་ལ་བསྒྲགས་གཏམ་སྤེལ་ཏེ
ནགས་ཚལ་གྱི་ལས་དབང་ལ་དཀར་འདོད་བྱེད་ཆོག་པའི་ལོ་ཟླ
འོད་སྣང་གིས་རབ་ཏུ་བཟི་ཆོག་པའི་ལོ་ཟླ
                            
ཟླ་བཅུ་གསུམ་པ
མི་ཡུལ་གྱི་ཚིག་མཛོད་དུ་མ་ཤོང་བའི་དུས་ཚོད་ཀྱི་མཛེས་སྡུག
རྨི་ལམ་ཁོ་ནས་འགྲེལ་ཐུབ་པའི
འཇིག་རྟེན་གསར་བ་ཞིག་གི་མཆུ་སྒྲོས་དང་ལང་ཚོ
 
ཟླ་བཅུ་གསུམ་པ
རྨི་ལམ་དང་སྙན་ངག་འདྲེས་མར་བསྡེབས་པའི་དུས་ཀྱི་གཙང་ཆེན
རེ་ཆད་ཀྱི་མགོ་བོ་ཤིན་ཏུ་སྨད་དུས
རྟོག་འཆར་གྱི་རྟ་ཕོ་འདིས་ང་རང་རྒྱང་རིང་རྒྱང་རིང་ལ་འཁྲིད་ཀྱིན་འདུག
 
ཟླ་བཅུ་གསུམ་པ
དྭ་ཕྲུག་བྱེ་བའི་ཕུགས་བསམ་ཀྱིས་བཙུགས་པའི་རྒྱལ་ཁབ
སྙན་ངག་པ་གྲངས་མེད་ཀྱི་འཆར་ཡན་གྱིས་བཏེགས་པའི་འཇིག་རྟེན
ཟླ་བཅུ་གསུམ་པ    ཁྱེད་ཉིད་རྟག་བརྟན་ཤོག
                 2019ལོའི་ཟླ8པའི་ཚེས30ཉིན།

 གདངས་ཆད་པའི་གླུ།
                               
                                  ---ཡང་ན་སྐྱོ་གར་གྱི་ཉིན་ཐོ་ནག་པོ།
       
         ༡
ནམ་ཞིག་གི་ཚེ་ན
ངས་ཐ་མག་རྔུབ་མཚམས་འཇོག་སྲིད
དེ་དུས་འཚོ་བ་གླེང་མ་འོང་རོགས
འཚོ་བ་ནི་དུས་ཚོད་དང་རྨི་ལམ་བསྲེག་པའི་མེ་ཕུང་ཞིག་གོ 

ད་ལྟ་མི་ཡུལ་ལ་ལྷག་བསམ་ཚར་འདུག
སྐབས་འདིར
ཕུགས་བསམ་གྱི་བྱ་ཁྱུ་ཁོ་ནས་ང་ཡི་མཛེས་སྡུག་སྲུང་ཡོད
 
དཀར་ཡོལ་གྱིས་ཅི་ཞིག་བྱེད་དམ
ངས་རང་ཉིད་གང་དུ་འགྲོ་དགོས་པར་བསམ་བློ་བཏང་ཚར
གནས་དེ་གར
ཁྲིམས་ལུགས་དང་སྲིད་གཞུང་མེད་པར་ཞུ
                      
             ༢
སེམས་ཤིན་ཏུ་འཁྱག་དུས
ངས་འཇིག་རྟེན་སྡུག་བསྔལ་དུ་མཐོང་འོང
འཚོ་བའང་སྐྱོ་གར་དུ་བལྟས་འོང
སྐབས་འདི་དག་ཏུ
ཉལ་ཐ་ཁོ་ན་ང་ཡི་སྙིང་ལ་ཤིན་ཏུ་མཛེས
 
ང་དངོས་ནས་འཚོ་འདོད་མི་འདུག
གཞན་དབང་དུ་གྱུར་བའི་དུས་ཚོད་ཀྱི་སྨུག་ཞགས་འདིས
ཡང་ཡང་འཆིང་བར་བྱེད་ན
གསོན་པ་ནི་འཆི་བ་ལས་ཀྱང་རབ་ཏུ་སྡུག་གོ
                
ང་ལ་ཉེས་པ་ཅི་ཞིག་ཡོད་དམ
འཇིག་རྟེན་འདིར
ངས་མི་སུ་ལའང་ངན་སེམས་འཆང་མྱོང་མེད
                   
ནམ་ཞིག་ང་རང་འཆི་དགོས་བྱུང་ན
ངས་དུས་ཚོད་ཀྱི་མཛེས་སྡུག་དེ་ལ་བཀའ་དྲིན་ཞུ་ངེས
བསམ་བློ་རེ་བཏང་ན
འཆི་བ་ནི་སྙིང་ཉེ་བའི་བདེ་མོ་ཞུ་སྟངས་ཤིག་ཅི་ལ་མིན 

            ༣
ངས་དུས་ཚིགས་ཤིག་དྲན་གྱིན
རྐང་སྣམ་གློ་ཁ་དེས་འཁྱེར་སོང་བའི་བྱིས་དུས་དྲན་གྱིན
གྲོང་ཁྱེར་གྱི་རྡུལ་འཚུབ་དབུས་ན
ད་ལྟ  ཕུགས་བསམ་དང་འབྱུང་འགྱུར་འབོར་ཚར་ལ་ཉེ
 
མི་ཚོགས་ནི་དུག་རླངས་ཤིག་ལྟར
ཕྱོགས་མེད་དུ་མཆེད་འོང་བའི་དུག་ཁ་རྣོན་པོས
ངའི་བརྩེ་དུང་བཅོམ་ཚར
ངས་མིའི་རིགས་ལ་བཅངས་བའི་ཐོག་མའི་ལྷག་བསམ་བཅོམ་ཚར
 
ད་ལྟ་མི་སུ་ལའང་སྐྱབས་བཅོལ་བྱ་མི་འདོད
འོད་སྣང་གི་སྒྲ་དབྱངས་འགག་ཚར་བའི་སྐབས་འདིར
དཀོན་མཆོག་གིས་ཅི་ནུས་སམ
ང་རང་མཐའ་མེད་པའི་མུན་ནག་ལ་འཐིམ་འདོད
 
འཇིག་རྟེན་ན་རང་དབང་མི་འདུག
དེ་ནི་དུས་ཚོད་ཀྱིས་འཛིན་དུ་མེད་པའི་མགྲོན་པོ་ཞིག་རེད
ཆང་ལ་རབ་ཏུ་ཞེན་པའི་མགྲོན་པོ་དེ
ད་ལྟ་གང་དུ་ཡོད་དམ
ང་ཡིས་ཁོ་རང་མཇལ་ཐུབ་ཀྱིན་མི་འདུག
 
             ༤
ནམ་ཞིག་ཕུགས་བསམ་བོར་ནས
མཛེས་སྡུག་གི་རྨི་ལམ་དག་ཀྱང་བོར་ཚར་དུས
དུས་ཚོད་ལགས  
ང་རང་འཇིག་རྟེན་ནས་གཏན་དུ་འཆི་ཚར་བའོ
 
འཚོ་བ་ནི་གཡུལ་འཐབ་ཅིག་ལྟར
ཁྱོད་ཤི་ང་གསོན་གྱི་འོ་དོད་རིང་མོ་དེའི་ཁྲོད
ཁོ་ཚོས་བླ་སྲོག་བཙོང་གིན
ཁེ་ཕན་གྱི་བུ་ག་ཆུང་ཆུང་ཞིག་ཏུ་རང་ཉིད་བོར་ཚར་འདུག
 
སྐབས་དང་སྐབས་སུ
ངས་ཚེ་སྲོག་གི་སྙིང་བོ་ལ་བསམ་བློ་བཏང་འོང
ཡིན་ནའང  ལྐོག་གྱུར་གྱི་དྲི་བ་དག་གིས
ང་ལ་ད་ལྟའི་བར་སྡུག་བསྔལ་ཁོ་ན་བསྐྲུན་པར་བྱེད
 
           ༥
ངས་རང་ཉིད་བོར་སོང
དེ་ནི་སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་མཚན་མོ་ཞིག་ཡིན
ཨག་འབོད་ཐེངས་གཅིག་གི་རྗེས་སུ
རྣོ་ལྕགས་དང་ཨར་འདམ་གྱི་ཚོགས་ཀྱིས་ང་ཡི་སྒོ་མོ་རྡུང་བྱུང
 
ངའི་ནགས་ཚལ་གང་དུ་ཡོད་དམ
ངའི་ཆེས་ཐོག་མའི་ལོ་ཏོག་དང་ས་བོན་གང་དུ་ཡོད་དམ
ད་ལྟ་ང་ལ་མདའ་གཞུ་མི་འདུག
 
འཕྲུལ་ཆས་ཀྱི་མཆེ་སྡེར་རྣོན་པོ་དེས
དུས་རབས་ཤིག་གི་ང་རྒྱལ་དང་བླུན་རྨོངས་འཁྱེར་ཏེ
ང་ཡི་ཁོར་ཡུག་ཏུ
མི་སེར་རིང་ལུགས་ཀྱི་གསར་བརྗེའི་ལས་འགུལ་བསླངས་ཚར
                     
ད་ལྟ་ང་ལ་ཅི་ཡང་ལྷག་མེད
རྡུལ་མཚོན་གྱིས་རྨས་པའི་སེམས་པ་འདི་ལས
ང་ལ་ཅི་ཡང་ལྷག་མེད
ཉི་མ་དང་ཟླ་བའང་ང་དང་རིང་དུ་གྱེས་ཡོད
 
             ༦
ང་འཚོ་བའི་དབུལ་ཕོངས་ལ་སྐྲག་མྱོང་མེད
ཡིན་ནའང
འཆར་ཡན་གྱི་མཛའ་མོ་དེའི་མདུན་དུ
ང་དུས་ཚོད་ཀྱིས་སྤྲད་པའི་སེམས་ཀྱི་དབུལ་ཕོངས་ལ་ཧ་ཅང་སྐྲག
 
མི་དག་གིས་འཚོ་བ་གླེང་གིན
ལྟོ་ཕོར་ཞབས་མེད་དེའི་དོན་དུ་ཡོད་ཚད་བོར་འགྲོ
ད་ནི  ལྟོ་ཕོར་གྱི་ཆེད་དུ
ཕུགས་བསམ་དང་ལ་རྒྱ་མི་འབོར་བའི་མི་བུ་ག་ཚོད་ཡོད་དམ
 
ངས་བགྲོད་ལམ་མཐོང་གིན་མི་འདུག
མོ་ཊ་སྣ་ཚོགས་ཀྱིས
ངའི་ནམ་མཁར་དུག་རླངས་གཏོང་གྱིན་འདུག་ན
ང་རང་རྨི་ལམ་གྱི་བྱེ་ཐང་ཁོ་ན་བརྒལ་ཆོག་པར་ཞུ

            ༧
འབྱུང་འགྱུར་ནི་ཅི་ཞིག་རེད་དམ
མཛེས་སྡུག་གི་བསླུ་བྲིད་ཤིན་ཏུ་ཟབ་བའི་དུས་ཚོད་འདིས
ང་ལ་མང་པོ་ཞིག་གནང་མྱོང་བ་འདྲ
ཡང་ན  དེའི་ཆེད་དུ་ངས་མང་པོ་ཞིག་ཤོར་མྱོང་བ་འདྲ
 
གང་ལྟར
ད་ལྟ་ང་ཡིས་འོད་སྣང་ཞིག་རྙེད་ཡོད་འདུག
རྒྱང་རིང་གི་འོད་སྣང་དེས
རྨི་ལམ་ཆག་རོ་དག་གི་འཁྱག་གྲང་གི་ལོ་ཟླ་བསྲོ་བར་བྱའོ
 
ངས་སུ་ལའང་འཁང་ར་གནང་མི་སྲིད
ནམ་ཞིག་ཉི་ནུབ་ཀྱིས་ང་རང་མུན་པར་བཅུག་བྱུང་ཚེ
གྱེས་ཆང་གི་ཚབ་ཏུ
ང་ཡི་སྙན་ངག་ཚན་པ་འདི་མེ་ལ་བསྒྲོན་རོགས
 
             ༨
གསོན་ཐོག་འདིར
མི་སུས་ཀྱང་ང་ལ་བརྩེ་བ་གནང་མྱོང་མེད
ནམ་ཞིག་འཆི་དགོས་བྱུང་ཚེ
ཕུན་རོན་དཀར་པོ་དེས་ང་ལ་གླུ་གཞས་དཀྲོལ་ཀྱང་སྲིད
 
བརྩེ་དུང་དང་རྨི་ལམ
ཆེས་ཐོག་མའི་བརྩེ་འཕྲིན་དང་དུས་ཆད
ད་ནི་སྟོན་མཇུག་གིས་བསྐྱུར་པའི་ལོ་མ་ཁ་ཤས་དང་འདྲ་བར
ངའི་སེམས་ཀྱི་མྱ་ངམ་ཐང་དུ་ལྷུང་འདུག
 
རྒྱང་རིང་ན་ཅི་ཞིག་ཡོད་དམ
དེ་ནི་དབང་ཤེས་ཀྱིས་ཚོར་ཐུབ་པ་ཞིག་མ་རེད
ནང་སེམས་ལ་མུན་པ་འཐིབ་འོང་དུས
ཁྱེད་ཀྱིས་གཟོད་ནས་རྒྱང་རིང་ཞེས་པ་དེ་མཐོང་ཡང་སྲིད
 
སྐྱོ་སྐྱོ་མ་གནང་རོགས
ཁྱེད་ཚོས་ང་ལ་སྡུག་བསྔལ་བསྐྲུན་པ་ཉུང་སོང་བས
ངས་ད་ལྟའང
སྡུག་བསྔལ་གྱི་ཆེད་དུ་སྡུག་བསྔལ་འཚོལ་དགོས་ཨང
 
            ༩
ཁེར་རྐྱང་ནི་གཤིས་ཀ་ཞིག་ཡིན
དེ་ནི་ཤོག་དངུལ་དང་གསེར་སྲང་གིས་ཉོ་ཐུབ་པ་ཞིག་མིན
ཁྱེད་ལ་ཁེར་རྐྱང་ཡོད་དམ
 
ཡིད་ལ་ཤིན་ཏུ་ལྕི་བའི་ཐ་སྙད་འདིས
སྙན་ངག་པ་གྲངས་མེད་ཅིག་གི་སྐུ་སྲོག་འཕྲོག་མྱོང
དེའང་སྡུག་བསྔལ་གྱིས་མིན
སྨྲ་བསམ་བརྗོད་འདས་ཀྱི་མཛེས་པ་དང་དེའི་བསླུ་བྲིད་ཀྱིས་སོ
 
མི་སུ་ཡིན་ལ་ཁེར་རྐྱང་ཡོད་མི་སྲིད
དེ་ནི་དུས་ཚོད་ཀྱི་སྔོན་དུ་བསྐྱོད་ཐུབ་པའི་སེམས་པ་ཞིག་སྟེ
སྙན་ངག་ཁོ་ནས་མཚོན་ཐུབ་པ་ཞིག་ཡིན
 
སྐྱེ་བ་འདིར
ངས་བུད་མེད་མང་པོ་ཞིག་ལ་མེ་ཏོག་ཆད་མྱོང
ད་ལྟ་དུས་ཚོད་ཀྱིས་སྟོང་པས
ང་ལ་བརྩེ་དུང་གི་བུ་ལོན་མཇལ་རྒྱུའི་བསྐལ་བ་མི་འདུག
 
             ༡༠
ངས་མྱ་ངམ་ཐང་མཐོང་བྱུང
ངས་རྒྱང་རིང་ནས་མཆེད་འོང་བའི་གླུ་སྐད་ཐོས་བྱུང
ང་ཡི་རྟ་ཕོ་འཁྲིད་ཤོག་དང
 
ང་རྒྱང་རིང་དུ་བསྐྱོད་འདོད
འཇའ་ཚོན་གྱིས་ཕ་མཐར་འཐེན་པའི་ཤིང་ཟམ་དེའི་སྟེང
ངས་མིའི་རིགས་ལ
ཆེས་མཐའ་མཇུག་གི་སྙན་ངག་དང་འཚོ་བ་བྲི་དགོས་ཡོད
 
རྒྱང་རིང་སྟེ
སེམས་ཀྱི་ཟབ་སར་བཞུར་འོང་བའི་གཙང་བོ་འདིས
ངའི་སེམས་པ་དྲག་ཏུ་བསྐྱམས་མྱོང
རྒྱང་རིང་ནི་ཅི་ཞིག་རེད་དམ
དེ་ནི་ཕུགས་བསམ་རིང་ལུགས་པ་དག་གི་རྨི་ལམ་གྱི་ལམ་ཡིག་གོ
 
རླངས་འཁོར་གྱིས་རྒྱང་རིང་བརྒལ་ནུས་མིན
རྨི་ལམ་གྱི་རྟ་ཕོ་ཁོ་ན
རྒྱང་རིང་གི་མཛེས་སྡུག་འཁུར་བའི་ཕོ་ཉ་ཡིན་ལགས
ཁྱེད་ལ་རྒྱང་རིང་ཡོད་དམ
 
         ༡༡
དུས་ཀྱི་ཉི་མ་དམར་པོ་འདིའི་ཚ་གདུག་འོག
ང་ད་ལྟ་ཤིན་ཏུ་གྲང
དེ་ནི་ཁ་དོག་རིགས་ཤིག་གི་སྡིག་སྒྲིབ་ཀྱིས་བསྐྱེད་པའོ
ང་ཡི་ཉི་མ་གང་དུ་བཞུགས་སམ
 
ཁ་དོག་རིགས་ཤིག་སྲུང་ཕྱིར
ངས་དུས་ཚིགས་བཞི་བོར་ལྭ་རིང་ནག་པོ་ཞིག་གྱོན་བསྡད
ད་ལྟ  ང་མི་ཚོགས་ལ་རབ་ཏུ་སུན
 
ངས་ཅི་ཞིག་ནུས་སམ
ནམ་མཁའ་འདིའང་གཞན་དབང་གི་སྒྲོག་ཏུ་ཚུད་འདུག་ན
གཤོག་པས་ཅི་ཞིག་བྱེད་དམ 
 
ང་ལ་ཐོབ་དཔང་གླེང་མ་འོང་རོགས
མི་ཡུལ་འདིར་ང་ཐོབ་དཔང་གིས་གསོན་ཡོད་པ་མིན
དེ་ནི་སྐྱག་རྫུན་ཁོ་ནའོ
 
           ༡༢
འཚོ་བ་ནི་ཤོག་ལྷེབ་ཅིག་སྟེ
ངས་དེའི་སྟེང་དུ་རང་ལ་འཚམ་པའི་དུས་ཚོད་བྲིས་ཡོད
ང་ལ་བཅའ་ཁྲིམས་གླེང་མ་འོང་རོགས
ང་ལ་གནས་ལུགས་གླེང་མ་འོང་རོགས
 
དུས་རབས་འདིར
ངས་གནས་ལུགས་གཙང་མ་ཞིག་མཐོང་མྱོང་མེད
ད་ལྟ་ང་ལ་སེམས་མི་འདུག
སྤྱི་ཚོགས་ཀྱི་ལག་པ་རྩུབ་མོ་དེས་ང་རང་སྨྱོ་རུ་བཅུག་ཡོད
 
འཚོ་བའི་ཁྲོད་དུ
མི་ཁ་ཤས་ཀྱིས་ང་ལ་ཁྱེད་རང་ཅིའི་ཕྱིར་སྐྱོའམ་ཟེར
ངས་དེ་ལ་ལན་གདབ་མི་སྲིད
དྲང་མོར་ལབ་ན
སེང་གེ་འདས་རྗེས་ཀྱི་ནགས་ཚལ་འདི་ཅི་ལ་མི་སྐྱོ་ཨང
    
          ༡༣
རྒུད་ཟིན་པའི་མི་རབས་འདིར
སྙན་ངག་ཁོ་ནས་ང་རང་གསོན་ཡོད་པ་བདེན་དཔང་བྱ་ཐུབ
སྙིང་ཉེ་བའི་རྣམ་ཤེས་ཀྱི་མཛའ་མོ་དེས
ང་ལ་འཇིག་རྟེན་ལས་འདས་འཇིག་རྟེན་ཞིག་གནང་མྱོང
 
ཤོག་དངུལ་གྱི་སྲབ་མཐུག་མ་གླེང་རོགས
དེ་ནི་འཚོ་བའི་ཡོད་ཚད་མ་རེད
གལ་སྲིད་མི་ཞིག་ལ་བརྩེ་དུང་དང་ལྷག་བསམ་མེད་དུས
ཤོག་དངུལ་གྱིས་ཅི་ཞིག་བྱེད་དམ
 
ངས་བསམ་བློ་ཐོངས་ཀྱི་མེད
གདོང་འབག་དང་འཁྲབ་ཆས་ཀྱིས་གཟིར་བའི་མི་དག་གིས
ཅི་ཞིག་འཚོལ་ལམ   གང་དུ་འགྲོའམ
 
           ༡༤
ནམ་ཞིག་གི་ཚེ་ན
ངས་མི་ཡུལ་ལ་སྙན་ངག་འབྲི་མཚམས་འཇོག་སྲིད
དེ་དུས་ང་ལ་ཕུགས་བསམ་གླེང་མ་འོང
 
ང་ནི་དད་མོས་ཀྱི་ཕྱིར་དུ་བུད་སོང་ལགས
མིག་ཆུ་མ་འདོན་རོགས
ཁྱེད་ཚོའི་མིག་ཆུ་ལ་ཁ་དོག་མེད་པ་སྔར་ནས་ཤེས་ཡོད
 
མཚན་མོ་ལྟ་བུའི་སེམས་ངོགས་སུ
ད་ལྟ  ཡབ་ཆེན་ལགས་ཀྱི་སྐྱོ་འཛུམ་འཁོར་ཡོང་གིན་འདུག
རྒྱང་རིང་གི་སྐར་ཚོམ་དག་ཀྱང
ད་ནི་ང་ཡི་མཐའ་མེད་པའི་མཚོ་ངོགས་ན་ཁེར་ཧྲེང་དུ་རྒྱུ
 
སྙིང་ཉེ  སྐབས་འདིར།
ངས་ཚེ་སྲོག་གི་འབབ་ཚིགས་ཤིག་རྙེད་འདུག
ངས་རྨི་ལམ་རྙེད་འདུག
ངས་སྙན་ངག་དང་ཕུགས་བསམ་རྙེད་འདུག
          2019/10/18ཉིན་ཚཱའོ*ཞེས་པའི་སྡེ་གྲོང་སྐྱ་བོ་དེ་རུ་ཡོངས་སུ་གྲུབ་པར་བྱས་སོ།།
 
རྩོམ་སྒྲིག་པ། དབང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

གསའ་ནག་པོས་བརྩམས་པའི་སྙན་ངག་རིང་མོ་ཁག་གཉིས།

2025-01-23 གསའ་ནག་པོ།(རེབ་གོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།