སྒྲོ་ནག་གི་སྙན་ངག་བདམས་བཀོད།

སྒྲོ་ནག(རྫ་ཆུ་ཁ།) 琼迈文学网 2026-07-01


ཁོང་གི་དངོས་མིང་ལ་ཚེ་བརྟན་དང་མིང་གཞན་ལ་སྒྲོ་ནག་ཟེར། 2003 ལོར་རྫ་ཆུ་ཁ་རུ་སྐྱེས། 2025་ལོར་མཐོ་འབྲིང་མཐར་ཕྱིན་ཁར་སྙན་དེབ《ལྕེ་ཐོག་གི་མུན་པ》དཔར་བསྐྲུན་བྱས། དངུལ་ལོར་དང་འུར་ཟིང་གི་མདུན་ནས་མི་སེམས་དང་རྩིས་ཐང་འབོར་བཞིན་པའི་དུས་ཚོད་ཀྱི་ནང་ནས། ཨུ་ཚུགས་ངང་ཡི་གེ་བྲིས་ཤིང་རང་གི་བསམ་ས་དེ་རུ་གོམ་པ་རྒྱག་གིན་ཡོད།

སྨག་རུམ་ལག་ཏུ་བླངས་པ།    
                               
ཨར་ཁང་ནང་གི
འདབ་ཆགས་ཀྱི་གཤོག་པའི་སྟེང་གི་ནགས་ཚལ
དཀར་ཡོལ་ནང་གི   གངས་རི་དེས་བསྒུལ

སྒྲ   སྒྲ་ལ་གྲགས
གཟུགས   གཟུགས་ལ་ཤར

བྱ་རོག་གི   མིག་ནང་གི་སྨག་ནག
རང་གི་ཕུང་པོའི་སྟེང་ནས་རྙེད་ཆོག

སྤྱང་ཀིའི་ངུ་སྐད་སྟེང་གི་ལྗོན་པ
ལྕེ་དང་སོ་ཡིས   མགྲིན་པ་རུ་བཙགས

མཚན་ཐུན་གཅིག   མེ་ལ་སྦར
མཚན་ཐུན་གཉིས   མེ་ལ་སྦར
           
ལུས་སྟེང་གི་སེང་གེ།
                     
འོད་སྙིམ་པ་གང  གཟུགས་སྒྲ་དྲི་རོར་སྦྱར
ནག་པོའི་ནང་ནས་དཀར་པོ་ཞིག་བཙལ

དབང་བོ་ལྔའི་ནང་གི  གཅན་གཟན་གྱི་ཚོགས
སྤྱོད་པའི་མེ་ལོང་ནང་གི་སེང་གེ་འདི་ལས་རྙེད

དུས་ཚོད་ཉེར་བཞིའི་རིང་ལ
Bob Dylan གྱི་མིད་པའི་ནང་དང
རང་གི་འཁྱགས་རོམ་གྱི་སྟེང་ནས  དཀའ་ཐུབ་སྤྱད
ཞི་བའི་སེམས་ཤིག་འཁོར   ཁྲོ་བའི་ཉམས་ཤིག་མངོན

ལམ་གང་བོར  ཁ་བ་ས་འོག་ཏུ་བབས
མིག་དང་ཕུང་པོས  གྲང་ངར་དང་སྨུག་པ་བཟུང
དེའི་རྗེས་སུ   ལག་པའི་ངོས་གཉིས་ནས་མུན་རུབ
         
   1941 
                         
ཉི་འོད་ནང་གི་སྨག་རུམ
Bob Dylan གྱི་རོལ་ཆས་དང
གཞས་ཚིག་གི་ནང་ནས
འཁྱག་ལ་འབྱར

ཁ་དོག་སྟེང་གི   སྐྱུར་ཁུའི་རོ
འཁྲུལ་བའི་བློ་ནས  ཤེས་རབ་ལ་འདྲེན

སྒྲ་ཡི་དྲི་མ་ལས  སྤྲིན་པའི་མར་ཁུ་ཞིག་རྙེད
བོར་ཟིན་པའི    ཟིལ་བའི་ནང་གི་ཚ་བ་རྙེད

རང་གི་གྲིབ་མའི་ནང་དུ
གཟུགས་དང་རེག་བྱ་མངོན
བྱ་རོག་དང་སྤྱང་ཀི་ངུ
དབང་བོ་ལྔའི་རྩུབ་རེག
ཕན་ཚུན   གཅིག་གཅིག་ལ་བརྡར
       
འཁྱག་པའི་ནང་གི་ཚ་བ།
                                
མཚན་ལ  གློག་ཞུའི་ནང་གི་མ་ཤོད་པའི་མིག་ཆུ
གྲོང་ཁྱེར་འདི མི་ཚོགས་ཀྱི་ག་ཞའི་ནང་དུ་ཆགས་པ་ལས་ཡག

ལམ་གྱི་སྣེ་མོ་དག  འགུལ་ཙམ་འགུལ་ཙམ
མི་རེ་རེའི་སྨྲ་བ་བཅད་རྗེས་ཀྱི འུར་ཆོམ་གྱི་ནང་དུ་ངུ

འཁྱག་པའི་ནང་དུ་བསྡད་རྗེས  ལུས་ལ་ཚ་བ་རྒྱས
ཚ་བའི་ནང་དུ་བསྡད་རྗེས   ལུས་ལ་གྲང་ངར་འཁོར

ཕར་བལྟས་ན
ཁྱོད་སྨུག་པ་ཞིག་གིས་གྲུབ་བཞག
ངའི་མིག་གིས་མཐོང་བ་དག 
ལྕེ་རྩར་བཏབ་རྗེས་གྲུབ་བཞག
     
 ངུ་ཤེས་པའི་ལག་པ།
                             
 
དམ་བུའི་ནང་གི་བྱ་རྒོད 
རྣ་ཡི་བང་སོའི་ནམ་མཁའ་ནས
རང་གི  གཤོག་པ་གཉིས་ཀྱི་ངོས་ན
འགུལ་ཙམ    འགུལ་ཙམ

མི་དེས་སྨིན་མའི་ནང་དུ  དུར་ས་ཞིག་བཟོས་འདུག
ལག་མགོར་གས་སྲུབས་ཤོར་ན  སྐད་ཅིག་རིང་བགྲོད་ཐུབ

མཚན་གུང་གི་ཉི་འོད
ངུ་ཤེས་པའི  མཛུབ་མོ་ལྔའི་བར་ན་བཞུར
ཁ་རླངས་ནང་གི་རྦ་རླབས་ཀྱི་མཐོ་ས་རུ
རང་གི་ཕྲག་ཐོག་གི  ལྕགས་རིའི་ནང་དུ་མངོན

ཁྲག་རྩའི་ནང་གི་མེ་ལྕེ  རྡོ་ཡི་ཁོག་པར་འཁྱིལ་དུས
ང  དུས་སྐད་ཅིག་མ་ཁོ་ནའི་ནང་དུ་གསོན་ཡོད
     
  ཉིན་གཅིག་གི་མི།
                         
མི་དང་མིའི་བར་གྱི
འཁྱགས་རོམ་དང  དེའི་གླིང་ག་ཡངས་མོ་རུ
རྡོ་ཡི་ཁོག་གི་མེ་རོ་ལ  རྣམ་ཤེས་འཁོར

ཆང་ཕོར་ཞབས་ཀྱི  སེང་གེ
ལུས་སྟེང་གི་དུ་ཞགས་ནང་དུ་འཚོ
ལྕགས་ཀྱི་གསེང་གི་ཉི་འོད་འཛིན

ལྕེ་འདིས
ཁ་དོག་སྟེང་གི་སྨག་རུམ་འཛིན་ཐུབ
སྐབས་སྐབས་སུ   སྒྲ་དང་དྲི་མ་བཟོ

ཆུ་ནང་གི་མེ་ལྕེ   མིག་གི་ཀློང་ན་འབར
མདོག་དེ  དཀར་པོ་དང་ནག་པོ
             
 0

མགྲིན་པའི་ནང་དུ  མཚེའུ་འཁྱིལ
སྐད་ཅིག་སྐད་ཅིག་ལ  
གཟུགས་དང་སྒྲ་ཡི་ནང་ནས
མངོན་ཙམ   མངོན་ཙམ

འགུལ་ཤེས་པའི   ལྕེ་ཐོག་གི་སྨུག་པ་རུ
མིད་པའི་ནང་གི  མིང་བོར་བའི་ཁ་དོག་ཇེ་གསལ
ལག་ནང་གི  སྐད་ཆ་ངུ་བའི་སྒྲ་ཇེ་མཐོ

ཆང་གི  དྲི་མའི་ནང་གི་མེ་སྟག
ཞི་བའི་སེམས་ལ  འོད་ཀྲིག་ཀྲིག
འོད་ལ་མུན་པ་འདྲེས་ཡོད 
རླུང་གི་རེག་བྱའང

ཚེ་གཅིག་གི་དུས་ཚོད
མ་རིག་པ་དང་རྨོངས་པའི་ཚོགས་ནས་བཟི
རོལ་མོའི་རྒྱུད་སྐུད་དང  ཆང་ཕོར་གྱི་ཁ་ནས 
འཁོར་བ་བཙལ   སྡུག་བསྔལ་བཙལ
 ཐེངས་གཉིས་ལ་རང་སྲོག་བཅད་པ།
                                
གྲོང་ཁྱེར་འདི  མི་ཚོགས་ཀྱི་རྗེས་སུ་ཡོང
ཕྱེད་ཀ་ནི་སྨུག་པ་དང  ཕྱེད་ཀ་ནི་ཆར་བའོ

ཨར་འདམ་གྱི་ངོས་ནས་ཡར་འཕགས་པའི
ལྗོན་པ་དང་སྡོང་བོའི་སྟེང་གི འཆི་བ་མེད་པའི་མེ་ཏོག
འུར་ཟིང་དུ་མའི་ཁྲོད་ཀྱི   ཁེར་ཧྲེང་དེའི་ནང་དུ་ཡོམ

ཞོགས་པ་དང་ས་སྲོད  གཞི་གཅིག་གི་སྟེང་ནས
རྡོ་ཡི་རྩིག་པའི་ནང་དང  སྲང་ལམ་གྱི་སྣེ་རེ་རེ་ནས
མི་ཚོགས་ཀྱི་རྐང་ངོས་ནས་སད

ང་ཡི
བུམ་ནང་གི་གླུ་སྐད་འདིས
ཐེངས་གཉིས་ལ  རང་སྲོག་བཅད
ཐེངས་གསུམ་ལ་ཡང
     
གོར་ཐིག་ནང་གི་གདུང་བ།
                                
ལག་ངོས་ཀྱི་ཁ་བ
གོར་ཐིག་ནང་གི་ཉི་འོད་ཀྱི་ཀློང་དུ་བབས
སྨྲ་བརྗོད་ཀྱི་ཁྲི་སྟེང་གི  རྨོངས་པའི་གློག
གོར་ཐིག་ནང་གི་ནམ་མཁའ་རུ་འཁྱུག

དུས་ཚོད
བྱེ་བ་ཕྲག་བརྒྱའི་ནང་གི
དུས་སྐད་ཅིག་མ་ཁོ་ན
ལྕེ་ཐོག་གི་ཟ་འཕྲུག་ནང་ན་འགུལ
ཡི་གེའི   རླངས་པའི་ཁ་རུ་འཕྱོ
ཀེང་རུས་ཀྱི་རྡོ་བའི་གསེང་ན་འདར

བཞིན་རས་ཀྱི་སྟེང་གི  སྨུག་པ
མིག་ནང་གི་གཙང་བོའི་ངོས་སུ་འཐིབས
སྙིང་ཁ་ནས་བཅུས་པའི་ཆུ
ངག་གི་རྨ་ཁའི་ནང་ན   འོད་ཀྲིག་ཀྲིག

དུས་ཚོད   ཉི་མའི་པང་གི་ཟིལ་བ
མི     དགུན་ཁར་གད་པའི་མེ་ཏོག
             
རྨ་ཁའི་ནང་གི་མེ་ཏོག                          

མཁའ་ལ 
སྨུག་པའི་མཚེའུ་འཁྱིལ
དེའི་ཁ་དོག་གི་རྩུབ་རེག
མིག་གི    མཚོ་ངོས་སུ་ལྷུང

གཙང་བོའི་ངོས་སུ  ཉི་འོད་འབར
ཆུ་ཡི་ཟེགས་མའི་སྟེང་གི་སེམས་པ
རྦ་རླབས་ཀྱི་རེག་བྱའི་ཚེར་མས  
ཡོམ་ཡོམ   ཡོམ་ཡོམ་གནང

མི་ཚེའི་ཕུག་ན་རུམ་པའི
ཚེ་སྲོག་གི་ཆར་དང  ཁ་བ
སྐད་ཅིག་མའི་དུས་ཚོད་ཀྱི་མེ་ལོང་ནང
གདུང་བའི་མཚོ་ཆེན་བསྐྱོམ་དུས
ཡིད་ཀྱི་སྨུག་པས་རེག་ཐུབ

ཁེར་རྐྱང   མིག་ཆུའི་ནང་གི་འཇའ་འོད
གདུང་བ   རྨ་ཁའི་ནང་གི་སྤྲིན་པ

རྩོམ་སྒྲིག་པ། དབང་མོ།

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྒྲོ་ནག་གི་སྙན་ངག་བདམས་བཀོད།

2026-07-01 སྒྲོ་ནག(རྫ་ཆུ་ཁ།) ཀློག་གྲངས། མཆན ཡོད།


ཁོང་གི་དངོས་མིང་ལ་ཚེ་བརྟན་དང་མིང་གཞན་ལ་སྒྲོ་ནག་ཟེར། 2003 ལོར་རྫ་ཆུ་ཁ་རུ་སྐྱེས། 2025་ལོར་མཐོ་འབྲིང་མཐར་ཕྱིན་ཁར་སྙན་དེབ《ལྕེ་ཐོག་གི་མུན་པ》དཔར་བསྐྲུན་བྱས། དངུལ་ལོར་དང་འུར་ཟིང་གི་མདུན་ནས་མི་སེམས་དང་རྩིས་ཐང་འབོར་བཞིན་པའི་དུས་ཚོད་ཀྱི་ནང་ནས། ཨུ་ཚུགས་ངང་ཡི་གེ་བྲིས་ཤིང་རང་གི་བསམ་ས་དེ་རུ་གོམ་པ་རྒྱག་གིན་ཡོད།

སྨག་རུམ་ལག་ཏུ་བླངས་པ།    
                               
ཨར་ཁང་ནང་གི
འདབ་ཆགས་ཀྱི་གཤོག་པའི་སྟེང་གི་ནགས་ཚལ
དཀར་ཡོལ་ནང་གི   གངས་རི་དེས་བསྒུལ

སྒྲ   སྒྲ་ལ་གྲགས
གཟུགས   གཟུགས་ལ་ཤར

བྱ་རོག་གི   མིག་ནང་གི་སྨག་ནག
རང་གི་ཕུང་པོའི་སྟེང་ནས་རྙེད་ཆོག

སྤྱང་ཀིའི་ངུ་སྐད་སྟེང་གི་ལྗོན་པ
ལྕེ་དང་སོ་ཡིས   མགྲིན་པ་རུ་བཙགས

མཚན་ཐུན་གཅིག   མེ་ལ་སྦར
མཚན་ཐུན་གཉིས   མེ་ལ་སྦར
           
ལུས་སྟེང་གི་སེང་གེ།
                     
འོད་སྙིམ་པ་གང  གཟུགས་སྒྲ་དྲི་རོར་སྦྱར
ནག་པོའི་ནང་ནས་དཀར་པོ་ཞིག་བཙལ

དབང་བོ་ལྔའི་ནང་གི  གཅན་གཟན་གྱི་ཚོགས
སྤྱོད་པའི་མེ་ལོང་ནང་གི་སེང་གེ་འདི་ལས་རྙེད

དུས་ཚོད་ཉེར་བཞིའི་རིང་ལ
Bob Dylan གྱི་མིད་པའི་ནང་དང
རང་གི་འཁྱགས་རོམ་གྱི་སྟེང་ནས  དཀའ་ཐུབ་སྤྱད
ཞི་བའི་སེམས་ཤིག་འཁོར   ཁྲོ་བའི་ཉམས་ཤིག་མངོན

ལམ་གང་བོར  ཁ་བ་ས་འོག་ཏུ་བབས
མིག་དང་ཕུང་པོས  གྲང་ངར་དང་སྨུག་པ་བཟུང
དེའི་རྗེས་སུ   ལག་པའི་ངོས་གཉིས་ནས་མུན་རུབ
         
   1941 
                         
ཉི་འོད་ནང་གི་སྨག་རུམ
Bob Dylan གྱི་རོལ་ཆས་དང
གཞས་ཚིག་གི་ནང་ནས
འཁྱག་ལ་འབྱར

ཁ་དོག་སྟེང་གི   སྐྱུར་ཁུའི་རོ
འཁྲུལ་བའི་བློ་ནས  ཤེས་རབ་ལ་འདྲེན

སྒྲ་ཡི་དྲི་མ་ལས  སྤྲིན་པའི་མར་ཁུ་ཞིག་རྙེད
བོར་ཟིན་པའི    ཟིལ་བའི་ནང་གི་ཚ་བ་རྙེད

རང་གི་གྲིབ་མའི་ནང་དུ
གཟུགས་དང་རེག་བྱ་མངོན
བྱ་རོག་དང་སྤྱང་ཀི་ངུ
དབང་བོ་ལྔའི་རྩུབ་རེག
ཕན་ཚུན   གཅིག་གཅིག་ལ་བརྡར
       
འཁྱག་པའི་ནང་གི་ཚ་བ།
                                
མཚན་ལ  གློག་ཞུའི་ནང་གི་མ་ཤོད་པའི་མིག་ཆུ
གྲོང་ཁྱེར་འདི མི་ཚོགས་ཀྱི་ག་ཞའི་ནང་དུ་ཆགས་པ་ལས་ཡག

ལམ་གྱི་སྣེ་མོ་དག  འགུལ་ཙམ་འགུལ་ཙམ
མི་རེ་རེའི་སྨྲ་བ་བཅད་རྗེས་ཀྱི འུར་ཆོམ་གྱི་ནང་དུ་ངུ

འཁྱག་པའི་ནང་དུ་བསྡད་རྗེས  ལུས་ལ་ཚ་བ་རྒྱས
ཚ་བའི་ནང་དུ་བསྡད་རྗེས   ལུས་ལ་གྲང་ངར་འཁོར

ཕར་བལྟས་ན
ཁྱོད་སྨུག་པ་ཞིག་གིས་གྲུབ་བཞག
ངའི་མིག་གིས་མཐོང་བ་དག 
ལྕེ་རྩར་བཏབ་རྗེས་གྲུབ་བཞག
     
 ངུ་ཤེས་པའི་ལག་པ།
                             
 
དམ་བུའི་ནང་གི་བྱ་རྒོད 
རྣ་ཡི་བང་སོའི་ནམ་མཁའ་ནས
རང་གི  གཤོག་པ་གཉིས་ཀྱི་ངོས་ན
འགུལ་ཙམ    འགུལ་ཙམ

མི་དེས་སྨིན་མའི་ནང་དུ  དུར་ས་ཞིག་བཟོས་འདུག
ལག་མགོར་གས་སྲུབས་ཤོར་ན  སྐད་ཅིག་རིང་བགྲོད་ཐུབ

མཚན་གུང་གི་ཉི་འོད
ངུ་ཤེས་པའི  མཛུབ་མོ་ལྔའི་བར་ན་བཞུར
ཁ་རླངས་ནང་གི་རྦ་རླབས་ཀྱི་མཐོ་ས་རུ
རང་གི་ཕྲག་ཐོག་གི  ལྕགས་རིའི་ནང་དུ་མངོན

ཁྲག་རྩའི་ནང་གི་མེ་ལྕེ  རྡོ་ཡི་ཁོག་པར་འཁྱིལ་དུས
ང  དུས་སྐད་ཅིག་མ་ཁོ་ནའི་ནང་དུ་གསོན་ཡོད
     
  ཉིན་གཅིག་གི་མི།
                         
མི་དང་མིའི་བར་གྱི
འཁྱགས་རོམ་དང  དེའི་གླིང་ག་ཡངས་མོ་རུ
རྡོ་ཡི་ཁོག་གི་མེ་རོ་ལ  རྣམ་ཤེས་འཁོར

ཆང་ཕོར་ཞབས་ཀྱི  སེང་གེ
ལུས་སྟེང་གི་དུ་ཞགས་ནང་དུ་འཚོ
ལྕགས་ཀྱི་གསེང་གི་ཉི་འོད་འཛིན

ལྕེ་འདིས
ཁ་དོག་སྟེང་གི་སྨག་རུམ་འཛིན་ཐུབ
སྐབས་སྐབས་སུ   སྒྲ་དང་དྲི་མ་བཟོ

ཆུ་ནང་གི་མེ་ལྕེ   མིག་གི་ཀློང་ན་འབར
མདོག་དེ  དཀར་པོ་དང་ནག་པོ
             
 0

མགྲིན་པའི་ནང་དུ  མཚེའུ་འཁྱིལ
སྐད་ཅིག་སྐད་ཅིག་ལ  
གཟུགས་དང་སྒྲ་ཡི་ནང་ནས
མངོན་ཙམ   མངོན་ཙམ

འགུལ་ཤེས་པའི   ལྕེ་ཐོག་གི་སྨུག་པ་རུ
མིད་པའི་ནང་གི  མིང་བོར་བའི་ཁ་དོག་ཇེ་གསལ
ལག་ནང་གི  སྐད་ཆ་ངུ་བའི་སྒྲ་ཇེ་མཐོ

ཆང་གི  དྲི་མའི་ནང་གི་མེ་སྟག
ཞི་བའི་སེམས་ལ  འོད་ཀྲིག་ཀྲིག
འོད་ལ་མུན་པ་འདྲེས་ཡོད 
རླུང་གི་རེག་བྱའང

ཚེ་གཅིག་གི་དུས་ཚོད
མ་རིག་པ་དང་རྨོངས་པའི་ཚོགས་ནས་བཟི
རོལ་མོའི་རྒྱུད་སྐུད་དང  ཆང་ཕོར་གྱི་ཁ་ནས 
འཁོར་བ་བཙལ   སྡུག་བསྔལ་བཙལ
 ཐེངས་གཉིས་ལ་རང་སྲོག་བཅད་པ།
                                
གྲོང་ཁྱེར་འདི  མི་ཚོགས་ཀྱི་རྗེས་སུ་ཡོང
ཕྱེད་ཀ་ནི་སྨུག་པ་དང  ཕྱེད་ཀ་ནི་ཆར་བའོ

ཨར་འདམ་གྱི་ངོས་ནས་ཡར་འཕགས་པའི
ལྗོན་པ་དང་སྡོང་བོའི་སྟེང་གི འཆི་བ་མེད་པའི་མེ་ཏོག
འུར་ཟིང་དུ་མའི་ཁྲོད་ཀྱི   ཁེར་ཧྲེང་དེའི་ནང་དུ་ཡོམ

ཞོགས་པ་དང་ས་སྲོད  གཞི་གཅིག་གི་སྟེང་ནས
རྡོ་ཡི་རྩིག་པའི་ནང་དང  སྲང་ལམ་གྱི་སྣེ་རེ་རེ་ནས
མི་ཚོགས་ཀྱི་རྐང་ངོས་ནས་སད

ང་ཡི
བུམ་ནང་གི་གླུ་སྐད་འདིས
ཐེངས་གཉིས་ལ  རང་སྲོག་བཅད
ཐེངས་གསུམ་ལ་ཡང
     
གོར་ཐིག་ནང་གི་གདུང་བ།
                                
ལག་ངོས་ཀྱི་ཁ་བ
གོར་ཐིག་ནང་གི་ཉི་འོད་ཀྱི་ཀློང་དུ་བབས
སྨྲ་བརྗོད་ཀྱི་ཁྲི་སྟེང་གི  རྨོངས་པའི་གློག
གོར་ཐིག་ནང་གི་ནམ་མཁའ་རུ་འཁྱུག

དུས་ཚོད
བྱེ་བ་ཕྲག་བརྒྱའི་ནང་གི
དུས་སྐད་ཅིག་མ་ཁོ་ན
ལྕེ་ཐོག་གི་ཟ་འཕྲུག་ནང་ན་འགུལ
ཡི་གེའི   རླངས་པའི་ཁ་རུ་འཕྱོ
ཀེང་རུས་ཀྱི་རྡོ་བའི་གསེང་ན་འདར

བཞིན་རས་ཀྱི་སྟེང་གི  སྨུག་པ
མིག་ནང་གི་གཙང་བོའི་ངོས་སུ་འཐིབས
སྙིང་ཁ་ནས་བཅུས་པའི་ཆུ
ངག་གི་རྨ་ཁའི་ནང་ན   འོད་ཀྲིག་ཀྲིག

དུས་ཚོད   ཉི་མའི་པང་གི་ཟིལ་བ
མི     དགུན་ཁར་གད་པའི་མེ་ཏོག
             
རྨ་ཁའི་ནང་གི་མེ་ཏོག                          

མཁའ་ལ 
སྨུག་པའི་མཚེའུ་འཁྱིལ
དེའི་ཁ་དོག་གི་རྩུབ་རེག
མིག་གི    མཚོ་ངོས་སུ་ལྷུང

གཙང་བོའི་ངོས་སུ  ཉི་འོད་འབར
ཆུ་ཡི་ཟེགས་མའི་སྟེང་གི་སེམས་པ
རྦ་རླབས་ཀྱི་རེག་བྱའི་ཚེར་མས  
ཡོམ་ཡོམ   ཡོམ་ཡོམ་གནང

མི་ཚེའི་ཕུག་ན་རུམ་པའི
ཚེ་སྲོག་གི་ཆར་དང  ཁ་བ
སྐད་ཅིག་མའི་དུས་ཚོད་ཀྱི་མེ་ལོང་ནང
གདུང་བའི་མཚོ་ཆེན་བསྐྱོམ་དུས
ཡིད་ཀྱི་སྨུག་པས་རེག་ཐུབ

ཁེར་རྐྱང   མིག་ཆུའི་ནང་གི་འཇའ་འོད
གདུང་བ   རྨ་ཁའི་ནང་གི་སྤྲིན་པ

རྩོམ་སྒྲིག་པ། དབང་མོ།

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།